“ར་ལོའི”སྣང་བརྙན་དང་འབྲེལ་བའི་གཏམ།

གདུགས་དཀར་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-30

  ལོ་རབས་བརྒྱད་ཅུ་པར་གངས་རིའི་ལྗོངས་སུ་སྒྱུ་རྩལ་གསར་པའི་མྱུ་གུ་འབུས་པ་ནས་བཟུང་།སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག ཟློས་གར་སོགས་རྩོམ་སྟངས་མང་པོ། དངོས་སྲིད་རིང་ལུགས་དང་འཆར་ཡན་རིང་ལུགས་། དེང་རབས་ཕྱི་མའི་རིང་ལུགས་སོགས་མཚོན་ཐབས་སྣ་ཚོགས་ཀྱི་བརྩམས་ཆོས་གང་མང་བྱུང་དང་འབྱུང་བཞིན་འདུག དེ་ལས་ཀྱང་སྒྲུང་གཏམ་ལ་ཐུན་མོང་དུ་དགའ་བསུ་ཐོབ་ལ་འབྲས་བུའང་གཡུར་དུ་ཟ་བ་བླངས། དེ་ནི་ཀློག་པ་པོ་ཞིག་དང་ཡང་ན་བསམ་བློ་གསར་པའི་དྲན་སྐུལ་མཁོ་བའི་མི་རིགས་ཤིག་ལ་མཚོན་ན་ཅི་འདྲའི་དགའ་འོས་པ་ཞིག་རེད། “བརྩེ་དུངས་དྲག་པོ་ནི་མི་ཡིས་རང་ཉིད་ཀྱི་རེ་འདུན་སྙེག་པའི་སྟོབས་ཤུགས་ཡིན”ཞེས་པ་ཇི་བཞིན། ཚེ་རིང་དོན་གྲུབ་ཀྱི་<<སྒྲུང་གཏམ་ཐུང་འབྲིང་ཕྱོགས་བསྒྲིགས>>དང་ཁོའི་སྒྲུང་རིང་<<མེས་པོ>>ལ་བལྟས་རྗེས། ཁོའི་སྐྱེས་གཟུགས་ལང་ཚོ་ཇི་ལྟར་རྫོགས་པ་མ་མཐོང་ཡང་།ནམ་ཡང་མཐོ་སྒང་དུ་གླུ་དང་གར་ལ་རོལ་བའི་ཡུལ་མི་དེར་ཤ་ཞེ་ཟབ་ལ་བརྩེ་སེམས་དྲག་ཅིང་།རྟོགས་སད་ཀྱི་མངལ་དུ་སྐྱོ་གདུང་སྦྲུལ་ཞིང་དྲན་སྐུལ་གྱི་མགྲིན་པ་གཟེངས་སུ་དོད་པའི་གླུ་བ་ཞིག་གི་གླུ་སྒྲ་ཐོས་ལ།ཁོའི་རྒྱང་རིང་དུ་མཆེད་པའི་གླུ་སྒྲ་དེའི་རྐྱེན་བདག་སེམས་སུ་ནམ་ཡང་<<ར་ལོ>>ཞེས་པའི་དོན་སྤྱི་ཞིག་ཡང་དང་བསྐྱར་དུ་འཁོར། “རྒྱབ་དྲོ། ཕོ་རྒྱག སེམས་སྐྱིད”ས་དེ་ནས་ཁོ་བསམ་གཞིག་གི་ལམ་ལ་ཆས་ཤིང་རྟོགས་སད་ཀྱི་སྒྲོན་མེ་སྦར་ཆེད་མུན་པ་ཆེས་མཐུག་སར་འཛུལ། སྤྱི་ཚོགས་ཀྱི་སེམས་ཁམས་ལ་དཔྱད་པ ར་ལོར”གཟུགས་ཆེ་བ་མ་གཏོགས་ཤུགས་མི་ཆེ་བའི་རྐྱེན་གྱིས། ཁོས་མིའི་སྟོབས་ཤུགས་ངོ་མ་ནི་ཅི་ཞིག་ཡིན་པ་ཡོངས་སུ་ཚོར།དེའི་རྐྱེན་གྱིས“འཐབ་རའི་ཆེས་དངངས་ཤིང་སྐྲག་པའི་དུས་ནི་བོའུ་སྐད་མེད་པའི་མཚན་མོ་ཡིན་པ”ཇི་བཞིན་ཁོའང་ཡུལ་འདིའི་ལྷིང་འཇགས་ཀྱི་འཚོ་བར་དངངས་སྐྲག་གིས་ཁེངས།

                                                                       བྱུང་རིམ་མདོར་བསྡུས།

ར་ལོས་རང་གི་ཨ་ཕ་སུ་ཡིན་མི་ཤེས་ལ་རྗེས་སུ་ཨ་ཕ་ཞིག་ཡོང་བ་དེས་ཁོ་ལ་ཀ་ར་གཅིག་ཀྱང་མི་ཉོ་བར་མ་ཟད། ར་ལོས་གཡག་སྣ་མ་ཐུབ་པར་ཨ་ཕ་དེས་འགྲམ་ལྕག་གཅིག་དང་བཅས་མ་བུ་གཉིས་ཀ་བསྐྱུར།དེའི་རྗེས་སུ་ཨ་མ་ཤི་བས་སྡེ་བའི་མི་བསམ་ཤེས་འགས་ཁོ་སློབ་གྲྭ་བསྐྱསློབ་གྲྭ་ནས་ཀ་མད་སུམ་ཅུ་ཡང་མ་ཤེས་པར་ཉི་མ་འཁྱོལ་ཐབས་ཀྱིས་ལོ་མང་པོ་བསྡད་པར།མཐར་ལོ་ཆེ་དྲགས་ནས་སློབ་གྲྭ་ནས་ཕུད།དེ་ནས་གང་སར་འཁྱམས་ཏེ་ཁྱིམ་ཚང་ཞིག་ནས་གཡོག་བྱས་ཤིང་།རིམ་གྱིས་མག་པར་གྱུར་མོད།ཁོའི་སྒྱིད་ལུག་དེའི་རྐྱེན་གྱིས་གཞན་ལ་མི་སྲིད་པའི་བརྙས་བཅོས་ཏེ་ཁོའི་ཆུང་ར་མག་པ་གཞན་ཞིག་བཞག་ནས་ཁོ་བདའ།

དེ་ནས་འཁྱམས་པར་དགོན་པ་ཞིག་ཏུ་སླེབས་ན་རབ་ཏུ་བྱུང་།གྲྭ་ས་ནས་ལས་རྒྱུ་མེད་པར་སུན་ནས་མཚན་མོ་གྲོང་ལ་མྱུལ་ཞིང་།གྲོང་ནས་མོ་རྐྱང་ཞིག་དང་འཕྲད་པས་དེ་དང་ཁྱིམ་བཅས།ཡང་ཁོའི་སྒྱིད་ལུག་དེའི་རྐྱེན་གྱིས་ཆུང་མ་སྐྱེས་པ་གཞན་ཞིག་གི་རྗེས་སུ་བྲོས།ཡང་ཁེར་རྐྱང་དུ་འཁྱམ་བཞིན་པའི་ས་སྲོད་ཅིག་ལ་མོ་རྐྱང་ཞིག་དང་འཕྲད།མི་རྣམས་ཀྱིས་དེ་ནི་ར་ལོའི་ཨ་མའི་རྣམ་ཤེས་རེད་ཟེར།གང་ལྟར་ར་ལོ་བུ་མོ་དང་འགྲོགས་པ་ནས་ཁོའི་སྒྱིད་ལུག་གི་གཤིས་ངན་ཡོང་སུ་དོར་ལ་ཆང་ཡང་བཅད་དེ།ཁོ་གཉིས་ཀྱིས་དགོད་སྒྲས་ཁེངས་པའི་འཚོ་བ་གསར་པ་ཞིག་གི་མགོ་བརྩམས།འོན་ཀྱང་བུ་མོ་དེས་གཉེན་སྒྲིག་གི་ཉེས་པ་བསགས་པས་ཁྲིམས་ཁང་དུ་ཟླ་དྲུག་ལ་འཇུག་དགོས་བྱུང་།བུ་མོ་དེ་འགྲོ་ཁར“ར་ལོ་སེམས་མ་ཕམ། ཟླ་དྲུག་འགོར་རྒྱུ་སླ་མོ་རེད། ང་ནམ་ཡང་ཁྱེད་ཀྱི་ཡིན”ར་ལོས་ཀྱང“ཁྱོད་ཀྱི་སེམས་བདེ་མོ་བྱོས། ངས་ཁྱེད་ལ་བསྒུགས་ནས་འདུག”ཟེར།

                                                                        1.གནས་བབ་ཀྱི་ཐད།

               འཛམ་གླིང་གི་ཡུལ་རྩོད་ཀྱི་འཐབ་འཁྲུག་འཇགས་རྗེས་དཔལ་འབྱོར་གྱི་འཐབ་འཁྲུག་ལངས་ཤིང་།དཔལ་འབྱོར་གྱི་འཐབ་འཁྲུག་མ་འཇགས་གོང་ལ་འདུ་ཤེས་ཀྱི་འཐབ་འཁྲུག་ཀྱང་ལངས་བཞིན་པའི་དུས་སྐབས་འདིར། ཁོས་(རྩོམ་པ་པོ) “འཐབ་འཁྲུག་ནི་ཁྱོད་ཤི་ང་གསོན་གྱི་ལས་ཤིགདང” “ཉམ་ཆུང་ནི་འཇིག་རྟེན་ན་འདུག་ས་ཡེ་ནས་མེད་པ”གསལ་བོར་མཐོང་བས། ཁོ་མི་མཐའ་བྲལ་བའི་རྩྭ་ཐང་གི་དཀྱིལ་དང་སོས་དལ་བག་ཕེབས་ཀྱི་འཚོ་བ་དེའི་ཁྲོད་དུ་ལངས་ནས། རྟ་གོང་ན་འགྱིང་བའི་སྟག་ཤར་དང་བཞོ་དབྱངས་ཁྲོད་འཛུམ་པའི་གཞོན་ནུ་མ།གྱོ་ཁ་ན་རྒོད་པའི་རྒན་པོ་དང་རྩེད་ར་ན་སྤྲོ་བའི་བྱིས་པ།ད་རུང་གྲོང་གསེབ་དང་གྲོང་རྡལ།དགོན་སྡེ་དང་སློབ་གྲྭ་གང་ས་གང་དུ་གཞིགས་ཀྱང་།དྭ་ཕྲུག་སྣབས་ཁ་ཞིག་དང་དེའི་འཇིག་རྟེན་ཆུང་ཆུང་ལས་ཅི་ཡང་མ་མཐོང་།དེ་ན་རྩོམ་རིག་ནི་དུས་རབས་ཤིག་གི་མེ་ལོང་ཡིན་ནམ།ཀོ་ཀུ་ལེའི<<རྣམ་ཤེས་ཤི་བོ>>ནི་དུས་རབས་བཅུ་དགུ་པའི་ཧྲ་ཧྭོང་ཨུ་གོའི་བཟོ་པ་གྲལ་རིམ་དང་ལུའུ་ཞུན་གྱི<<ཨQཡི་བྱུང་བ>>ནི་དུས་རབས་ཉི་ཤུ་པའི་དུས་མགོའི་ཀྲུང་གོའི་ཞིང་བྲན་མི་དམངས་ཡིན་ན། <<ར་ལོ>>ནི་དུས་རབས་ཉི་ཤུ་བའི་མཇུག་གི་གངས་རིའི་ལྗོངས་ཀྱི་ཅི་ཞིག་ཡིན་སྲིད་དམ།

སྤྱིར་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་བྱེད་པ་ཞིག་ཡིན།དེ་ནི་རྩོམ་པ་པོ་འཚོ་བའི་ཟུར་གང་ཞིག་ནས་ལངས་ཏེ་འཚོ་བའི་སྣང་ཚུལ་སོ་སོ་རང་ཉིད་ཀྱི་རྟོགས་པའི་ཞིབ་ལས་བརྒྱུད་དེ་སྔར་བས་གསོན་ཉམས་དོད་པའི་སྒོས་ཚུར་སྟོན་པ་ཞིག་ཡིན།དེ་ན་ཁོ་ཟུར་གང་ནས་ལངས་ཏེ་འཚོ་བའི་སྣང་ཚུལ་ཅི་འདྲ་ཞིག་སྟོན་གྱི་ཡོད།ཕ་མེད་པའི་སྟེང་ལ་མ་ཡང་ཤི་བས།འཚོ་བ་རང་མགོ་མི་ཐུབ་པ་མ་ཟད་སྣ་མདོའི་སྣབས་ཀྱང་བདག་མི་ཐུབ་པའི་ར་ལོ།སྐྱབས་བཅོལ་ས་དང་ཡིད་རྟེན་ས་མེད་པའི་འཇིག་རྟེན་དུ་ཁེར་རྐྱང་དུ་ལུས་ཤིང་།འཛུལ་སའི་ཁུང་དང་འདུག་སའི་གནས་མེད་པའི་ལོ་ཟླ་དེའི་མགོ་བརྩམས་པ་ནས་ཟས་ཁམ་གང་དང་གོས་མཐོ་གང་གི་ཆེད་དུ་འདུར་བཞིན་པའི་མི་ཧྲེང་ཞིག་ང་ཚོའི་(ཀློག་པ་པོ)གྲོགས་སུ་སྤྲད། སྐབས་འགར་སྙིང་རྗེ་སྐྱེས་སྐབས་འགར་ཁོང་ཁྲོ་ཡང་ལངས་སུ་འཇུག་པའི་ར་ལོ། ང་ཚོས་ཁོ་འཚོ་བའི་སྣང་ཚུལ་གང་གི་ཚབ་དང་ཟུར་གང་ཞིག་ནས་ལངས་སུ་འཇུག ལུའུ་ཞུན་གྱིས“སྒྲུང་གཏམ་གྱི་མི་སྣའི་གཤིས་ཀར་མཐོང་ཆེན་བྱ་དགོས་པ་མ་ཟད།མི་སྣ་དེ་འཚོ་བའི་ཁྲོད་ཀྱི་མངོན་ཚུལ་དང་འཚོ་བའི་འགྱུར་ལྡོག་གིས་མི་སྣ་དེར་ཐེབས་པའི་ཤུགས་རྐྱེན་ལ་དེ་བས་མཐོང་ཆེན་བྱ་དགོས”ཟེར་བ་བཞིན། སྒྲུང་གཏམ་འདིའི་ཁྲོད“ར་ལོ”ལ་བཞེངས་པའི་འཇིག་རྟེན་ཆུང་ཆུང་དང་ཁོའི་ཐོབ་ཤོར། སྐྱིད་སྡུག་བསམ་སྦྱོར་བཅས་སུ་དེ་ལྟའི་ཁྱད་ཆོས་གསལ་བོ་ཞིག་མངོན་པ་ཚོར་ཐུབ།རྩོམ་པ་པོ་དུས་རབས་གཉིས་ཀྱི་མཚམས་སུ་ལངས་ཏེ་ཕྱི་བལྟས་དང་རྒྱང་ལྟ་ཟུང་དུ་སྦྲེལ་བཞིན་བསམ་གཞིགས་བགྱིས་མཐར།ཁོས་ང་ཚོར་ཅི་ཞིག་མེད་དང་ཅི་ཞིག་མཁོ་བ་ཡོངས་སུ་མཐོང་ནས།ནམ་ཡང་འདས་པའི་གཟི་བརྗིད་སེམས་སུ་དྲངས་ནས་འཚོ་བ་ངན་ངོན་ལ་ཚིམ་ཞིང་མ་འོངས་པར་མགོ་བོ་རྨོངས་ལ་རེ་བས་སྟོང་བའི་དུས་རབས་གཅིག་གི་ཡུལ་མི་དེ་དག་མེ་ལོང་གི་མདུན་སར་བསྐྱལ་ནས་རང་ཉིད་ཀྱི་ངོ་གདོང་འཚོལ་བར་བཅུག

                                          2.སྣང་བརྙན་གྱི་སྐོར། 
                  སྒྲུང་གཏམ་འདིས་གཏམ་རྒྱུད་ཀྱི་བྱུང་རིམ་ཟུར་དུ་བཞག་སྟེ་མི་སྣ་གཅིག་གཙིགས་སུ་བཟུང་ལ་།དེ་མཚོན་སྟོབས་ཡོད་པའི་དོན་རྐྱེན་འགའ་དང་སྦྱར་ནས་མི་སྣའི་གཤིས་ཀ་དང་བསམ་བློ།ཤེས་རྒྱ་བཅས་རྒྱུན་ལྡན་གྱི་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་ལས་མངོན་པར་བྱས།སྤྱིར་མི་ནི་གཟུགས་དང་ཤེས་པ་དབྱེར་མེད་དུ་འདྲེས་པའི་ཕུང་སུམ་པ་ཞིག་དང་།དེ་ནི་རྣམ་ཤེས་ལུས་ལ་བརྟེན་ཅིང་ལུས་ནི་རྣམ་ཤེས་ཀྱིས་སྐྱོང་བས་ཡིན།རྩོམ་པ་པོས་ཀྱང་མི་ཞིག་ཇི་ལྟར་འཚོ་བའི་རྩ་བ་ནི“རྣམ་ཤེས”ཡིན་པ་གཞི་བྱས་ཏེ། “ར་ལོར”འཚོ་བའི་ཁྲོད་ནས་ཐུན་མིན་གྱི་རྣམ་ཤེས་ཡོད་པ་མངོན་དུ་བཅུག་པ། ཁེར་རྐྱང་། ཉམ་ང་བ། མུན་འཐོམ་མོ།

                                            (1) ཁེར་རྐྱང་གི་རྣམ་ཤེས།

                 གལ་སྲིད་མི་ཞིག་ཁེར་རྐྱང་དུ་(རྣམ་ཤེས)འགྱུར་དུས་མི་དེའི་རིན་ཐང་དང་གོ་གནས་གང་ནས་ཀྱང་། ཡང་ན་རང་གིས་གཞན་བསྒྱུར་བ་ཡིན། དེ་མིན་ན་གཞན་གྱིས་རང་བསྒྱུར་བ་ཡིན། རྩོམ་པ་པོས་མི་སྣའི“རྣམ་ཤེས”ཁེར་རྐྱང་དུ་འཇུག་ཆེད། ཐོག་མ་ནས་སྤྱི་ཚོགས་དང་འབྲེལ་བ་གཅོད་པའི་ལས་བརྩམས། སྤྱིར“ར་ལོ”ལ་ཕ་ཞིག་ཡོད་སྲིད་ལ་ཡོད་ཀྱང་དགོས་མོད། “ཁྱོད་ཀྱི་ཨ་ཕ་སུ་ཡིན” “ཨ་མ། ངའི་ཨ་ཕ་སུ་རེད”ཅེས“ཕ”ཞེས་ངག་ཐེངས་དང་པོར་བརྡོལ་བར་ཨ་མས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་པ་དང་། རྗེས་སུ“ཕའི”ཐ་སྙད་སྦྱོར་ཡུལ་ཞིག་ཡོད་པ་དེས་ཀྱང“ཁྱོད་ལ་ཕ་ཞིག་གང་ན་ཡོད”ཅེས་ཡང་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་པས། “ཕ”དེ་གསང་བ་ལྐོག་གྱུར་གྱི་བར་སྣང་དུ་འཐིམས། “ར་ལོ”ཕ་ཞིག་ཡོད་པའི་སྐྱིད་ཕར་ཞོག ཐ་ནཕ”ཞིག་ཡོད་ན་སྙམ་པའི་འདུན་མ་དེའང་མེད་པར། “ར་ལོའི”སེམས་ཀྱི་འཇིག་རྟེན་ཨ་མས་ཡོངས་སུ་བཟུང་། “ར་ལོ”ལ་ཨ་མ་མ་གཏོགས་གཉེན་ཉེ་གཅིག་ཀྱང་མེད་མོད་འཆི་བདག་གིས་དེལ་སྙིང་རྗེ་གང་ནས་སྒོམ། དེ་ལྟར“ར་ལོའི”སེམས་ཀྱི་གཤིན་སར་ཨ་ཕའི་མྱུ་གུ་འབུས་སུ་མ་བཅུག་པ་མ་ཟད། ཁོའི་དགྲ་ཉེན་འཇིགས་སྐྱོབ་དང་མཁོ་ལོངས་སྤྱོད་སྦྱིན་མཁན་གྱི་མ་ལོའང་ཕྱི་མར་བརྫངས་ཏེ། “ར་ལོའི”བྱིས་དུས་ཀྱི་བདེ་སྐྱིད་དང་འཆར་སྒོ་ཡོངས་སུ་བཅོམ་ནས་ཚེ་གང་བོའི་མདུན་ལམ་ལ་སྐྱ་ཐིག་བཏབ་ཅིང“རྣམ་ཤེས་ཁེར་རྐྱང་”དུ་ལུས་པར་རྨང་རྡོ་བཏིངས།

“ར་ལོས”ཁོའི་རུས་པ་དཀར་པོའི་བདག་པོ་མི་ཤེས་པ་མ་ཟད་ཀ་ར་གཅིག་ཀྱང་མི་ཉོ་བའི་ཕ་གཡར་དེས་ཀྱང་བསྐྱུར་རྗེས། ཕ”དེ་ཁོའི་མི་ཚེའི་ཐོག་མ་ནས་གསང་བར་གྱུར་ལ། དེ་བཞིན“ཕ”ལ་ཡང་ངེས་ཆ་བྲལ་བས། ཁོའི་གཤིས་རྒྱུད་ཀྱི་ཁྲོད་དུ“སྟག་ཤར་གྱི་སྙིང་སྟོབས”སམ་རྣམ་ཤེས་ཀྱི་སྲོག་ཤིང་དེ་ཆགས་མ་ཐུབ། ཐ་ན “ཨ་Q”ལྟ་བུའི་སེམས་ཀྱི་རྒྱལ་ཁ་དེའང་མེད་པར་ཕམ་ཁ་ཡོད་ཚད་རང་ཉིད་ཀྱིས་བསུས། ཡང་ཚིག་སྙན་པོ་དང་ལག་འཇམ་པོས་སྐྱོང་བའི་སྐྱབས་གཅིག་པུ“མ་ལོ”ཡང་ཁོ་དང་གཏན་དུ་གྱེས་པས། ཁོས་འཚོ་བའི་སྙིང་བོ་དེ་བདེ་སྐྱིད་འཚོལ་བའི་དམིགས་ཡུལ་ལ་ངེས་པ་མེད་ཅིང་།རང་ལ་འཚམས་པའི་འཚོ་སྟངས་དང་གནས་ཡུལ་ངོ་མ་ཞིག་རྙེད་མ་ཐུབ། ཁོ་རངཕ་མ”གཉིས་ཀྱིས་བསྐྱུར་བ་འཇིག་རྟེན་འདིའི་མི་ཡོངས་ཀྱིས་བསྐྱུར་བ་དང་འདྲ་བར། སློབ་གྲྭ ཁྱིམ་ཚང་། དགོན་པ་སོགས་འཚོ་བ་གསར་པའི་གོ་སྐབས་རེ་རེའི་ཁྲོད་ནས་མགོ་བོ་སྨད་བཞིན་ཕྱིར་ཐོན་ལ་ཁེར་རྐྱང་དུ་ལུས་པས། འཇིག་རྟེན་འདིར་ཁོས་ལྕོགས་པའི་ལས་ཤིག་དང་ཁོ་མཁོ་བའི་མི་ཞིག་མེད་པར་འཚོ་བས་ཁོ་ལ་སྒོ་མོ་ཡོངས་སུ་བརྒྱབ།

                                    (2) ཉམ་ངའི་རྣམ་ཤེས།

“འཇིག་རྟེན་གྱི་ཆེས་ཆེ་བའི་སྟོབས་ཤུགས་ནི་སྙིང་སྟོབས་ཡིན”རྩོམ་པ་པོས་རྣོ་ལྕགས་ལྟ་བུའི་སྲ་འཁྲེགས་ཀྱི་སྙིང་སྟོབས་ཤིག་མཁོ་བ་རྟོགས་ལ།ཉམས་རྒུད་ཀྱི་འབྱུང་རྩ་ནི་སྙིང་སྟོབས་ཉམས་པ་ཡང་ཤེས། དེའི་རྐྱེན་གྱིས་གནས་ལུགས་དེ་གསལ་རྗེན་དུ་སྟོན་ཆེད། རྩོམ་པ་པོས་“ར་ལོ”ལ་གཟུགས་ཆེ་བ་མ་རྟོགས་ཤུགས་མི་ཆེ་བ་ཤེས་སུ་བཅུག “ཉམ་ང་བའི་རྣམ་ཤེས”དེའི་རྐྱེན་གྱིས་ཕམ་ཁ་ཁོ་ན་ལས་རྒྱལ་ཁ་ཞིག་ཕར་ཞོག ཐ་ན་ངོ་རྒོལ་གྱི་མིག་ལོག་གཅིག་ཀྱང་མེད་པར་མཆི་མ་དང་ཕམ་ཁའི་ཁྲོད་ཉམ་ཆུང་ནུས་མེད་ཀྱི་ངང་ཚུལ་བསྟན།ཁོ་ལས་ལོ་བདུན་གྱི་ཆུང་བའི་སློབ་མ་ཞིག་གིས་ཁོ་རང་ཁ་སྦུབས་སུ་མནན་ནས་ཞོན་སྐབས་སུ་ཁོས་དགེ་རྒན་ལ་གཏུགས་པ་དང་ཁོའི་གཡག་རིན་གྱི་རལ་བ་བལ་རྗེས་རྣ་གཅོད་པར་སྐྲག་ནས་མྱུར་དུ་བྲོས་པ།ཆུང་མ་གཞན་གྱིས་ཕྲོགས་རྗེས་སྣབས་འདྲུད་བཞིན་ཁྲིམས་ཁང་ལ་སོང་བ་སོགས་ལས།ཁོ་རང་འཚོ་བའི་ཁྲོད་ན་ཐབས་ཟད་འུ་ཐུག་གིས་འཚོ་བཞིན་པ་ཤེས་ལ་ཉམ་ང་བའི་རྣམ་ཤེས་དེའང་མཐོང་ཐུབ།

“ར་ལོས”ཚིག་གཅིག་མི་བཤད་ལ་གོམ་གང་མ་སྤོས་ཀྱང་ཁོ་ནི་འཁོས་ཆུང་ནུས་མེད་ཅིག་ཡིན་པ་རྟོགས་ཐུབ། དེ་ནི“ལྷ་སྐུའི་ཕྱག་མཚན”གྱིས་ལྷ་དེ་ནི་ཞི་རྒྱས་དབང་དྲག་གི་ལྷ་ཅི་ཞིག་ཡིན་པ་མཚོན་པ་བཞིན། རྩོམ་པ་པོས་ཁོའི་ཤ་གསེང་རུས་གསེང་ན་འཐིམས་པའི་རྣམ་ཤེས་དེ་ཕྱིར་གསལ་བོར་མངོན་ཆེད། “སྣབས་རིང་ཞིང་སྦོམ་པ”ཞིག་ཁོའི་སྣ་མགོར་འབྱར་བ“ཇམ་དབྱངས་ཕྱག་གི་རལ་གྲིདང་མཚུངས་པར་བྱས། སྤྱིར་བཏང་མི་ཞིག་གོག་ནུར་ནས་ལང་ཚོ་རྒྱས་ཤིང་དེ་ནས་རྒས་འཆིའི་བར་གྱི་བརྒྱུད་རིམ་ལ་མི་གདག་པའི་རྟགས་མཚན་གསལ་བོ་རེ་ཡོད། འོན་ཀྱངར་ལོ”ནར་ཇི་ལྟར་སོན་བ་སྣབས་ཀྱང་དེ་ལྟར་སྦོམ་པས“ཨོ་ཡ། མི་ཞིག་ཡོད་ན་ཁྱི་ཡི་གོང་མ”དང“ར་ལོ། ཁྱོད་ཀྱིས་ཨ་མ་པང་ལ་བཟུང་ནས་འགྲོ་ཡིན་ནམ”ཞེས་པ་ཁོའི་སྣབས་དེ་དང་དམ་པོར་འབྲེལ།

མི་སྣའི་སྣང་བརྙན་ནི་གཙོ་བོ་མིའི་ཕྱིའི་སྐྱེས་གཟུགས་དང་ནང་སེམས་ཀྱི་འཕྲོ་འདུ་ཞིབ་བྲིས་བརྒྱུད་དེ་འབྲི་བཞེངས་བྱས་པ་ཞིག་ཡིན། རྩོམ་པ་པོས་ར་ལོའི་སྣང་བརྙན་ལ་གསོན་ཉམས་རྒྱས་སུ་འཇུག་ཆེད། ཕམ་ཁ་རེ་རེའི་ཁྲོད་དུ་ཁོའི་སྣབས་ཀྱང་མངོན་གསལ་དོད་ནས་ཕྱི་ནང་ཚད་མཐོན་པོས་ཟུང་དུ་སྦྲེལ་བ་སྟེར་ངན་སྣབས་ལུགས་འདིས་གཡག་སྣ་ཞིག་ཀྱང་འཛིན་མི་ཐུབ”ཟེར་བཞིན་ར་ལོར་འགྲམ་ལྕག་ཚོ་བོ་གཉིས་གཞུས་ནས་སྣབས་དེ་མ་ནེའི་མགོ་ནས་བྲང་ཁའི་བར་འདྲུད་དུ་བཅུག“ཨ། དགེ་རྒན་ཟེར་བཞིན་ངུས་ནས་མིག་ཆུ་སྣབས་དང་འདྲེས་ཤིང་སྣབས་སྟེང་ལ་ས་རྡུལ་འབྱར་ཏེ”ཞེས་ཆོ་བཙོག་ནུས་མེད་ཀྱི་སྣང་བརྙན་གསལ་བོར་བཞེངས།

                                (3)མུན་འཐོམས་ཀྱི་རྣམ་ཤེས།

  ཆེས་གསལ་བའི་འོད་ཟེར་ནི་སེམས་ཀྱི་འོད་ཟེར་དང་ཆེས་གནག་པའི་མུན་པའང་སེམས་ཀྱི་མུན་པ་ཡིན། “ར་ལོར”ངོ་ཚ་དང་སྐྱོ་གདུང་།འཁང་ར་ཅི་ཡང་མེད་པར་ཕམ་ཁ་ཁུར་དོན་ཁོའི་སེམས་སུ་མཚན་མོ་ལས་སྟུག་པའི་མུན་པ་ཞིག་འཁྱིལ་བས་ཡིན།མུན་པ་དེ་སྟུག་དྲགས་པས་གཞན་དང་རང་ཉིད་སུ་ཡང་མ་མཐོང་བས།འདུག་སའི་གནས་ཤིག་དང་འགྲོ་སའི་ལམ་ཞིག་མ་རྙེད་པར།རྒྱབ་གྲང་དུས་དང་ཕོ་ལྟོགས་དུས་ད་གཟོད་ཡིད་ལ་དྲན་རྒྱུ་དང་སེམས་ལ་འཆར་རྒྱུ་ཞིག་བྱུང་ནས་འཚོལ་སྙེག་གི་གོམ་པ་སྤོ་བ་དེ་ནི“ཁྱི་ལྡོམ”ཞིག་དང་ཡོངས་སུ་མཚུངས། “ར་ལོ་སྡེ་བ་མང་པོ་ཞིག་བརྒྱུད་པ་དང་ཁྱིམ་ཚང་མང་པོ་ཞིག་ནས་བསྡད།ཁྱིམ་ཚང་ལ་ལས་ཁོ་ལསོང་ཟེར་ནས་དེད་པ་དང་ལ་ལ་ནས་ཁོ་རང་འགུལ་གྱིས་བུད་འགྲོ”ཁོས་དེ་ལྟར་དམིགས་པ་དང་རེ་བ་ཅི་ཡང་མེད་པར་འཚོ་བ་བསྐྱལ་བས།ཁོའི་འཚོ་བའི་འདོད་ཡོད་ཚད་སེམས་ཅན་ཕལ་བའི་འདོད་པ་ལས་མ་འདས།

“ར་ལོའི”མུན་འཐོམ་གྱི་རྣམ་ཤེས་ཀྱི་ངོས་གཅིག་ནི་ཁོའི་སྒྱིད་ལུག་གི་རང་གཤིས་དེ་ཡིན། རྩོམ་པ་པོསར་ལོའི”སྒྱིད་ལུག་གི་རང་གཤིས་གསལ་བོར་མངོན་ཆེད། འཚོ་བའི་གོ་སྐབས་གསར་པ་རེ་རེའི་ཁྲོད་དུ་ཁོའི་ནུས་པས་ལྕོགས་པ་ལ་རེ་བ་ཡང་ཆེ་བའི་ལས་གང་ལེགས་ཤིག་བསྩལ་རྗེས།སླར་ཡང་ཁོའི་སྒྱིད་ལུག་གི་མྱུ་གུ་འབུས་སུ་བཅུག་ནས་བྱ་བ་ཡོད་ཚད་ཀྱི་ལམ་སྣ་མར་ལ་དྲངས། ར་ལོ”སློབ་སྦྱོང་ལ་ཤིན་ཏུ་བཟང་སྟེ།སློབ་གྲོགས་སུས་ཀྱང་ཀ་མད་སུམ་ཅུ་བློར་མ་ཟིན་གོང་ལ་ར་ལོས་ཐོག་མར་བློར་ཟིན་པས་དགེ་རྒན་གྱིས་ཚང་མས“ར་ལོར”སློབ་སྦྱོང་བྱོས་ཟེར། འོན་ཀྱང་རྗེས་སུ་ཚང་མས“ར་ལོའི”སློབ་སྦྱོང་བྱེད་མི་རུང་གསུངས། དེ་བཞིན་དགོན་པ་དང་རང་ཁྱིམ།མག་ཡུལ་བཅས་གང་ནས་ཀྱང་ཐོག་མར་ཧུར་བརྩོན་བྱས་ལ་རིམ་བཞིན་སྒྱིད་ལུག་གི་ནད་རྙིང་སླར་ཡང་འཕར་བས་ཡོད་ཚད་རེ་རེ་བཞིན་ཤོར།སྒྱིད་ལུག་དེའི་རྐྱེན་གྱིས ར་ལོ”ནི་ཆུ་ཁར་གཡེང་བའི་རྩྭ་སྐྱ་བཞིན་འཚོ་བའི་འཇིངས་ཟབ་སར་ཞུགས་མ་ཐུབ།

“ར་ལོས”ཡི་གེ་མ་ཤེས་ལ་ཆོས་ཀྱང་མི་ཤེས། ཐ་ན་རང་ཉིད་ལ་ཁྱིམ་མེད་པ་དང་ལྡོམ་པོ་ཞིག་ཡིན་པའང་དོན་དངོས་སུ་མི་ཤེས། དེ་ནི“ར་ལོ”རྒྱབ་གྲང་དུས་དང་ཕོ་ལྟོགས་དུས་ཁྱིམ་ཚང་སུ་ལ་སོང་ཡང་། དང་ཐོག་རང་འགུལ་གྱིས་ལས་ཀ་ལས་པ་དང་ཟོག་འཚོ་རུ་འགྲོ་བ་ཡིན། ཅུང་མ་འགོར་བར་ཁོས་རང་ཉིད་ཀྱི་རྩ་བ་ཡོངས་སུ་བརྗེད་ནས་སྐད་ཆ་བཤད་སྐབས་སུའང“ཨ---­­­ འོ” “དེ་འདྲ་ཡིན་ནམ།” “ཡ་མཚན” “གོ་མ་མྱོང་ཡ” “གནའ་མི་བོད་ཀྱི་གཏམ་དཔེ་ལ”ཞེས་མི་གསར་པ་ཞིག་གི་ཚུལ་གྱིས་ལངས་པ་དང་།ཁོར་སྔར་མེད་ཀྱི་སྙིང་སྟོབས་ཆེན་པོ་ཞིག་དང་རིག་པ་གསར་པ་ཅི་ཡང་རྒྱས་པ་མིན་པར། རང་གཞན་སུ་ཡང་མ་རྟོགས་པའི་མུན་པའི་ཁྲོད་ནས་རང་ཉིད་བོར་བ་ཡིན། “གཞན་ན་མི་དཔེ་བའི་བརྙས་བཅོས”དེའི་རྗེས་སུ་ཐད་ཀར་ཐོག་མའི་ཉམ་ཆུང་ནུས་མེད་ཀྱི་རང་གཤིས་དེ་ཕྱིར་འབུད། “ར་ལོ”འཚོ་བ་གསར་པ་གང་ཞིག་དང་འཕྲད་ཀྱང་གོ་སྐབས་རེ་རེར་བརྩི་མཐོང་དང་བརྩོན་པ་མི་བྱེད་པར་ཤོར་ཏུ་བཅུག་པ་མ་ཟད། ཁོས་ནམ་ཡང་། “རང་ཉིད་ཁ་སང་གང་ནས་ཡོང་བ་དང་སང་ཉིན་གང་ལ་འགྲོ་བར”བསམ་གཞིག་བྱས་མ་མྱོང་བས།སློབ་ཆུང་ནས་སློབ་མཐར་ཕྱིན་མ་ཐུབ་ལ་མག་པར་བསྡད་ནས་ཨ་ཕ་ཡང་བྱེད་མ་ཐུབ།དགོན་པའི་ཚོགས་སྐལ་ཤོར་ལ་ཁྱིམ་གྱི་ཆུང་མའང་འཕྲོགས། ཐ་ན་ཁོ་གླ་བ་ངོ་མ་ཞིག་ཀྱང་བྱེད་མ་ཐུབ། ཅི་ཡང་བསྒྲུབས་ལ་ཅི་ཡང་མ་འགྲུབ་པ་ནི་ཁོའི་ཁེར་རྐྱང་། ཉམ་ང་། མུན་འཐོམ་གྱི་རྣམ་ཤེས་དེལས་གཞན་ཅི།

                                                  3.མྱོང་ཚོར།

        རྩོམ་པ་པོས་མི་རིགས་འདིའི་སྙིང་རྩ་ལ་མྱོང་དུས། “ནག་དྲེག་ཆགས་པའི”ལོ་རྒྱུས་ཀྱི་ངོ་གདོང་ལས” “དྲག་ཏུ་མཆོང་བའི་དུས་རབས་ཀྱི་སྙིང་གསོན་པོ་ཞིག”ཞིག་མ་ཚོར། མི་རིགས་འདི་དཔལ་འབྱོར་གྱི་སྟེང་ནས་ལྟོ་སྐྱ་གོས་ཧྲུལ་ནས་རྒྱབ་དྲོ་ཕོ་རྒྱག་དང་།རིག་གནས་ཀྱི་སྟེང་ནས་ཉམས་རྒུད་རྩ་མེད་ནས་ཡར་དར་གྱི་བསྐལ་བ་ཞིག་ཐོབ་པ་སྟེ།ལོ་རྒྱུས་ཀྱི་ཆར་རླུང་གིས་ཡུན་རིང་གཙེས་པར་དུས་རབས་ཀྱི་ཉི་ཟེར་ཞིག་འཕྲོས་པས། ངལ་དུབ་ཀྱི་རྣམ་ཤེས་ཀྱིས་མདུན་སྐྱོད་ཀྱི་གོམ་ཁ་ཇེ་དལ་དུ་བཏང་ལ“བོའུ་སྐད”མེད་པའི་འཐབ་འཁྲུག་གི(དཔལ་འབྱོར་དང་རིག་གནས། འདུ་ཤེས)ན་ཟུག་མ་ཚོར་བར་ལྷགས་པས། རྩོམ་པ་པོས་འབོད་སྐུལ་མིན་པའི་འབོད་སྐུལ་ཞིག་བཏང་བ་ཡིན།

“ར་ལོ”སློབ་གྲྭ་ནས་ཁ་རྒྱབ་ཁོ་ནའི་ཆེད་དུ་བརྙས་བཅོས་ཀྱི་ཁྲོད་མགོ་བོ་བསྒུར་ནས་སློབ་གྲྭས་བདའ་རག་བར་བསྡད་པ་དང་རྗེས་སུ་ཁྱིམ་ཚང་ནས་མག་པར་གྱུར་ལ་ཕོ་བ་རྒྱགས་རྗེས་སུ་སྣང་བ་ཇེ་འཐོར་སོང་ནས་བདའ་བ།ཡང་རྗེས་སུ་དགོན་པ་ནས་ཁ་རྒྱབ་ལ་འདང་རྒྱག་མེད་མོད།གྲྭ་པ་གཞན་གྱི་ཚུལ་མིན་གྱི་སྤྱོད་ལམ་མཐོང་བས་རབ་ཏུ་བྱུང་བར་རྒྱུ་མཚན་མི་འདུག་བསམ་ནས་གྲྭ་ལོག་བྱས་པ་སོགས་སྒྲུང་གཏམ་ཧྲིལ་བོའི་བྱ་བ་རེ་རེའི་ཁྲོད་དུ་ཕམ་ཁ་ཁུར་མོད། “ར་ལོར”ཚད་མི་འདྲ་བའི་ཤེས་རྟོག་ཀྱི་མྱུ་གུ་ཐར་ཐོར་རེ་རྒྱས་བཞིན་འདུག་ལ། ཆེས་མཇུག་མཐར་སྟེས་དབང་ཞིག་གིས་ཁོའི་གཤིས་ངན་དོར་ཅིང་འཚོ་བར་རེ་བས་ཁེངས་སུ་བཅུག་པས། “ར་ལོའི”ཁེར་རྐྱང་དང་། ཉམ་ང། མུན་འཐོམ་གྱི་རྣམ་ཤེས་དེ་སྐྱོབ་ཐབས་བྲལ་བ་ཞིག་མིན་པ་བསྟན། “སློབ་མའི་དུས”དང“མག་པར་འདུག་དུས” “གྲྭ་པ་བྱས་དུས” “མཇུག་མཐའི་ཁྱིམ་གཞི་རྙིད་དུས”བཅས་སོ་སོའི་ཁྲོད་དུ་ར་ལོར་ཡང་ཐ་དད་པའི་འཚོ་སྟངས་རེ་ཡོད་པས“ཁོ་མི་གཅིག་མིན་པར་བྱེ་བྲག་པའི་མི་སོ་སོ་བ”ཡིན་ཀྱང་སྲིད་ལ། ཡང་ཁོས་ཁེར་རྐྱང་དང་ཉམ་ཆུང་། རྨོངས་རྟུལ་གྱི་ཆ་དེ་ནམ་ཡང་འདོར་མ་ཐུབ་པར་ཕམ་ཁ་ཁུར་བས“སྤྱི་གཟུགས”ཤིག་ཀྱང་ཡིན་ཆོག མདོར་ན། “ར་ལོ”ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་དང་དུས་རབས་ཀྱི་འགག་ཕྲེང་དུ་བག་ལ་ཞ་བའི་མི་རིགས་འདིའི་ཐུན་མོང་གི“སེམས་གཟུགས”སུ་ངེས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“ར་ལོའི”སྣང་བརྙན་དང་འབྲེལ་བའི་གཏམ།

2009-01-30 གདུགས་དཀར་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།