ཁ་ཧྥི་ཁ་དང་ཁོའི་སྒྲུང་གཏམ་གྱི་ཁྱད་ཆོས་རགས་ཙམ་གླེང་བ།

མངོན་མཚོན་རིང་ལུགས་ཀྱི་སྒྲུང་གཏམ་པ་གཙོ་བོ་ཧྥ་རན་ཙི་ཁ་ཧྥ་ཁ་
(Franz Kafka)ནི་ཨོ་སི་ཁྲུ་རི་ཡའི་ཡ་ཧུ་དཱ་པའི་ཚོང་བ་ཞིག་གི་ཁྱིམ་དུ་སྐྱེས།སྐབས་དེར་ཨོ་ཧང་བཙན་རྒྱལ་ནི་བཀས་བཀོད་དབང་སྒྱུར་ཆེས་གཏུམ་དྲག་ཆེ་བ་ཞིག་ཡིན་པའི་ཁར།མི་རིགས་དང་ཆོས་ལུགས་ཀྱི་ཕྱོགས་ནས་ཀྱང་འགལ་འདུ་ཤིན་ཏུ་ཆེ་ལ།ཁོའི་ཕ་ཚོང་་ཕྱུག་པོ་དེ་ཡང་སྒེར་གཅོད་ཅན་ཞིག་ཡིན།ཁ་ཧྥི་ཁ་དེ་ལྟ་བུའི་ཆབ་སྲིད་དང་མི་རིགས།ཆོས་ལུགས།ཁྱིམ་ཚང་སོགས་ཕྱོགས་མང་པོ་ནས་བཙན་གནོན་ཐེབས་པའི་ཁོར་ཡུག་ཅིག་ཏུ་ནར་སོན་པ་ཡིན་པས།ཁོ་ལ་སེམས་རྒྱ་ཆུང་ཞིང་ཁེར་སྐྱོ་དང་དོགས་ཚོམ་གྱིས་ཁེངས་པའི་རང་གཤིས་ཤིག་གྲུབ་ལ།མཛའ་བརྩེའི་ཐད་ནས་ཀྱང་ཁོའི་གཉེན་དོན་ཐེངས་གསུམ་པོ་འབྲས་མེད་དུ་གྱུར་ནས་ཚེ་གང་བོར་གཉེན་བསྒྲིགས་མ་ཐུབ་པ་དེ་ཡང་ཁོའི་མི་ཚེའི་འདུན་མའི་སྐྱོ་སྣང་གི་སྣོན་པ་ལྟ་བུར་གྱུར། ཁོས་པལ་ཟ་ཁིའི་འཁར་བའི་སྟེང་བཀོད་པའི་ཁོ་བོས་གེགས་རྐྱེན་ཡོད་ཚད་རྡུལ་དུ་རླག་ཐུབཅེས་པའི་ལེགས་བཤད་དེ་རང་གི་འཁར་བའི་སྟེང་གེགས་རྐྱེན་ཡོད་ཚད་ཀྱིས་ཁོ་བོ་རྡུལ་དུ་རླག་ཐུབཅེས་པར་བསྒྱུར་པ་དང་།ཁོས་ཕུགས་འདུན་ནི་ཡོད་མོད། འོན་ཀྱང་ལམ་ནི་མེད་དེ། ང་ཚོས་ལམ་ཟེར་བ་འདི་སོམ་ཉི་ལས་མ་འདསཟེར་བ་དང་། རང་གིས་རང་ལ་མཐོང་ཆུང་དང་ལེ་འདེད་བྱེད་ཅིང་རང་ཉིད་ནིམི་ལས་ངན་ཞིགཏུ་སྨྲ་བ་དང་།རང་ཉིད་ལོ་40ལས་འཚོ་མི་ནུས་པར་ཁ་ཚོན་བཅད་པ་སོགས་ལས་ང་ཚོས་ཁོའི་སེམས་ཁམས་ཀྱི་ཕྱོགས་ཙམ་རྟོགས་ནུས། ཐ་ན་ཁོའི་མིང( Kafka ནི་ཕུག་པའི་བྱེའུ་ཡི་དོན)ལས་ཀྱང་འཚང་བཙིར་དང་འདུག་བཟོད་མི་བདེ་བ་དང་། དབུགས་འགག་པ་ལྟ་བུའི་ཉམས་སྣང་ཞིག་ཚོར་ཐུབ། ཁོས་ཆུང་དུས་འཇན་མན་སྐད་ཡིག་གི་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་། 1901ལོར་པོའུ་ལ་ཀིའི་སློབ་གྲྭ་ཆེན་མོར་ཞུགས་ཐོག་འཇར་མན་རྩོམ་རིག་འདེམ་སྦྱོང་བྱས་ནའང་། རིང་བོ་མ་འགོར་བར་ཕའི་བཀོད་པ་ལྟར་ཁྲིམས་ལུགས་སྦྱངས་ཏེ། 1906ལོར་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་ཤེས་ཡོན་ཐོབ་ཐང་ལོན། དེ་ནས་ཁོས་ཁག་འཁུར་ལས་ཁུངས་ཤིག་ཏུ་ལས་དོན་བསྒྲུབས་ནས1922ལོར་གློ་གཅོང་ཇེ་སྡུག་ཏུ་སོང་སྟེ་ངལ་གསོ་རེག་བར་དུ་བསྡད་ལ། 1924ལོར་ནད་དེའི་རྐྱེན་གྱིས་ཚེ་ལས་འདས། མདོར་ན། འཇར་མན་གྱི་རིག་རྩལ་དཔྱད་མོལ་པ་ཀོང་ཐུར་ཨན་ཏིར་ཞེས་པས་ཁ་ཧྥི་ཁ་ནི་ཡ་ཧུ་དཱ་པ་ཞིག་ཡིན་པས་ཡེ་ཤུ་ཆོས་པས་ཁོ་རང་མིར་མི་བརྩི་ལ།ཆོས་ཚོགས་སུ་མི་ཞུགས་པའི་ཡ་ཧུ་དཱ་པ་ཞིག་ཡིན་པས་ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུའང་རང་མིར་མི་བརྩི་བ་དང་།འཇར་མན་གྱི་སྐད་སྨྲ་མི་ཞིག་ཡིན་པས་ཨོ་སི་ཁྲུ་རི་ཡའི་མིར་མི་གཏོགས་པ་དང།ཁག་འཁུར་ལས་ཁུངས་ཀྱི་ལས་བཟོ་པ་ཞིག་ཡིན་པས་འབྱོར་ལྡན་པའི་གྲལ་དུའང་མི་ཚུད་ཅིང་།འབྱོར་ལྡན་ཞིག་གི་བུ་ཡིན་པས་ངལ་རྩོལ་པའི་གྲས་སུའང་མི་ཐེ།ཁོས་རང་ཉིད་རྩོམ་པ་པོ་ཞིག་ཏུ་འདོད་པ་དང་།རྩོམ་པ་པོ་ཞིག་གི་ཆ་ནས་བཤད་ན།ནུས་པ་མང་ཤོས་ཁྱིམ་ཚང་གི་ཕྱོགས་སུ་འདོན་མི་ཞིག་ཡིན་མོད། འོན་ཀྱང་ཁྱིམ་ནས་ཀྱང་རང་ཁྱིམ་དུ་ང་རང་མི་ཆ་མེད་ལས་ཀྱང་ཆ་མེད་ཡིན་པ་ལྟར་རེད།དེ་ལྟར་ཁ་ཧྥི་ཁ་ཡི་སྤྱི་ཚོགས་གོ་གནས་དང་འཚོ་བའི་ཁོར་ཡུག ཁོའི་ཁེར་སྐྱོ་ཐེ་ཚོམ་གྱི་རང་གཤིས་གྲུབ་རྐྱེན་སོགས་འཐུས་ཚང་བ་ཙམ་གྱི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད།

ཁ་ཧྥ་ཁ་སློབ་འབྲིང་གི་སྐབས་ནས་རྩོམ་རིག་ལ་དགའ་ཞིང་།སློབ་གྲྭ་ཆེན་མོའི་སྐབས་ཁོའི་སློབ་གྲོགས་མཱ་ཁི་སི་པུ་ལོ་ཏི་ཡི་ཤུགས་རྐྱེན་དང་རོགས་རམ་ལ་བརྟེན་ནས་རྩོམ་རིག་གསར་རྩོམ་ལ་ཞུགས།ཁོ་རང་གསར་རྩོམ་ཐད་བརྩོན་པ་ཤིན་ཏུ་ཆེ་མོད།འོན་ཀྱང་། ཁོའི་དམིགས་ཡུལ་ནི་བརྩམས་ཆོས་དེབ་ཏུ་སྤེལ་བ་དང་མིང་གྲགས་རྒྱས་ཆེད་མ་ཡིན་པར།བསམ་བློའི་དུངས་པ་དང་སེམས་ཀྱི་སྐྱོ་གདུང་བཅོལ་རྟེན་ཞིག་གམ་གཏད་ས་ཞིག་ཏུ་བྱས་པ་ཡིན་པས།ཁོ་འཚོ་གཞེས་སྐབས་སུ་འགྲེམ་སྤེལ་བྱས་པའི་བརྩམས་ཆོས་ཉུང་ཙམ་ལས་མེད་ཅིང་།རང་གིས་བརྩམས་པ་རྣམས་ལ་ཡིད་ཚིམ་པོ་ཡང་མེད་སྐད།འདས་ཁར་ཁོས་གྲོགས་པོ་པུ་ལི་ཏི་ལ་བརྩམས་ཆོས་རྣམས་མེར་བསྲེག་དགོས་པའི་ཁ་ཆེམས་བཞག་ནའང་། པུ་ལི་ཏིས་དེ་ལྟར་མ་བྱས་པར་བམ་པོ་དགུ་ཅན་གྱི་<<ཁ་ཧྥི་ཁའི་གསུང་འབུམ>> (1950 1958)  ཕྱོགས་བསྒྲིགས་བྱས་ཏེ་འགྲེམ་སྤེལ་བྱས། ཁ་ཧྥི་ཁའི་གྲུབ་འབྲས་གཙོ་བོ་ནི་སྒྲུང་གཏམ་ཕྱོགས་ན་ཡོད་དེ།<<ལྟ་རྟོག>>(1913)དང་<<ཁྲིམསཆད>>(1913)<<འགྱུར་གཟུགས་ཟིན་ཐོ>>(1915)<<རྒྱང་ཕུད་དུ་བཏང་སར>>(1919)<<ཞིང་སྡེའི་སྨན་པ>>(1919)<<བཀྲེས་སྐོམ་གྱིས་མནར་བའི་སྒྱུ་རྩལ་བ>>(1924)<<ཟོ་བ་ཞོན་མཁན>>(1921)སོགས་ཁོ་རང་འཚོ་ཞེས་སྐབས་སུ་འགྲེམ་སྤེལ་བྱས་པའི་སྒྲུང་གཏམ་ཐུང་འབྲིང་འགའ་དང་། འཚོ་གཞེས་སྐབས་སུ་འགྲེམ་སྤེལ་མ་བྱས་པའི་<<ཞིང་སྡེའི་དགེ་རྒན>>དང<<ས་ཁུང>>སོགས་སྒྲུང་གཏམ་ཐུང་ངུ་སོ་བཞི་ཙམ། བྲིས་མཇུག་མ་རྫོགས་པའི་སྒྲུང་གཏམ་རིང་བོག<<ཨ་མེ་རི་ཁ>>(1912---   1914)ཞེས་པ་དང་<<ཁྲིམས་གཅོད>>(1914--1918)<<མཁརརྫོང>>(1922)ཞེས་པ་གསུམ་ནི་ཁོའི་དེང་རབས་རིང་ལུགས་སྤྱི་དང་ནང་སྒོས་སུ་མངོན་མཚོན་རིང་ལུགས་ཀྱི་བརྩམས་ཆོས་ཐད་ཀྱི་གཞན་ལས་ལྷག་པའི་གྲུབ་འབྲས་མངོན་ས་ཡིན། དེ་དག་ལས་ཀྱང<<མཁར་རྫོང>>ཞེས་པ་ནི་ཁ་ཧྥི་ཁ་ཡི་རྣམ་པའི་སྒྲུང་གཏམ་གྱི་འཐུས་ཚབ་ཡིན་ཞིང་། <<གཟུགས་འགྱུར་ཟིན་ཐོ>>ནི་ཁོའི་སྒྲུང་གཏམ་ཐུང་འབྲིང་གི་འཐུས་ཚབ་ཡིན།ཁ་ཧྥི་ཁ་ནི་ཡོ་རོབ་གླིང་གི་རྩོམ་རིག་གར་སྟེགས་ཀྱི་ཡོན་ཏན་པ་ཁྱད་མཚར་ཅན་གྱི་ཞིག་ཡིན་ལ།ཁོའི་བརྩམས་ཆོས་ཁྲོད་བཞེངས་འགོད་བྱས་པའི་སྒྱུ་རྩལ་གྱི་འཇིག་རྟེན་དེར་མི་རྣམས་ཀྱིསཁ་ཧྥི་ཁ་ཡི་རྣམ་པ་ཅནཞེས་བརྗོད་ལ།དེར་བསམ་བློའི་གོ་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཕྱོགས་གཉིས་ནས་གོ་ལ་ལེན་དགོས། བསམ་བློའི་གོ་དོན་གྱི་ཆ་ནས་བཤད་ན།ཁ་ཧྥི་ཁ་ཡིས་གཞི་གྲུབ་རིང་ལུགས་ཀྱི་རིག་ལམ་དང་དུ་བླངས་ནས་དུས་རབས་ཀྱི་མཇུག་མཐའི་གདུང་སེམས་ཏེ།མིའི་ཁེར་སྐྱོ་དང་འཇིགས་དངངས་མངོན་པར་མཚོན་ལ། ཚུལ་འཆལ་དགོད་བྲོའི་འཇིག་རྟེན་དང་གཞན་འགྱུར་གྱི་དོན་སྙིང་མཚོན་ཡོད། དེ་ཡང་བྱེ་བྲག་ཏུ།

1.དབང་ཆོད་ལ་རྒོལ་དུ་མེད་པ་སྟེ། ཁ་ཧྥི་ཁ་ཡི་ཉམས་སྣང་དུ་ག་ས་ག་ན་རྒྱུ་ལ་མཐུ་ཆེན་འགོག་ཏུ་མེད་པའི་སྟོབས་ཤུགས་ཤིག་སྟེ་དབང་ཆོད་ཅིག་གིས་ཁེངས་ཤིང་བསྡམས་ཡོད་ཚུལ་དེ་ཁོའི་བརྩམས་ཆོས་མང་པོ་ཞིག་ཏུ་མཚོན་ཡོད།དཔེར་ན། <<ཁྲིམས་གཅོད>>དུ་དངུལ་ཁང་གི་ལས་འཛིན་པ་kལ་ཉེས་པ་ཅི་བྱས་དང་སུས་གཏུག་པ། ཁྲིམས་གང་ལ་འགལ་བ་བཤད་རྒྱུ་མེད་པར་གློ་བུར་དུ་འཛིན་བཟུང་གི་བརྡ་སྦྱོར་བས།ཁོས་རང་ལ་ཉེས་པ་མེད་པའི་ཡིད་ཆེས་བརྟན་པོས་ཞུ་གཏུག་དཀར་འདོན་གྱི་འབད་པ་ཇི་ལྟར་བྱས་ནའང་མཐའ་འབྲས་ཅི་ཡང་མ་བྱུང་ཞིང་།མཇུག་མཐར་kཡིས་ཡུལ་དེའི་བསྟན་པའི་བདག་སྐྱོང་གི་བསླབ་བྱ་སྟེ།ཁྲིམས་ཀྱི་སྒོ་དྲུང་དུ་སྒུག་ནས་འཆི་བ་མ་གཏོགས་ནང་དུ་གཏན་ནས་ཐར་མི་སྲིད་པའི་བསླབ་བྱ་ལྟར།ལས་སྐལ་གྱི་བཀོད་སྒྲིག་དང་ཁྲིམས་གྱི་དྲ་རྒྱ་ལས་ཐར་བར་འདོད་པ་ནི་སྟོང་བསམ་ཉག་གཅིག་ཡིན་ཚུལ་ཐད་ངེས་ཤེས་སྐྱེས་ཤིང་།སྲོག་ཁྲིམས་དང་དུ་མ་བླངས་དབང་མེད་བྱུང་ཚུལ་བྲིས་ཏེ་ཁྲིམསཀྱི་ཚུལ་འཆལ་དང་དབང་ཆོད་དང་གཞན་འགྱུར་མཚོན་ཡོད་པ”ལྟ་བུ་རེད།

2.གེགས་རྐྱེན་ལ་གཡོལ་དུ་མེད་པ་སྟེ། ཁ་ཧྥི་ཁ་ཡི་ཉམས་སྣང་གི་དངོས་དོན་འཇིག་རྟེན་དེ་གེགས་རྐྱེན་བརྩེགས་མས་གྲུབ་པའི་རྨི་འཕྲུལ་གྱི་བདུད་འདྲེའི་འཇིག་རྟེན་ཞིག་ཡིན་པས་ཁོའི་བརྩམས་ཆོས་ཁྲོད་གེགས་རྐྱེན་མཚོན་པ་ཤིན་ཏུ་མང་། དཔེར་ན། མངོན་མཚོན་རིང་ལུགས་ཀྱི་ཚབ་བྱེད་བརྩམས་སྒྲུང་རིང་མོ<<མཁར་རྫོང>>ཞེས་པརkཞེས་པ་མཁར་རྫོང་ཉེ་འདབས་ཀྱི་གྲོང་སྡེ་ཞིག་ཏུ་བསླེབས་ཤིང་སྲིད་གཞུང་ནས་གྲོང་སྡེ་དེར་གཞིས་སྡོད་རུང་བའི་ཆོག་མཆན་འཐོབ་ཆེད།མཁར་རྫོང་གི་དབང་བསྒྱུར་པར་མཇལ་དུ་ཕྱིན་པ་ན།མཁར་རྫོང་མིག་གི་མདུན་ན་འདུག་ཀྱང་གཏན་དུ་བསླེབས་པ་མེད་པས།kཡིས་ས་ཁྱོན་གཞལ་མཁན་གྱི་མིང་གིས་གྲོང་སྡེའི་མགྲོན་ཁང་དུ་བསྡད་དེ་གྲོང་སྡེའི་དཔོན་པོའི་མཛའ་མོ་བསླུ་བྲིད་བྱེད་པ་སོགས་ཐབས་བརྒྱ་ཇུས་སྟོང་བྱས་ནས་ནའང་། གེགས་རྐྱེན་ཇེ་ཆེར་འགྲོ་བ་ལས་མཁར་རྫོང་ནང་གཏན་ནས་འཛུལ་མ་ཐུབ་ལ།ལག་གཡོག་དག་མ་གཏོགས་སྐུ་དངོས་སུས་ཀྱང་མཐོང་མྱོང་བའི་མཁར་རྫོང་གི་དབང་སྒྱུར་པ་སྐུ་ཞབསccདེ་བས་ཀྱང་མཇལ་མ་ཐུབ་ཚུལ་བྲིས་པ་བརྒྱུད།དབང་འཛིན་ལས་ཁུངས་དང་མི་སེར་ཕལ་བའི་བར་འདའ་རུ་མེད་པའི་འོབས་ཟབ་མོ་ཞིག་གིས་བཀག་ཅིང་།གཏོས་ཆེ་བའི་སྲིད་གཞུང་ལས་ཁུངས་དང་དཔོན་རིགས་སྣ་ཚོགས་ཀྱི་གནོན་ཤུགས་འོག་མི་སེར་ཕལ་བའི་མ་མཐའི་རེ་ལྟོས་ཏེ་འཚོ་གནས་ཀྱི་རེ་ལྟོས་ཙམ་ཡང་འགྲུབ་ཏུ་མེད་ལ།ཁོ་ཚོའི་འཚོ་གནས་ལའང་དོན་དམ་གྱི་ཁག་ཐེག་ཅི་ཡང་མེད་པར་ཡ་ང་ཞིང་།ག་ས་གར་གེགས་རྐྱེན་གྱིས་ཁེངས་པའི་ལས་སྐལ་གྱིས་མཚོན་ཡོད་པ་ལྟ་བུ་རེད།

3.ཁེར་སྐྱོ་ལ་བཟོད་བསྲན་མི་ཚུགས་པ་སྟེ། ཁ་ཧྥི་ཁ་ཡི་ཚུལ་འཆལ་གཞན་འགྱུར་གྱི་འཇིག་རྟེན་དུ་འཚོ་བའི་མི་སྣའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཁེར་སྐྱོ་སྟེ། དེ་དག་གིས་ཕན་ཚུན་ངོ་མི་ཤེས་པ་ཇི་བཞིན་ཁེར་རྐྱང་དུ་འཚོ་ན་ཡང་།གཅིག་པུར་རྒྱུ་བའི་དཔ་བོ་མ་ཡིན་པར་སྙིང་རྗེ་བྲལ་བའི་ཆོས་ཉིད་ཅིག་གིས་ཕྱིར་འཕུད་བཏང་བའི་མི་སྐོར་ཞིག་ཡིན་པས།ཕ་དང་སྤུན་མཆེད་ཀྱི་མཛའ་བརྩེས་ཀྱང་ཆོས་ཉིད་དེའི་ངོ་ཡ་མི་ནུས། དཔེར་ན། སྒྲུང་གཏམ་རིང་བོ<<ཨ་མེ་རི་ཁ>>ཡི་ཁྲོད་ཀྱི་རང་ལོ་16ལས་སོན་མེད་པའི་གཞོན་ནུ་ཁཱར་གྱིས་བསླུ་བྲིད་བྱེད་མཁན་གཡོག་མོར་ཕྲུ་གུ་ཆགས་སུ་བཅུག་པ་ནི་གཞོན་ནུའི་རང་ཚོད་མ་ཟིན་པའི་བགྱི་བ་ཞིག་ཡིན་ནའང་།ཕ་མ་ཟུང་གིས་སྙིང་རྗེ་མེད་པར་གཞོན་ནུ་ཕྱི་ལ་ཕུད་པ་དང་།སྒྲུང་གཏམ་ཐུང་ངུ<<གྲོང་སྡེའི་སྨན་པ>>ཡི་ཁྲོད་ཀྱི་སྨན་པ་དེ་དགུན་འཁྱག་གི་མཚན་མོར་སྨན་བཅོས་བྱེད་དུ་སོང་ནའང་ཁོ་ལ་བཀའ་དྲིན་མི་ཞུ་བ་མ་ཟད།གཅར་རྡུང་མྱོང་ཞིང་གོན་པའང་བཤུས་ཏེ་གཅེར་བུར་གྲང་འདར་རྒྱག་སྐབས།ལམ་འགྲམ་གྱི་ངོ་ཤེས་དག་གིས་ཀྱང་ཁ་ཡ་མི་བྱེད་པ་ལྟ་བུ་ཡིན།དེ་བས་ཁ་ཧྥི་ཁ་ཡི་བརྩམས་ཆོས་སུ་མི་ལ་དབང་ཚོར་གྱི་དགའ་སྤྲོའི་ཚིམ་པ་དང་བག་ཡངས་ཤིག་སྟེར་བ་མ་ཡིན་པར།དེང་རབས་ཀྱི་མི་རྣམས་ཀྱི་ཁེར་རྐྱང་དང་དཀའ་སྡུག་གི་འདུ་ཤེས་སློང་བ་དང་རང་ཉིད་ཀྱི་གནས་བབ་ཉམ་ང་བ་ངོས་འཛིན་དུ་འཇུག་པ་རེད།

4.བདེན་དོན་ལ་བསྙེག་ཏུ་མེད་པ་སྟེ། ཁ་ཧྥི་ཁ་ཡིས་འཕྲེད་གཞུང་ཀུན་ཏུ་བརྐྱངས་པའི་དྲ་རྒྱའི་འཇིག་རྟེན་འདི་ངོ་བོགཞན་དུ་གྱུར”ཟིན་པས་ཟོལ་བག་གིས་གནས་ཐབས་བགྱི་་ལས་དྲང་ཡུས་ཅི་ཡང་མེད་པར་འདོད་ལ།ཁོའི་བརྩམས་ཆོས་མང་ཆེ་ཤོས་ནི་འཇིག་རྟེན་ལ་འགྲེལ་བཤད་བགྱི་བའི་འདུན་མ་ཡོད་ཀྱང་མི་ནུས་པའམ།ཡང་ན་བདེན་དོན་བསྙེག་ཀྱང་མི་ཐོབ་པའི་སྐྱོ་དོགས་ཀྱི་ནང་ཉམས་མངོན་པའི་སྒྱུ་རྩལ་གྱི་ཟིན་བྲིས་ལྟ་བུ་ཡོན། དཔེར་ན། <<ཁྲིམས་གཅོད>>ཁྲོད་ཁྲིམས་ཀྱི་སྒོ་དྲུང་དུ་འཆི་རེག་སྒུག་ཀྱང་ནང་དུ་ཕྱིན་མ་ཐུབ་ཚུལ་བརྗོད་པ་དེ་ཡང་དོན་ལ་བདེན་དོན་ནི་རེ་ལྟོས་འཆའ་རུང་ཞིག་ལས་བསྙེག་ཏུ་ཡོད་པ་ཞིག་མ་ཡིན་པ་བསྟན་ཡོད།མདོ་ན།ཁ་ཧྥི་ཁ་ཡི་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་འགལ་འདུ་གཏིང་ཟབ་མོར་མཚོན་ལ། དེ་ཡང་ཚུལ་འཆལ་དགོད་བྲོའི་ཚོར་འདུ་བསྟན་འདུག ཁ་ཧྥི་ཁ་ཡི་རྣམ་པའིབསམ་བློའི་ཁྱད་ཆོས་འདི་དག་ཁོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་ཆོས་དང་དམ་དུ་འབྲེལ་ཡོད། ཁོའི་སྒྱུ་རྩལ་ཁྱད་ཆོས་དེ་དག་མདོར་བསྡུས་ན་གཤམ་ལྟར་ཏེ།

1.དགོད་བྲོ་བའི་ནང་རོལ་ན་དོན་བྱེ་བྲག་པ་ལ་བདེན་ལུགས་མངོན་པ་སྟེ། མཚོན་དོན་རིང་ལུགས་ཀྱི་སྒྲིག་གཞིའི་ཁྲོད་དངོས་དོན་རིང་ལུགས་ཀྱི་ནང་དོན་བྱེ་བྲག་པ་ལྡན་པ་ནི་ཁ་ཧྥི་ཁའི་རྩོམ་གཤིས་གཙོ་བོ་ཡིན་ལ།ཁོས་དེང་རབས་རིང་ལུགས་ལ་ཕུལ་བའི་ལེགས་སྐྱེས་ཀྱང་ཡིན།སྒྲུང་གཏམ་གྱི་སྙིང་བོའམ་གཙོ་བོར་གྱུར་པའི་དོན་དེ་དགོད་བྲོ་ལ།དོན་དེ་དང་འབྲེལ་བའི་བྱེ་བྲག་གི་དོན་ཕྲན་བུ་རྣམས་བདེན་ཤས་ཆེ་བ།དེ་ནི་ཁོའི་བརྩམས་ཆོས་དང་དགོད་བྲོ་དངོས་མའི་བརྩམས་ཆོས་ཀྱི་ཁྱད་པར་འབྱེད་བྱེད་ཡིན། དཔེར་ན། <<གཟུགས་འགྱུར་ཟིན་ཐོ>>ཡི་ཁྲོད་མི་གྲོག་སྦུར་དུ་གྱུར་པའི་དགོད་བྲོའི་དོན་འདི་མ་གཏོགས། མི་སྣ་གཙོ་ཕལ་རྣམས་ཀྱི་ཉམས་དང་སེམས་ཁམས་ཐམས་ཅད་མིའི་རིགས་ཀྱི་དངོས་སྲིད་འཚོ་བའི་ཁྱད་ཆོས་དང་མཐུན་པ་ལྟ་བུ་དང་།ཁྲིམས་གཅོད་དུ་kའཛིན་བཟུང་བྱས་པའི་བརྒྱུད་རིམ་དང་བཟུང་རྗེས་ད་དུང་ག་ས་གར་འགྲོ་བའི་རང་དབང་ཡོད་པ་སོགས་དགོ་བྲོ་བར་སྣང་ན་ཡང་།ཁྲིམས་ཁང་གིས་འདྲི་རྩད་བྱེད་པ་དང་འདྲི་རྩད་བྱེད་མཁན་དང་།ཉེས་ཅན་སོགས་ཀྱི་ངང་ཚུལ་རྣམས་རྒྱུན་སྲོལ་དང་མཐུན་པ་ལྟ་བུ་ཡིན།ཁ་ཧྥི་ཁ་ཡིས་རང་མཚན་ཅན་དང་བདེན་ཆོས་ཅན་གྱི་དོན་ཕྲན་ཚེགས་མང་པོ་བྲིས་པར་བརྒྱུད།སྤྱི་མཚན་གྱི་ངེས་པ་དང་དགོད་བྲོའི་ངེས་པ་ཅན་གྱི་གཏན་ཚིགས་ཤིག་དང་མཇུག་འབྲས་ཤིག་ཐོན་དུ་བཅུག་ཅིང་།དགོད་བྲོ་ཅན་དེས་ཀྱང་རང་གི་མཚོན་དོན་མི་སྟོར་བས།ཁོས་མཚོན་བྱའི་སྙིང་པོར་གྱུར་པའི་བརྗོད་དོན་དེའམ་ཚོར་འདུ་དེ་ཤུགས་དང་ལྡན་པའི་སྒོ་ནས་མཚོན་ཡོད།

2.དགོད་མཚར་ཏེ། ཁ་ཧྥི་ཁ་ཡིས་ཤུགས་དྲག་ཅིང་ཁྱད་མཚར་བྱིངས་དང་མི་མཐུན་པའི་སྒྱུ་རྩལ་གྱི་ནུས་པ་ཞིག་དོན་དུ་གཉེར་བས། དགོད་མཚར་གྱི་ཐབས་སྤྱད་དེ་བརྗོད་གཞི་དང་བྱུང་རིམ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་དགོད་མཚར་གྱི་བློ་རྩལ་དང་གཞིགས་ཚུལ་ཞིག་ཡོད།སྤྱིར་མི་ཞིག་ལ་འཕྲད་སྲིད་པའི་དོན་རྐྱེན་ཆེས་ཡིད་དུ་འོང་བ་ནི་གློ་བུར་ཚེ་ལས་འདས་པ་དང་།རྨས་སྐྱོན་ཕོག་པ་དང་འཛིན་བཟུང་ཐེབས་པ་སོགས་ཡིན་པ་ལས།ལུས་གཟུགས་གཞན་དུ་འགྱུར་མི་སྲིད་མོད།འོན་ཀྱང་ཁོའི་<<གཟུགས་འགྱུར་ཟིན་ཐོ>>རུ་མི་སྣ་གཙོ་བོ་ཀི་ལེ་ཀོར་ཏག་ཏག་གྲོག་སྦུར་དུ་གྱུར་པ་ལྟ་བུ་ཡིན།ཁ་ཧྥི་ཁ་ཡིས་སྲིད་པའི་འཇིག་རྟེན་གྱི་རྣམ་པ་ཇི་བཞིན་དུ་བཟློས་འབྲི་བྱེད་པའི་བརྩམས་ཆོས་དེ་བདེན་པ་ཞིག་ཏུ་མི་འཛིན་པར།དགོད་མཚར་ལ་བརྟེན་ནས་དངོས་དོན་གྱི་གཟུགས་བསྒྱུར་ན།ད་གཟོད་མི་རྣམས་ལ་བདེན་དོན་གྱི་ངོ་བོ་དངོས་མཐོང་དུ་འཇུག་ཐུབ་པར་འདོད།

3.མཚོན་དོན་ཏེ། ཁ་ཧྥི་ཁའི་བརྩམས་ཆོས་ཁྲོད་དགོད་མཚར་གྱི་སྣང་ཚུལ་རྣམས་བསྟར་དུ་སྦྲེལ་བ་ན་དེ་དག་དགོད་བྲོ་ལ་ཡ་མ་གཟུགས་ཀྱི་རིས་དབྱིབས་སུ་འགྱུར་ཅིང་།དེ་ལྟ་བུའི་རིས་དབྱིབས་དག་ནི་ཁ་ཧྥི་ཁ་ཡི་རང་ཉིད་ཀྱི་དབྱིབས་མཚོན་ཡི་གེ་ཡིན་པར་མ་ཟད་།དེ་དག་ལ་རབ་བསྡུས་དཔེ་སྟོན་གྱི་མཚོན་དོན་ཕུན་སུམ་ཚོགས་པོ་ཡོད།འདི་ནི་ཁོའི་རྩོམ་ལ་འགྲེལ་ལུགས་མི་འདྲ་བ་མང་དུ་འབྱུང་བའི་རྒྱུ་མཚན་གཙོ་བོ་ཡང་ཡིན། དཔེར་ན<<མཁར་རྫོང>>ཞེས་པའི་དགོད་བྲོའི་གཏམ་རྒྱུད་འདིར་སྐབས་རེར་མངོན་ལ་སྐབས་རེར་གབ་སྟེ་ཡོད་ཡོད་འདྲ་ལ་མེད་མེད་ཀྱང་འདྲ་བའི་དངོས་པོ་གཏོས་ཆེ་བ་སྟེ།མཁར་རྫོང་དེ་ནི་མི་སེར་དང་བར་དུ་འདའ་རུ་མེད་པའི་འོབས་ཀྱིས་ཆོད་པའི་དཔོན་ཉམས་ལས་ཁུངས་ཀྱི་མཚོན་དོན་མ་ཡིན་ནམ་སྙམ་ལ།ས་ཁུང་ཁྲོད་ཀྱི་དངངས་འཛེམ་གྱི་སེམས་ཁམས་དེ་ནི་དུས་རབས་ཀྱི་མཇུག་མཐའི་འབྱོར་ལྡན་ཆུང་འབྲིང་དག་གི་སེམས་ཁམས་མཚོན་བྱེད་ཅིས་མ་ཡིན་སྙམ་པ་ལྟ་བུ་རེད། ཁོའི་བརྩམས་ཆོས་སུ་ཚོར་སྣང་འདྲ་མིན་བསྐྱེད་པའི་རིས་དབྱིབས་དེ་ལྟ་བུ་ཤིག་ཏུ་མང་ཞིང་། དེ་དག་ལ་ཡང་མ་འོངས་ལུང་བསྟན་གྱི་ངེས་པ་ལྡན་ལ།ཕུན་སུམ་ཚོགས་པའི་གོ་དོན་ཞིག་མཚོན་དོན་དང་ཤུགས་བསྟན་གྱིས་གོ་བར་བྱེད་པས། མི་ལ་བསམ་གཞིག་ཟབ་མོ་སྟེར་བར་ནུས།

4.རང་རྣམ་གྱི་ཁྱད་ཆོས་ཤུགས་ཆེ་བ་ལྡན་པ་སྟེ། ཁ་ཧྥི་ཁ་ཡི་འཇིག་རྟེན་དུ་ནམ་ཡང་ཁེར་སྐྱོའི་གྲིབ་གཟུགས་ཤིག་གཡོ་ཞིང་རྒྱུ་ལ།རྟག་ཏུ་མནར་གཅོད་མྱོང་བའི་རྣམ་ཤེས་ཤིག་འཕྱོ་ཞིང་ལྡིང་བར་མ་ཟད།ད་དུང་བརྩམས་ཆོས་མང་པོའི་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ།དཔེར་ནkདང་ཡོ་སི་ཧྥུk Karl སོགས་ཀྱང་རྩོམ་པ་པོ་རང་གི་མིང་ Kafka ཡི་ kལས་བྱུང་བ་ཡིན་པས།དེ་དག་ལས་ཁོའི་བརྩམས་ཆོས་ལ་རང་རྣམ་གྱི་ཁྱད་ཆོས་དང་ལྡན་པ་རྟོགས་ཐུབ་པ་དང་།ཁ་ཧྥི་ཁ་ཡི་སྡུག་མྱོང་བའི་ཚོར་སྣང་དང་ཁེར་རྐྱང་གི་སྐྱོ་གདུང་ཟབ་མོ་དག་བརྩམས་ཆོས་ཁྲོད་ཀྱི་མི་སྣ་མང་པོ་ཞིག་གི་སྟེང་དུ་འཕོས་ཡོད་པས།མི་སྣ་དེ་དག་ལས་ཀློག་པ་པོ་རྣམས་ཀྱིས་ཁ་ཧྥི་ཁ་མཐོང་ཐུབ་ཅིང་།མི་སྣ་དེ་དག་གིས་ཧ་ལམ་ང་ཚོ་ཚང་མ་ཁ་ཧྥི་ཁ་ཡིན་ཟེར་བའི་སྣང་བ་སྟེར།

<<གཟུགས་འགྱུར་ཟིན་ཐོ>>ནི་ཁོའི་འཐུས་ཚབ་བརྩམས་ཆོས་ཡིན་ཞིང་། དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཀི་ལེ་ཀོར་སམ་ཧྲ་ཞེས་པ་ནི་ཚོང་ཁང་ཞིག་གི་བཞུད་སྐྱོད་ཚོང་གཉེར་པ་ཡིན་ལ།ཁོས་ལོ་ཟླ་འཁོར་མོ་ཡུག་ཏུ་ཕྱོགས་ཀུན་ཉུལ་ཏེ་ཁྱིམ་མིའི་འཚོ་ཐབས་ལ་བརྩོན།ཉིན་ཞིག་ཁོ་གཉིད་ལས་སད་ཚེ་གློ་བུར་དུ་རང་ཉིད་རྐང་པ་ཕྲ་མོ་མང་པོ་དང་ལྡན་པའི་གྲོག་སྦུར་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ཚོར།དེ་ནས་བཟུང་ཁོས་ལས་ཀ་ཤོར་ཞིང་ཁྱིམ་མིས་ཀྱང་ཞེན་པ་ལོག་པ་ཞིག་ཏུ་གྱུར།ཁོ་ལ་མི་གཤིས་དང་མི་ཡི་བསམ་གཞིག་ནུས་པ་དང་མི་ཡི་སེམས་ཁམས་ཁྱད་ཆོས་སོགས་ཡོད་པས།དངངས་སྐྲག་དང་གནོད་འཚེའི་ཚོར་འདུས་ཟིན་པར་གྱུར་ཅིང་།དེ་ནས་རིམ་བཞིན་འབུ་ཡི་རང་གཤིས་ཡོད་པར་གྱུར་ཏེ་གོག་ནས་བགྲོད་ལ་རུལ་སུངས་སུ་གྱུར་པའི་ཁ་ཟས་བཟའ།ཀི་ལི་ཀོར་གྱིས་སྔར་མུས་བཞིན་ཁྱིམ་གྱི་འཚོ་ཐབས་སྐྱོང་མི་ཐུབ་པས།ཁྱིམ་ཚང་དེའི་དཔལ་འབྱོར་གནས་ཚུལ་ཉིན་བཞིན་ཇེ་སྡུག་ཏུ་གྱུར་ནས་ཕའི་བུ་ལོན་མུ་མཐུད་འཇལ་ཐབས་བྲལ་ཞིང་།ནུ་མོ་རོལ་མོའི་སློབ་ཆེན་དུ་འགྲིམས་པའི་མཐུན་རྐྱེན་ཀྱང་ཡོང་ཁུངས་མེད་པར་གྱུར་པ་ན།ཕ་རྒན་གྱིས་དངུལ་ཁང་དུ་གླ་བ་བྱས་པ་དང་།ཨ་མས་མི་གཞན་གྱི་གོམ་པ་བཙེམ་པ།ནུ་མོས་ཚོང་མི་གཉེར་ཀ་མེད་བྱུང་།སྐབས་འདིར་ཁྱིམ་གྱི་སྐྱིད་སྣང་དང་བཟའ་མིའི་མཛའ་དུང་ལ་འགྱུར་ལྡོག་བྱུང་སྟེ། ཚང་མས་ཀི་ལེ་ཀོར་ཁུར་པོ་ཆེན་པོ་ཞིག་དང་ཐན་ལྟས་ཤིག་ཏུ་ལྟ།མཐར་ཀི་ལེ་ཀོར་ཁེར་རྐྱང་དང་སྐྱོ་གདུང་དང་ཡི་མུག་ཁྲོད་དབེན་འཇགས་གེར་ཤི་བ་ན།ཁྱིམ་མི་རྣམས་ཁུར་བོ་ལྗིད་མོ་ཞིག་ཕབ་པ་ལྟར་གྱི་དགའ་སྤྲོས་བརྟས་ཤིང་ཕྱི་ཉིན་གྲོང་ཕྱིར་གནས་སྐོར་དུ་ཕེབས་ལ།རེ་ལྟོས་གསར་པ་དང་མདུན་ལམ་ལེགས་པོའང་གླེང་ཞིང་བརྗོད།སྒྲུང་གཏམ་ཁྲོད་ཀི་ལེ་ཀོར་གྲོག་སྦུར་དུ་གྱུར་པའི་གཏམ་རྒྱུད་ཡ་ང་བ་འདི་བརྗོད་པ་བརྒྱུད་ནས།མི་ནི་དངོས་པོའི་བྲན་དུ་མི་ཚུད་དེ་མི་ཡི་ངལ་རྩོལ་ནུས་པ་ཉམས་པ་ན།སྤྱི་ཚོགས་དང་ཁྱིམ་མིས་མི་གྲལ་དུ་མི་འཇོག་པར།མི་མ་མིན་པའམ་དངོས་པོ་ཙམ་དང་ཁྱད་པར་གྱུར་ནས་མཐར་རང་གཤིས་ཉམས་ཤིང་།མིའི་འབྲེལ་བའི་ཁྲོད་ཐ་ན་ཉེ་དུའི་འབྲེལ་བའང་ཨེན་ཀེ་སིས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཁྱིམ་ཚང་གཅིག་ཏུ་སྦྲེལ་བྱེད་ནི་མཛའ་དུང་མ་ཡིན་པར་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་ཕག་ཏུ་གབ་པའི་སྒེར་གྱི་ཁེ་ཕན་ཡིན་པར་བརྗོད་པ་ལྟར།དངུལ་ལོར་དང་རྒྱུ་ནོར་གྱི་བྱེད་པས་གཉེན་མི་རྣམས་ལམ་འཕྲད་ཀྱི་མི་བཞིན་གྱུར་ཏེ།མི་དང་མིའི་འབྲེལ་བ་གཞན་དུ་གྱུར་པ་དང་།ཀི་ལི་ཀེར་གྱིས་ཚོང་དོན་སྒྲུབ་སྐབས་ལས་ཀར་བརྩོན་འགྲུས་ཤིན་ཏུ་ཆེ་ན་ཡང་།ནམ་རྒྱུན་ལས་གནས་ནས་ཕྱིར་འཕུད་གཏོང་བར་སྐྲག་པས།སེམས་ཀྱི་ཞིང་ཁམས་ཀུན་ནས་མནན་ཏེ་སྤྲོ་བ་མེད་ལ་བློས་ཐུབ་གྲོགས་པོ་ཞིག་དེ་བས་ཀྱང་རྙེད་མ་ཐུབ།གྲོག་སྦུར་དུ་གྱུར་རྗེས་ཁོས་ཁྱིམ་མིས་ཁོ་ལ་འཛིན་པའི་རྣམ་འགྱུར་ལ་ལྷག་པར་སྣང་དོགས་བྱས་ཏེ་སྐྱོ་ཞུམ་དང་ནོངས་པ་ལྷག་པར་ཏུ་སྐྱེས་ལ།ཉེན་ཐེབས་ཀྱི་འཇིགས་སྣང་གིས་ཀུན་ནས་བསྡམས་པར་གྱུར།ཁོས་ཇི་ལྟར་སེམས་ཆུང་དང་གཟབ་གཟབ་བྱས་ཀྱང་གཡོལ་དུ་མེད་པའི་མི་འདོད་འགལ་རྐྱེན་གཅིག་ལ་གཅིག་མཐུད་ངང་ཁོའི་སྟེང་ལ་བབས་པ་ལས་མིས་རང་གི་ལས་སྐལ་ལ་དབང་བསྒྱུར་མི་ནུས་ཚུལ་མཚོན་ཞིང་།མི་རྣམས་དངངས་སྐྲག་དང་ཁེར་སྐྱོའི་ཁྲོད་འཚོ་བའི་ངང་ཚུལ་བསྟན་ཡོད།དགོད་མཚར་ཡན་ན་མེད་པའི་སྒྲུང་གཏམ་འདིར་མི་སྣའི་སེམས་ཁམས་ཀྱི་ཁྱད་ཆོས་བསྟན་པ་རྣམས་བདེན་པའི་ཡིད་ཆེས་འདྲེན་པ་ཞིག་སྟེ།ཀི་ལེ་ཀོར་གྲོག་སྦུར་དུ་གྱུར་རྗེས་ཁྱིམ་མི་རྣམས་ཀྱིས་དང་ཐོག་རིམ་བཞིན་ཇེ་ལེགས་སུ་འགྲོ་བའི་འདུན་པ་ནས་མཐར་ཡི་ཐང་གཏན་ནས་ཆད་པ་དང་།སྔར་གཟབ་ནན་གྱིས་སྙོར་སྐྱོང་བྱེད་པ་ནས་མཐར་གདུག་རྩུབ་ཀྱིས་འཆི་རུ་བཅུག་པའི་བརྒྱུད་རིམ་ཁྲོད།ཀི་ལེ་ཀོར་གྱི་སེམས་ཁམས་དང་ཚོར་སྣང་གི་འབྲི་འགོད་བྱས་པ་རྣམས་ནི་དངོས་དོན་འཚོ་བའི་རང་མདངས་མིག་མདུན་དུ་བཀྲམ་པ་བཞིན། ཀློག་པ་པོའི་མིག་ཏུ་བདེན་ཤས་ཆེ་བའི་ཉམས་སུ་བསྟར་ཡོད།མདོར་ན།སྒྲུང་གཏམ་འདིར་ཁྱད་མཚར་གྱི་སྒྱུ་རྩལ་བློས་བསླངས་དང་ཕུན་སུམ་ཚོགས་པའི་མཚོན་དོན་ལྡན་པ་དང་།རྗོད་བྱེད་བབ་ཆགས་ཤིང་དོན་གྱི་བྱང་རིམ་གསལ་ལ།ནང་དོན་གཟབ་ནན་དང་བསྟན་དོན་ཛ་དྲག་ཆེ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ཞིང་།ཀི་ལེ་ཀོར་གྲོག་སྦུར་དུ་གྱུར་ཕྱིར་དོན་ཕྲན་ཚེགས་ཏེ།དཔེར་ན་བཟའ་བཏུང་དང་གཉིད་ལ་རོལ་བ།མལ་གསོ་བ།གོག་བགྲོད་བྱེད་པ་སོགས་ལས་གཞན་འགྱུར་ཚབས་ཆེ་བའི་ངེས་དོན་བསྟན་ཡོད།

          (རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཧྥི་ཁ་དང་ཁོའི་སྒྲུང་གཏམ་གྱི་ཁྱད་ཆོས་རགས་ཙམ་གླེང་བ།

2009-01-04 མགོན་པོ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།