ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་སྐོར་གླེང་བ།

ཆུ་སྐྱེས་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

 རྡི་ལི་བོད་ཀྱི་ཁང་པས་སམ་བྷོ་ཊ་ཞིབ་འཇུག་སློབ་གཉེར་གྱི་གོ་སྐབས་ཤིག་གནང་གིན་ཡོད་པ་དང༌། ཕྱི་ལོ་༢༠༠༢ལོར་གུས་མོས་བོད་ཀྱི་བུད་མེད་
རིག་པའི་སྐོར་ལ་ཞིབ་འཇུག་གི་ལས་འཆར་ཞིག་ཕུལ་བ་དེར་ཚོགས་ཆུང་ནས་མཁས་དབང་ཟླ་བ་ནོར་བུ་མཆོག་དང༌། མཁས་དབང་རཀ་ར་རིན་པོ་ཆེ་
ཐུབ་བསྟན་ཆོས་དར་མཆོག་རྣམ་པ་གཉིས་སློབ་སྟོན་པར་དམིགས་འཛུགས་གནང་སྟེ་ཞིབ་འཇུག་སློབ་གཉེར་གྱི་གོ་སྐབས་དེ་བསྩལ་སོན་བྱུང༌། ཐོག་
མའི་འཆར་གཞི་ནི་ལོ་གཉིས་ཀྱི་དུས་ཡུན་རེད་དེ། ཞིབ་འཇུག་གི་མཇུག་ཡོངས་སུ་བསྒྲིལ་བར་ལོ་གཅིག་འཕར་མའི་གོ་སྐབས་གནང་སོང་བ་བཅས་ཁྱོན་
བསྡོམས་ལོ་ངོ་གསུམ་གྱི་དུས་ཚོད་ནང༌། <<བོད་ཀྱི་བུད་མེད་སྐོར་གླེང་བ>>ཞེས་པའི་དེབ་ཅིག་ལེགས་འགྲུབ་བྱུང་བ་ནི། ངེད་རང་ནས་བོད་ཀྱི་བུད་མེད་
དང་འབྲེལ་བའི་ཤེས་རིག་སྐོར་ལ་ཞིབ་འཇུག་ཞུས་པ་ཐོག་མ་དང༌། དུས་ཚོད་རྒྱུན་རིང་ཤོས་བཏང་བའི་ཞིབ་འཇུག་ལས་གཞི་ཞིག་ཡིན། ངས་ཞིབ་འཇུག་
ཞུས་པའི་དེབ་ཀྱི་ནང༌། བུད་མེད་དམ་སྐྱེས་དམན་སོགས་བུད་མེད་དང་འབྲེལ་བའི་ཐ་སྙད་ནས་སྐྱེས་པ་ཕོ་དང་སྐྱེས་པ་མོའི་ཐོབ་ཐང་སྐོར་དང༌། ལོ་
རྒྱུས་ཐོག་གི་བུད་མེད་གྲགས་ཅན་གྱི་སྐོར། བོད་ཀྱི་བུད་མེད་ཤེས་ཡོན་ལྟེ་གནས་སུ་གྱུར་བའི་བཙུན་མའི་དགོན་སྡེ་ཁག་ཅིག་གི་སློབ་གཉེར་ལམ་ལུགས་ཀྱི་
སྐོར། བོད་ཀྱི་བུད་མེད་བླ་སྤྲུལ་གྱི་སྐོར། བུད་མེད་སྐུ་རྟེན་མའི་སྐོར། དེང་རབས་བུད་མེད་མཁས་པ་དང་རྩོམ་པ་པོ། མཛེས་རྩལ་བ་བཅས་ཀྱི་སྐོར་དང༌།
ཞིབ་འཇུག་སློབ་གཉེར་རིང་ཐབས་འཚོལ་ཞུས་པའི་དཔྱད་གཞིའི་ཡིག་ཆ་ཁག་ནས་བུད་མེད་ཀྱི་མཚན་གཞུང་དང་ལོ་རྒྱུས་མདོར་བསྡུས་རེ་བཅས་ཐོ་
འགོད་ཞུས་པར་བོད་ཀྱི་བུད་མེད་གྲགས་ཅན་གྱི་མིང་མཛོད་ཅེས་བཏགས་ནས་དེབ་ཀྱི་ཟུར་རྒྱན་ལྟ་བུར་བཀོད་ཡོད།
     ཞིབ་འཇུག་སློབ་གཉེར་གྱི་རིམ་པ་མཇུག་བསྒྲིལ་བའི་གྲུབ་འབྲས་ཀྱི་མ་ཟིན་དེ་མཁས་པ་ཁག་ཅིག་དང་འབྲེལ་ཡོད་ཞིབ་འཇུག་པ་ཁག་ཅིག་ལ་སྤྱན་
འབུལ་ཞུས་ནས་དགོངས་ཚུལ་ཅི་ཡོད་བཀའ་འདྲི་ཞུས་པར། དེང་རབས་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་བབ་སྐོར་ལ་ཞིབ་འཇུག་ཅིག་ཞུ་བའང་
གལ་ཆེན་ཡིན་པའི་དགོངས་འཆར་དེ་གཅིག་མཐུན་ལྟ་བུར་གླེང་སོང་ཡང༌། དེ་ནི་ལས་སླ་བོ་ཞིག་མིན་སྟབས། བསམ་བློའི་ནང་འཆར་གཞི་འདྲ་བཟོས་
ནས་བསྡད་པའི་རིང༌། བོད་ཀྱི་བུད་མེད་རྩོམ་རིག་གི་སྐོར་ལ་གང་འཚམ་བྱས་པ་ཡིན། བསམ་བློ་མང་པོ་ཞིག་བཏང་བའི་མཐའ་མ་དེར། ད་རེས་རྒྱལ་
སྤྱིའི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཆེད་རྩོམ་ལྟ་བུར་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་སྐོར་གླེང་བ་ཞེས་པ་
འདི་ངོ་སྤྲོད་ཀྱི་རྩོམ་ཡིག་གི་ངོ་བོ་ནས་བྲིས་པ་ཡིན། འདི་ནི་ཞིབ་འཇུག་གི་ལྟ་ཚུལ་ཙམ་ཞིག་ངོ་སྤྲོད་དང་ཞིབ་འཇུག་ཁྱབ་ཁོངས་ཙམ་ཡིན།
     ཞིབ་འཇུག་འདི་ནི་རྩོམ་རིག་གི་སྐོར་ཁོ་ན་ནས་གླེང་དགོས་པ་ཞིག་ཡིན་ནའང༌། ངེད་རང་ཞིབ་འཇུག་དངོས་གཞིར་ཞུགས་པའི་བརྒྱུད་རིམ་ནང༌།
ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོའི་གྲངས་འབོར་ཙམ་ལ་གཞི་འཛིན་མ་ཞུས་པར། རྩོམ་རིག་གི་རིན་ཐང་ཞིག་གཞི་རྩར་བཟུང་ནས་རྩོམ་པ་པོར་
ངོས་འཛིན་ཞུས་ཏེ་ལོ་རྒྱུས་བརྩད་ཞིབ་དང༌། རྩོམ་ཡིག་ཅི་སྤེལ་གྱི་གྲངས་འབོར་དང་རིན་ཐང་གི་ངོས་དེ་ཞིབ་འཇུག་ལས་གཞི་འདིའི་ཁ་ཕྱོགས་གཙོ་
བོར་བཟུང་དགོས་པའི་བསམ་བློ་ཡང་སེར་འཁོར་བ་ལྟ་བུ་བྱུང༌། མ་གཞི་བྱས་ན། དོ་བདག་རྩོམ་པ་པོའི་སར་ཆེད་བཅར་གྱིས་རྩོམ་འབྲིའི་ལམ་དུ་ཞུགས་
པའི་བརྒྱུད་རིམ་དང༌། རྩོམ་ཡིག་སྤེལ་བའི་ཉམས་མྱོང་དང་ལྟ་སྟངས་སོགས་ཀྱི་ཚན་པ་ཞིག་དགོས་ངེས་སུ་མཐོང་སོང་ཡང༌། དུས་ཀྱི་ཁོམ་པ་མ་བྱུང་བའི་
དབང་གིས་དེ་ནི་ནུས་མ་སོང༌། གཤམ་ལ་བརྗོད་གཞི་འདིའི་སྐོར་གྱི་བསམ་ཚུལ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།
       
                གཅིག  བོད་ཀྱི་བུད་མེད་རྩོམ་རིག་གི་སྤྱི་བབ་ལ་ལྟ་བ།
     བོད་ཀྱི་རྩོམ་རིག་ལོ་རྒྱུས་གླེང་མཁན་དང༌། རྩོམ་རིག་གི་རིན་ཐང་གླེང་མཁན་ཚོའི་ངོས་ནས་བཤད་ན། བུད་མེད་ཀྱི་རྩོམ་རིག་གི་གནས་བབ་ནི་དེ་
ཙམ་གྱི་གླེང་རིན་ཡོད་པ་ཞིག་མིན་པར་ངོས་འཛིན་བྱས་པའི་དབང་གིས་ཡིན་ནམ། ཡང་ན་གྲངས་འབོར་གྱི་བསྡུར་ཚད་ཅིག་གི་སྟེང་ནས་ཡིན་ནམ།
འདི་ནི་རྒྱུ་མཚན་འཚོལ་དཀའ་བའི་དྲི་བ་ཞིག་རེད། དཔྱད་གླེང་མང་ཆེ་བས་བོད་ཀྱི་བུད་རྩོམ་རིག་གི་གནས་བབ་སྐོར་གླེང་སློང་བྱེད་ཀྱིན་མེད་པ་འདིས།
ཡང་སྙིང་ཅི་ཞིག་སྟོན་གྱིན་ཡོད་པ་ཡིན་ནམ། དྲི་བ་འདི་འདྲ་ཞིག་སེམས་ནང་ཡང་ཡང་འཁོར་ནས་སླེབས་ཐེངས་རེར། དཔྱད་ཞིབ་ཅིག་བྱེད་པའི་
འདོད་པའང་ཇེ་ཆེར་གྱུར་བ་ལྟ་བུ་ཆགས་སོང༌།
      ཕྱི་ལོ༢༠༠༥ལོར་གཞིས་བཞུགས་བུད་མེད་རྩོམ་པ་པོ་དཔལ་མོ་ལགས་ཀྱིས་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྙན་རྩོམ་གཅེས་བསྡུས་ཤིག་
རྩོམ་སྒྲིག་གནང་བ<<བཞོ་ལུང>>ཞེས་པའི་དེབ་དེའི་ནང་བོད་ཕྱི་ནང་གི་བུད་མེད་སྙན་ངག་པ་ཉི་ཤུ་རྩ་གསུམ་གྱིས་བྲིས་པའི་སྙན་ངག་གྲངས༡༣༣
བསྡུས་འདུག་པ་དེ་དག་ནི། དེང་རབས་བོད་ཀྱི་བུད་མེད་རྩོམ་རིག་ཚབ་མཚོན་དང༌། བུད་མེད་རྩོམ་པ་པོ་ཉི་ཤུ་རྩ་གསུམ་མི་སྒེར་རེ་རེའི་ཆ་ནས་ཀྱང་
ཚབ་མཚོན་སྙན་ངག་ཡིན་པར་ངོས་འཛིན་བྱེད་དགོས་པ་ཡིན། གང་གིས་ཞེ་ན། དེབ་འདི་ནི་བོད་ཕྱི་ནང་གཉིས་ཀའི་བུད་མེད་རྩོམ་པ་པོའི་སྙན་ངག་
རྩོམ་རིག་གི་ཚབ་མཚོན་དུ་དཔར་སྐྲུན་བྱས་ཡོད་པས་རེད།
      འོན་ཏེ། <<བཞོ་ལུང>>སྙན་དེབ་འདིར་དངོས་བརྒྱུད་ཀྱི་འབྲེལ་བ་ཡོད་མཁན་ཚོས་གླེང་སྟངས་ལ་བལྟས་ན། འདི་ནི་ཀློག་པ་པོ་གང་མང་ལ་བོད་
ཀྱི་བུད་མེད་རྩོམ་པ་པོ་ཚོ་ཡང་ཧ་ཅང་གལ་ཆེན་པོ་ཡིན་པ་དང༌། ཁོང་ཚོས་བོད་ཀྱི་རྩོམ་རིག་ལ་ཕུལ་བའི་ལེགས་སྐྱེས་ཀྱང་ཧ་ཅང་ཆེན་པོ་ཡིན་པར་དྲན་
སྐུལ་གཏོང་བྱེད་ལྟ་བུར་འགྲེམས་སྤེལ་གནང་བ་ཞིག་ཡིན་པའི་ལྟ་ཚུལ་དང༌། བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གི་སྟོང་ཆ་ཞིག་ཁ་གསབ་ཀྱི་ཆེད་དང་བུད་
མེད་རྩོམ་པ་པོ་བསྐྱེད་སྲིང་གི་ཆེད་དུ་ཡིན་པའི་ལྟ་ཚུལ་སོགས་ལྟ་ཚུལ་སྣ་ཚོགས་ཤིག་གིས་བལྟས་འདུག་པ་འདིས་ང་ཚོའི་རིན་ཐང་ཞིག་ཡིན་པའི་ངོས་
འཛིན་བྱེད་དཀའ་བར་བཏང་འདུག་སྟེ། <<བཞོ་ལུང>>འདི་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་ལམ་ཚད་དང་རྐང་རྗེས་ཤིག་ནི་ཅིས་ཀྱང་ཡིན།
དེ་ནི་དེང་རབས་བུད་མེད་རྩོམ་པ་པོའི་དཔུང་ཁག་ཅིག་འདི་ལྟར་ངོ་སྤྲོད་བྱས་པ་བརྒྱུད་ནས་ད་གཟོད་ང་ཚོར་ཡང་རྐང་རྗེས་ཤིག་ཡོད་པ་མཚོན་ཐུབ་
ཡོད་པས་རེད།
      བུད་མེད་བཅུ་ཕྲག་གཉིས་བརྒལ་བའི་སྙན་ངག་ཕྱོགས་གཅིག་ཏུ་བསྡེབས་པའི་ཆ་ནས་དཔུང་ཁག་ཅིག་མངོན་ཡོང་གིན་ཡོད་ནའང༌། ཞིབ་ཏུ་
དཔྱད་ན་ང་ཚོས་རིན་ཐང་ལྡན་པའི་རྐང་རྗེས་ཤིག་ནི་ཕབ་ཐུབ་མེད་པར་སྙམ། ལྟ་ཚུལ་འདི་ནི<<བཞོ་ལུང>>གི་སྒྲིག་རིམ་དང་རིན་ཐང་གླེང་མཁན་
ཚོས་ལན་གཅིག་མ་ཡིན་པར་གསུང་གིན་འདུག་པ་དེ་རེད་ལ། དེ་ག་རང་ངོས་མ་ཞུས་རང་ཞུས་རེད། ཡང་གཅིག་བཤད་ན། དུས་དེབ་ཁ་ཤས་ཀྱིས་བོད་
ཀྱི་བུད་མེད་རྩོམ་པ་པོ་ཚོར་ཆེད་དམིགས་ཀྱི་ས་ཁོད་རེ་བཀོད་སྒྲིག་གནང་མྱོང་བའང་ལྟ་ཚུལ་འདི་འདྲ་ཞིག་ཡོད་པའི་རྐྱེན་གྱིས་མིན་ནམ་སྙམ།
      གང་ལྟར་ཐག་ཉེ་ས་ནས་བལྟས་ཏེ་བཤད་ན། དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔུང་ཁག་ཆུང་ངུ་འདིའི་ནང་ཆེད་ལས་ཉམས་ཞིབ་པ་
དང༌། རྩོམ་སྒྲིག་པ། དགེ་རྒན་སོགས་ལས་རིགས་སྣ་ཚོགས་པའི་ལས་དོན་སྒྲུབ་མཁན་ཡོད་པ་བདེན་ནའང༌། སྐྱེས་པ་རྩོམ་པ་པོ་ཚོ་དང་བསྡུར་ཐེངས་རེར།
ང་ཚོའི་ཕྱོགས་དང་ངོས་མང་པོ་ན་སྟོང་ཆར་ལྷག་པའི་གནས་སྟངས་ཀྱང་མང་པོ་ཞིག་ཡོད་པ་དག་ཁ་གསབ་མ་ཐུབ་པ་དེ་སྲིད་དུ་དཔུང་བ་མཉམ་གཤིབ་
ཟེར་བ་དེ་ཡོང་ཐུབ་ཐབས་མེད་པ་ཡིན་སྟབས། ང་ཚོས་ང་ཚོ་ངོས་འཛིན་དང༌། ང་ཚོས་ང་ཚོའི་གོམ་སྟབས་ཤིག་བསྒྱུར་ཐུབ་དགོས་པ་དེ་གལ་ཆེན་པོ་རེད།

             གཉིས། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་བབ་བཤད་པ།
     གོང་དུ་བོད་ཀྱི་བུད་མེད་རྩོམ་རིག་གི་ཚད་གཞི་དང་རིན་ཐང༌། ཡང་ན་དེར་ལྟ་སྟངས་མ་འདྲ་བ་ཁག་ཅིག་ཞུས་ཟིན་པ་ལྟར། བཙན་བྱོལ་བོད་ཀྱི་
བུད་མེད་རྩོམ་རིག་ནི་དེའི་ཆ་ཤས་ཤིག་རེད། ཡིན་ནའང༌། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་ཅེས་གླེང་རིན་ཡོད་པ་ཞིག་ཏུ་མཐོང་སོང་སྟབས། ཕྱི་ལོ
༡༩༥༩ནས་ད་ལྟའི་བར་ཏེ། མི་ལོ་བཞི་བཅུ་ཞེ་བདུན་རིང་གི་བུད་མེད་རྩོམ་རིག་གི་ངོས་དེར་བསྐྱར་ཞིབ་ཅིག་བྱེད་འདོད་བྱུང༌། <<བོད་མིའི་རང་
དབང>>གསར་ཤོག་གིས་ཐོག་དྲངས་པའི་ཕྱིར་སྡོད་བོད་ཀྱི་ཚགས་དེབ་ཁག་གི་དཀར་ཆག་ལ་རོབ་བལྟས་ཙམ་བྱས་པ་ཡིན་ན། དེའི་ནང་བུད་མེད་རྩོམ་
པ་པོ་གང་འཚམ་ཞིག་མཐོང་དུ་ཡོད་ནའང༌། ཕྱིར་སྡོད་བོད་ཀྱི་བུད་མེད་སྤྱི་ཚོགས་ནང་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་པ་ནི་དུས་རབས་སྔ་མའི་ལོ་
རབས་དགུ་བཅུའི་ནང་རེད།
      འདིར་དཔེ་མཚོན་གཞན་ཞིག་བཀོད་ན། དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་ནང་ཙམ་ནས། བཀའ་རྙིང་བློ་བཟང་བདེ་སྐྱིད་ལགས་ཀྱིས་
བརྩམས་གནང་བའི<<མི་ལོ་ཉི་ཤུའི་རིང་གི་སྐྱོ་གནས་རྩིས་རྒྱག་གི་དྲན་ཐོ>>དང༌། ཚེ་རིང་ཆོས་འཛོམས་སམ་ཟླ་སྲིང་དགྱེས་པའི་བློ་གྲོས་ཀྱིས་བརྩམས་
སྤེལ<<བོད་ས་སྦྲུལ(ཕྱི་ལོ༡༩༨༩)ལོའི་ལི་ཐོ་རྒྱས་པ་མུན་སེལ་སྒྲོན་མེ>>དང༌། (འདི་ནི་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཅིག་གིས་ལི་ཐོའི་ཟིན་བྲིས་ཕབ་པ་
ཐོག་མ་ཡིན) <<དུས་སྦྱོར་གྱི་ལག་ལེན་འགའ་ཞིག་གི་བསྟན་པ་ག་ནི་པའི་སྙིང་ནོར>>(གཞན་ཡང་རྩིས་རིག་དང་འབྲེལ་བའི་ཕྱག་རྩོམ་འགའ་ཤས་བྲིས་
བརྩམས་གནང་མྱོང་ཡོད་པ་བཅས་ཀྱི་ཆ་ནས་བུད་མེད་ནང་རྩིས་པ་མཁས་པར་བགྲངས་འོས་པ་ཡིན) གངས་ལྷ་མོས་རང་ཉིད་བོད་དུ་སྡོད་རིང་གི་
གནས་སྟངས་ལས་བརྩམས་པའི<<ཚ་ཟེར་ངར་དུག་གིས་གཞོམ་མ་ནུས་པའི་གངས་རིའི་ཆུ་ཐིགས>>ཚ་རོང་དབྱངས་ཅན་སྒྲོལ་དཀར་གྱིས་བརྩམས་
པའི<<སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་བོད་ཀྱི་རྒྱལ་ས་ལྷ་སའི་སྣང་ཚུལ་མདོར་བསྡུས>>སོགས་རིམ་ཅན་དུ་
ཐོན་ཡོད་པ་དང༌། གཞན་ཡང་གཤམ་ནས་བརྗོད་འགྱུར་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་དག་ཐོན་པ་རེད། འདི་དག་ནི་ཕྱིར་སྡོད་བོད་ཀྱི་སྤྱི་ཚོགས་
ནང་བུད་མེད་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་པའི་རིམ་པ་རེད།
      ད་ནི་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་བཤད་ན། སྐལ་བཟང་ལྷ་མོས་བརྩམས་པའི<<དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་གཅིག>>དང༌། ཚེ་རིང་ལྷ་
མོས་བརྩམས་པའི<<བྱིས་པའི་སྙན་གཞས་ཕྱོགས་བསྒྲིགས>> གཟུངས་ཕྱུག་སྐྱིད་ཀྱིས་བརྩམས་པའི<<འཇགས་མི་སྲིད་པའི་རླབས་རྒྱུན>>  ཚེ་རིང་སྐྱིད་
ཀྱིས་བརྩམས་པའི་སྙན་རྩོམ་དེབ་ཕྲེང་དང་པོ<<ཚེ་རིང་སྐྱིད་ཀྱི་རྩོམ་བཏུས>>དང་དེབ་ཕྲེང་གཉིས་པ<<ཟླ་བའི་ཚོམས>> འཇམ་དཔལ་ལྷ་མོ་དང་ཉི་མ་
འཚོ་གཉིས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས<<མི་ཚེའི་འགྲུལ་བཞུད་དང་པོ>>ངེད་རང་གི་སྙན་རྩོམ་ཕྱོགས་བསྒྲིགས<<སྤྲིན་བྲལ་ཟླ་བའི་འཛུམ་རླབས>>
དང་བོད་ཀྱི་བུད་མེད་རིག་པའི་སྐོར་ལ་ཞིབ་འཇུག་དེབ<<བོད་ཀྱི་བུད་མེད་སྐོར་གླེང་བ>>བཅས་ནི་ཕྱིར་སྡོད་བོད་ཀྱི་སྤྱི་ཚོགས་ནང་བུད་མེད་རྩོམ་པ་
པོའི་བོད་ཡིག་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་སྐོར་རེད་ལ། དེ་ག་ནང་བཞིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་བུད་མེད་
རྣམས་ཀྱིས་སྤྱི་ཚོགས་ནང་ནུས་པ་འདོན་ཐབས་གོང་སྤེལ་དང༌། སྤྱི་ཚོགས་ཀྱི་འགན་ཁུར་ལེན་པར་འབོད་སྐུལ། བུད་མེད་རྣམས་ཀྱི་ཤེས་ཡོན་གོ་རྟོགས་
མཐོར་འདེགས་ཡོང་ཐབས། ཡང་ཕྱོགས་གཞན་ཞིག་ནས་བོད་ཀྱི་བུད་མེད་དམ་པ་ཚོས་མཛད་པའི་བཀའ་རྩོམ་དང་མཛད་རྗེས་ངོ་སྤྲོད་སོགས་ལ་
དམིགས་ཏེ་འདོན་འགྲེམས་གནང་བ་བོད་ཀྱི་བུད་མེད་རྩོམ་རིག་ཆེད་འགོད་ཀྱི་དུས་དེབ<<གཡུ་མཚོ>>དང༌། བོད་ཀྱི་བུད་མེད་ཚོགས་པས་བུད་མེད་
ནང་ཕན་ཚུན་བསམ་འཆར་ལྷུག་འདོན་དང༌། ལྟ་ཚུལ་སྤེལ་རེས་སོགས་ལ་དམིགས་ནས་འདོན་འགྲེམས་གནང་མུས<<སྒྲོལ་མ>>དུས་དེབ། བོད་ཀྱི་
བཙུན་མའི་ལས་འཆར་གྱིས་བཙུན་མའི་སྤྱི་ཚོགས་ནང་རྩོམ་རིག་ལ་དོ་སྣང་སྤེལ་ཐབས་དང༌། རྩོམ་པ་པོ་བསྐྱེད་བསྲིང་སོགས་ལ་དམིགས་ནས་འདོན་
འགྲེམས་གནང་མུས<<ཐེའུ་གསར>>བཅས་བུད་མེད་ཀྱི་ཆེད་དུ་ཡིན་པའི་རྩོམ་རིག་དུས་དེབ་གསུམ་ཡོད་པ་བཅས་ཀྱི་སྐུལ་འདེད་འོག་བཙུན་མའི་
དགོན་སྡེ་ཁག་དང༌། སློབ་གྲྭ་ཁག་གི་བུད་མེད་དགེ་རྒན་དང་བུད་མེད་སློབ་གཉེར་བའི་ནང་རྩོམ་ཡིག་སྤེལ་མཁན་གང་འཚམ་བྱུང་དང་འབྱུང་བཞིན་
ཡོད་པའི་གནས་སྟངས་འདི་ནི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་རིག་ཅེས་པའི་ངོ་བོ་ནས་གླེང་རིན་ཡོད་པ་ཞིག་རེད་སྙམ།
      ངས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལྟར་ན། ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ནང་རྩོམ་རིག་དུས་དེབ་བཞི་བཅུ་ཡས་མས་ཤིག་ཡོད་པའི་སྟེང༌།
བུད་མེད་ཀྱིས་ཆེད་བྲིས་རྩོམ་རིག་གིས་གོ་གནས་གང་འཚམ་བཟུང་ཡོད་པ་སྟེ། འདིར་དཔེ་མཚོན་ཙམ་བཀོད་པ་ཡིན་ན། <<གཡུ་མཚོ>>
<<སྒྲོལ་མ>> <<རྩམ་པ>> <<ལྡུམ་ར>> <<ནོར་འོད>>  <<བློ་གསལ་རྩོམ་རིག་དགའ་ཚལ>> <<རྩོམ་རིག་གི་གྲུ་ཁ>> <<བོན་སྒོ>>
<<ཁ་བ>>སོགས་དུས་དེབ་ཁག་དང༌། <<ནོར་ལྡེ>>རིག་གཞུང་སྐྱེས་འཕྲིན། <<ཕ་ཡུལ་ཤེས་བྱའི་བང་མཛོད>>རིག་གཞུང་སྐྱེས་འཕྲིན་སོགས་ཀྱི་
ནང་དུ་བུད་མེད་རྩོམ་པ་པོས་སྤེལ་བའི་སྙན་ངག་དང་སྒྲུང་རྩོམ། སྒྱུར་རྩོམ་ཡོད་པ་ཕུད། དཔྱད་བརྗོད་དང་དཔྱད་རྩོམ་ཡང་གང་འཚམ་ཞིག་སྤེལ་ཐོན་
ཡོད་པ་དེ་དག་གི་རིན་ཐང་གི་ངོས་ནས་བཤད་པ་ཡིན་ན། ལོ་རྒྱུས་ཀྱི་མྱོང་བྱང་དང༌། སེམས་ཁམས་ཀྱི་ཚོར་འདུ་སོགས་བརྗོད་གཞིར་བཟུང་ཡོད་པ་ཡིན་
སྟབས། ཚད་གཞི་འདི་ནི། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་ཚད་གཞིའི་ངོས་ནས་བཤད་ན། གླེང་རིན་ཡོད་པ་དང་ངོམ་རིན་ཡོད་པ་ཞིག་རེད།
     ཡིན་ནའང༌། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་བབ་དངོས་ནི། ད་དུང་ཡང་འཚར་ལོངས་བརྒྱུད་རིམ་ཞིག་གི་ངོ་བོར་གནས་ཡོད་པ་
ལས། འཕེལ་རྒྱས་ཀྱི་མངོན་རྟགས་གསལ་བོ་ཞིག་ནི་ད་དུང་ཡང་མཐོང་དཀོན་པ་ལྟ་བུར་མཐོང༌། གང་གིས་ཞེ་ན། སྤྱིར་བོད་ཀྱི་སྤྱི་ཚོགས་ནང་བུད་མེད་
རྩོམ་པ་པོ་ཉུང་ངུ་ལས་མེད་པ་དང༌། ཉུང་ངུ་དེ་དག་གིས་ཀྱང་གཞི་རྒྱ་ཆེ་བའི་བརྩམས་ཆོས་སྤེལ་བའི་སེམས་ཤུགས་བསྐྱེད་ཀྱི་མེད་པ་ནི་ཕྱིར་སྡོད་བོད་ཀྱི་
བུད་མེད་རྩོམ་རིག་འཕེལ་རིམ་ནང་གི་སྟོང་ཆ་ཞིག་རེད། འདི་ནི་བོད་ཡིག་གི་ལམ་ནས་རྩོམ་བྲིས་སྤེལ་མཁན་གཞི་ལ་བཞག་ནས་བཤད་པ་ཡིན། སྐད་
ཡིག་གཞན་སྤྱད་ནས་རྩོམ་ཡིག་སྤེལ་མཁན་གྱི་དབང་དུ་བྱས་ན། དབྱིན་ལན་དུ་གནས་སྡོད་གཡང་སྒྲོལ་ལགས་དང༌། ཨ་རིར་གནས་སྡོད་བློ་བཟང་རབ་
རྒྱས་ལགས་སོགས་ཀྱིས་མཚོན་པའི་དཔུང་སྡེ་ཆུང་ངུ་ཞིག་ཡོད་པ་དང༌། དེ་དག་གིས་ནི་གཞི་རྒྱ་ཆེ་བའི་ཉམས་ཞིབ་གནང་གིན་ཡོད་པ་ཡིན་སྟབས། ངའི་
མཐོང་སྣང་ལ་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོའི་ནང་ནས་རྒྱལ་སྤྱིའི་རྩོམ་སྟེགས་ཀྱི་གོ་བབ་ཡོད་པ་ནི་སྐད་ཡིག་གཞན་སྤྱད་ནས་རྩོམ་བྲིས་སྤེལ་
མཁན་དག་རེད། འདི་ཙམ་ནི་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིགགི་གནས་བབ་ལ་ངོས་འཛིན་བྱེད་ཀྱིན་ཡོད།

              གསུམ། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔུང་ཁག་ལ་བལྟ་བ།
     ངས་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་སྐོར་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ནང༌། སྤུས་ཚད་དང་འགྲེམས་སྤེལ་གྲངས་ཚད་གཉིས་ཐད་
ནས་ཚད་གཞི་ངེས་ཅན་ཡིན་པའི་དུས་དེབ་བཅུ་བདུན་ཙམ་ལ་དཔྱད་ཞིབ་ཞུས་པ་ཡིན། དེ་དག་གི་ནང་དུ་བུད་མེད་རྩོམ་པ་པོ་སུམ་ཅུ་སོ་གསུམ་གྱི་རྩོམ་
ཡིག་སྤེལ་འདུག་ནའང༌། མང་ཆེ་བ་ནི་སློབ་ཕྲུག་གིས་སྤེལ་བའི་སྙན་ངག་དང༌། སྒྲུང་ཐུང༌། ངོ་སྤྲོད་རྩོམ་ཡིག་བཅས་རེད་འདུག ཡིད་ཕངས་པ་ཞིག་ལ།
ཕྱིར་སྡོད་བོད་ཀྱི་སྤྱི་ཚོགས་ནང་དཔྱད་རྩོམ་སྤེལ་མཁན་གྱི་བུད་མེད་རྩོམ་པ་པོ་ནི་གཉིས་ནས་གསུམ་ཙམ་ལས་མི་འདུག གནས་སྟངས་འདི་འདྲ་ཞིག་
ཆགས་པའི་དབང་གིས། ངས་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་གནས་སྟངས་ནི་འཚར་ལོངས་ཀྱི་གནས་སྟངས་ཤིག་ཏུ་ངོས་འཛིན་ཞུ་ཡི་ཡོད། ཡང༌།
ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོའི་གྲངས་འབོར་དང་ཚད་གཞིའི་ངོས་ནས་བཤད་ན་བརྒྱ་ཆ་མང་ཤོས་ནི་སློབ་གཉེར་བའི་དཔུང་སྡེ་ཆགས་ཡོད་
ཅིང༌། དེ་དག་གིས་སློབ་གྲྭ་རང་ཉིད་ཀྱི་དུས་དེབ་ཁག་གི་ནང་རྩོམ་ཡིག་སྤེལ་བ་མང་བ་ལས། དུས་དེབ་གཞན་དག་གི་ནང་དུ་རྩོམ་ཡིག་སྤེལ་བ་ཉུང་ཉུང་
ཡིན་སྟབས། དུས་དེབ་སྤྱི་ཡོངས་ནས་བལྟས་ན། བུད་མེད་རྩོམ་པ་པོ་ཚོས་ཆ་ཤས་ཉུང་ངུ་ཞིག་ལས་ལེན་ཐུབ་མེད་པའི་ཚོར་སྣང་སྟེར། འདི་ནི་ད་ལྟའི་ཕྱིར་
སྡོད་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔུང་ཁག་ཐུན་མོང་གི་གོམ་སྟབས་རེད་ལབ་ན་འགྲིག་གི་རེད་སྙམ།
 
              བཞི། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གི་རིན་ཐང་ལ་བལྟ་བ།
       ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་གནས་བབ་དང་བོད་ནང་གི་རྩོམ་རིག་གནས་བབ་གཉིས་བསྡུས་མཁན་ཚོས་བཤད་པ་ལྟར་ན། དེ་གཉིས་ལ་
ཐུན་མོང་གི་འདྲ་ས་མང་པོ་ཡོད་པ་ཕུད། ཐུན་མོང་མ་ཡིན་པའི་ཆའང་མང་པོ་ཞིག་ཡོད་པར་ཤོད་ཀྱི་ཡོད་པ་རེད་ལ། དེ་ག་ནང་བཞིན་ཕྱིར་སྡོད་བོད་ཀྱི་
བུད་མེད་རྩོམ་རིག་གནས་བབ་དང་བོད་བཞུགས་བུད་མེད་རྩོམ་རིག་གི་གནས་བབ་དང་རིན་ཐང་གི་ངོས་ནས་བཤད་ནའང༌། འདྲ་བའི་ཆ་དང་མི་འདྲ་
བའི་ཆ་མང་པོ་ཞིག་ཡོད་པ་རེད། དེ་གཉིས་མཚུངས་བསྡུར་བྱེད་པའི་དཔྱད་ཡིག་གི་ཚབ་མཚོན་ལྟ་བུ་ནི་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྙན་
རྩོམ་གཅེས་བསྒྲིགས<<བཞོ་ལུང>>རེད།
      ང་ཚོས<<བཞོ་ལུང>>གཞི་ལ་བཞག་ནས་བལྟས་ན། དེའི་ནང་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་ལྔ་ཙམ་གྱི་ལོ་རྒྱུས་དང་སྙན་ངག་གྲངས་སུམ་ཅུ་
སོ་བཞི་བཀོད་ཡོད་པ་དེའི་ནང༌། སྐལ་བཟང་ལྷ་མོའི་སྙན་ངག་དེ་ཚོ་སྲོལ་རྒྱུན་སྙན་ངག་ཡིན་པ་ཕུད། དེ་འཕྲོས་རྣམས་ནི་རང་མོས་སྙན་ངག་རེད། གྲངས་
འབོར་གྱི་ངོས་འདི་གཞིས་བཞུགས་བུད་མེད་རྩོམ་པ་པོའི་སྙན་ངག་རྩོམ་རིག་དང་བསྡུར་ན་གཞི་རྒྱ་ཆུང་ངུ་ཡིན་ནའང༌། ང་ཚོས་ཕྱོགས་གཉིས་བསྡུར་
ནས་བལྟ་སྐབས། <<བཞོ་ལུང>>དེབ་འདིའི་ནང་གཞིས་བཞུགས་པ་བདེ་སྐྱིད་སྒྲོལ་མས་སྤེལ་བའི<<ཟླ་ཐོ་ཆུ་མོ་དགུ་མདུད>>དང༌། <<ལོ་ཐོ་བརྩི་བའི་
ཞགས་ཐག>> <<འཛམ་གླིང་མཛེས་པའི་རྒྱན་གཅིག>> <<ཐོག་མའི་བརྩེ་དུང་གི་འདུ་བྲལ>>བཅས་དང༌། བྱེས་བཞུགས་པ་སྐལ་བཟང་ལྷ་མོས་སྤེལ་
བའི<<དངོས་གྲུབ་ཅིག་གནོངས་ཤིག>>དང༌། <<དགའ་ལྡན་ལྔ་མཆོད>>  <<གཡའ་དྭངས>> <<གྲོགས་དག>>  <<རྨི་ལམ>>བཅས་དང༌།
གཞན་ཡང༌། གཅན་ཚ་བདེ་སྐྱིད་སྒྲོལ་མས་སྤེལ་བའི<<རྨ་འགྲམ་མཐོང་བ་ཀུན་སྨོན>>དང<<མཛའ་ན་མོ>> དེ་བཞིན་ཆབ་སྤེལ་ཚེ་དཔལ་ནས་
སྤེལ་བའི<<རྒྱལ་ཁའི་འབྲུག་སྒྲ>>དང༌།<<ཕ་ཡུལ་དུས་ཆེན་ལ་བསྟོད་པ>> <<ས་མཐོའི་འཕྲིན་བཟང>> <<ཡིད་རབ་ཚིམས་པའི་འཛུམ་མདངས>>
བཀྲས་གླིང་ཆུང་བདག་གིས་སྤེལ་བའི<<དེང་དུས་ཞིང་བའི་འཚོ་བར་བསྟོད་པ>> <<རྟ་རྒྱུགས>> <<ཀ་བཤད་དམན་ཆུང་བསྟོད་པ>> འབྲུག་མོ་སྐྱིད་
ཀྱིས་སྤེལ་བའི<<མཆོད་པར་བརྗོད་པ>> <<དྲན་གདུང>>  <<མཆོད་པའི་མེ་ཏོག>>  <<ཕྱིར་མཇལ་སྨོན་ལམ>> <<དྲི་མེད་མེ་ཏོག>>  <<དྲིན་
ཆེན་གྱི་མ་ཡུམ>> <<གློག་སྒྲོན>> ལུ་གུ་སྐྱིད་ཀྱིས་སྤེལ་བའི<<ཕ་ཡུལ་ལ་བསྟོད་པ་ཉམ་ཆུང་བུང་བའི་གཤོག་རླབས>><<མ་བཅོས་གསལ་བའི་རང་
མདངས>> དབྱངས་གོ་སྒྲོལ་མས་སྤེལ་བའི<<རྨི་ལམ་གྱི་ཤུལ་དུ་ལུས་པའི་རབ་རིབ་ཀྱི་སྙན་ངག>> <<བོར་ཟིན་པའི་བདག>>དཔལ་མོས་སྤེལ་བའི
<<ངས་ནི་གངས་ཀྱི་མེ་ཏོག་འཐུ་ཞིང་འགྲོ>>ལྷུན་གྲུབ་སྐྱིད་ཀྱིས་སྤེལ་བའི<<རི་སྐྱེས་མེ་ཏོག་སླར་ཡང་དྲན་པ>>འཛོམས་པ་ལྷ་མོས་སྤེལ་བའི<<མི་
རྟག་པ>>དང༌། <<ཆུ་འཛིན་བུ་མོའི་གླུ་དབྱངས>><<ད་ལྟའི་སྣང་ཚུལ་འགའ་ལ་ཡིད་རེ་སྐྱོ>><<མུན་སེལ་སྒྲོན་མེ>>བཅས་ནི་སྲོལ་རྒྱུན་སྙན་ངག་
དག་རེད་ལ། བསྡོམས་པས་རྩོམ་ཡིག་གྲངས་སུམ་ཅུ་སོ་ལྔ་ལས་མེད། དེ་འཕྲོས་ནི་དེང་རབས་རང་མོས་སྙན་ངག་གིས་བཟུང་ཡོད། སྙན་དེབ་འདིར་ཁྱོན་
བསྡོམས་རྩོམ་ཡིག་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པའི་ནང་སྲོལ་རྒྱུན་སྙན་ངག་གིས་ས་ཁོད་ཆུང་ངུ་ཞིག་ལས་ཟིན་མེད་པ་འདིས། གཞི་རྩའི་
ཚད་གཞི་ཞིག་སྟོན་གྱིན་ཡོད་པ་དང༌། འདིས་ང་ཚོའི་མདུན་ལྗོངས་ཀྱང་མངོན་གྱིན་ཡོད། དེ་བས་ཀྱང་དེབ་འདིའི་ནང་ཕྱིར་སྡོད་བོད་ཀྱི་བུད་མེད་
རྩོམ་པ་པོའི་ལྔའི་སྙན་ངག་བསྡུས་ཡོད་པའི་ནང་སྲོལ་རྒྱུན་སྙན་རྩོམ་སྤེལ་མཁན་ལ་སྐལ་བཟང་ལྷ་མོ་གཅིག་བུ་ལས་མེད་པ་འདི་ནི་བཙན་བྱོལ་བོད་
ཀྱི་བུད་མེད་རྩོམ་རིག་གི་ཚད་གཞི་གཞལ་བྱེད་ཡིན་དགོས་པར་ཤོད་ཀྱི་མེད་དེ། དཔྱད་གཞི་འདིའི་དབང་དུ་བྱས་ན་དེ་ནི་ཚད་གཞི་གཞལ་བྱེད་དུ་
ངེས་པར་འཇོག་དགོས་པ་ཡིན།
        ལྟ་སྟངས་འདི་འདྲ་ཞིག་སྤྱད་ནས་བལྟས་ན། ཡང་ན་གཞིས་བྱེས་གཉིས་ཀྱི་ངོས་གཉིས་བསྡུར་ནས་བཤད་ན། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་
ལ་རང་ཉིད་ཀྱི་ཁྱད་ཆོས་དམིགས་བསལ་བ་འདི་ཡོད་ཅེས་བཤད་རྒྱུའི་ཆ་རྐྱེན་ཇེ་ཉུང་དུ་འགྲོ་བ་ཡིན། དེ་ནི་ང་ཚོས་བསྡུར་སྟངས་གཅིག་གི་སྟེང་ནས་
བཙལ་ཐུབ་པ་ཞིག་རེད། དོན་འདིར། <<དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་གཅིག>>ཀློག་མཁན་མང་ཆེ་བས་ལྟ་ཚུལ་གཅིག་རང་འདོན་པ་སྟེ། ཕྱིར་
སྡོད་བོད་མིའི་སྤྱི་ཚོགས་ནང་གི་བུད་མེད་རྩོམ་རིག་གི་ཚབ་མཚོན་ཞིག་བཙལ་དགོས་ན། སྐལ་བཟང་ལྷ་མོ་དང་ཁོང་གིས་སྤེལ་བའི་བརྩམས་ཆོས་ཀྱི་ངོས་
དག་གླེང་ན་ལས། དེ་ལས་གཞན་གྱི་ཚབ་མཚོན་གླེང་བྱ་ཞིག་ཧ་ལམ་ང་ཚོས་རྙེད་དཀའ་བའི་ཚོད་དུ་སྣང་ཞེས་བརྗོད་མཁན་ཉུང་ཉུང་མ་རེད། གང་གིས་
ཞེ་ན། ང་ཚོས་དེང་རབས་རང་མོས་སྙན་ངག་འདིར་སྙན་ངག་གི་ཁྱད་ཆོས་མི་འདུག་ཟེར་ག་ལ་འོས་ཏེ། ཚད་གཞི་ཞིག་གི་ངོས་ན་བཤད་ན། ཕྱིར་སྡོད་བོད་
ཀྱི་བུད་མེད་རྩོམ་རིག་གི་ཁྱབ་ཁོངས་སུ་ཡོད་པའི་རང་མོས་སྙན་ངག་འདི་ཚོར་དེ་ཙམ་གྱི་ཚད་གཞི་ངེས་ཅན་ཞིག་དང་རིན་ཐང་ངེས་ཅན་ཞིག་ཡོད་པའི་
ངོས་འཛིན་བྱེད་མཁན་ད་དུང་ཡང་ཉུང་ཉུང་རེད།
        དེ་ལྟར་ནའང༌། རེ་བའི་ངོས་ནས་བཤད་ན། ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ནང་དུས་དེབ་མང་པོ་ཞིག་ཡོད་པ་དེ་དག་གི་སྟེང་དུ་བུད་མེད་ལོ་
གཞོན་མང་པོ་ཞིག་གིས་རྩོམ་ཡིག་སྣ་ཚོགས་པ་སྤེལ་དང་སྤེལ་མུས་ཀྱི་གནས་སྟངས་འདི་ནི། དེ་སྔར་ཡོད་མ་མྱོང་བའི་གྲངས་འབོར་དང་ཚད་གཞི་ཞིག་
རེད་ལ། ཚད་གཞི་འདི་བརྒྱུད་ནས་ང་ཚོར་བུད་མེད་རྩོམ་པ་པོ་མང་པོ་ཞིག་འཚར་ལོངས་ཡོང་བའི་རེ་བ་བྱས་ཆོག་པའང་ཡིན།

           ལྔ། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་བརྩམས་ཆོས་དང་འབྲེལ་ནས་རྩོམ་པ་པོ་ཁག་ཅིག་ངོ་སྤྲོད།
        ༡ <<དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་གཅིག>> རྩོམ་པ་པོ་སྐལ་བཟང་ལྷ་མོ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་
ཕྱི་ལོ༡༩༩༩ལོར་དཔར་འགྲེམས་གནང༌། ཁྱོན་བསྡོམས་ཤོག་གྲངས༨༧ཡོད་པ་དང་ཞུ་སྒྲིག་གནང་མཁན་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་
འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཡིན།
     སྐལ་བཟང་ལྷ་མོ་ལགས་ནི། ཕྱི་ལོ༡༩༦༧ལོར་ལྷོ་ཁར་སྐྱེས་པ་དང༌། ཆུང་དུས་ནས་སློབ་གྲྭར་ཞུགས་ནས་སློབ་གཉེར་དང༌། མཁས་དབང་དུང་
དཀར་བློ་བཟང་འཕྲིན་ལས་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱོང་གཉེར་ཐོབ་མྱོང་བ་ཞིག་ཡིན། ད་ལྟ་ཨ་རིའི་ནེའུ་ཡོག་ཏུ་
རྟེན་གཞི་བྱས་ཏེ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་ལས་དོན་བྱེད་བཞིན་པ་ཞིག་ཡིན།
       ༢ <<སྤྲིན་བྲལ་ཟླ་བའི་འཛུམ་རླབས>>རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ། རང་གཞུང་ཤེས་རིག་དཔར་ཁང་ནས་ཕྱི་ལོ༡༩༩༩ལོར་དཔར་འགྲེམས་
གནང༌། ཁྱོན་བསྡོམས་ཤོག་གྲངས༡༨༠ཡོད་པ་དང༌། དེབ་འདིའི་ནང་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག ལྷུག་རྩོམ་སྙན་ངག་བཅས་གྲངས༤༣
བསྡུས་ཡོད།
       ཕྱི་ལོ༡༩༧༡ལོར་ལྷ་སར་སྐྱེས། རང་ལོ་བདུན་པ་ནས་ལོ་ལྔའི་རིང་སློབ་ཆུང་དུ་བོད་རྒྱའི་སྐད་ཡིག་སྦྱངས། ཕྱི་ལོ༡༩༩༠ལོར་རྒྱ་གར་ནང་འབྱོར་
བ་དང་ཕྱི་ལོ་༡༩༩༠ལོ་ནས་ཕྱི་ལོ༡༩༩༤ལོའི་བར་སུ་ཇ་བོད་ཡིག་སློབ་གྲྭར་བོད་ཡིག་དང་དབྱིན་ཡིག་སློབ་གཉེར་དང༌། ཕྱི་ལོ༡༩༩༤ནས་ཕྱི་ལོ༡༩༩༦ལོའི་
བར་ས་རཱ་རིགས་ལམ་སློབ་གཉེར་ཁང་དུ་རིག་གནས་རབ་འབྱམས་པ་དང་དགེ་འོས་ཆེད་གཉེར་གྱི་སློབ་སྦྱོང་བྱས། ཕྱི་ལོ༢༠༠༣ནས་ཕྱི་ལོ༢༠༠༥
བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གཉེར་བའི་ཐེངས་དང་པོའི་ཡིག་འབྲེལ་སློབ་གཉེར་བའི་ཁོངས་སུ་ཞུགས་ནས་མཐོ་རིམ་རིག་གནས་
རབ་འབྱམས་པའི་ལག་ཁྱེར་བླངས། ཕྱི་ལོ༢༠༠༦ལོར་དབྱིན་ཡུལ་ཁམ་པུ་རེ་ཇི་གཙུག་ལག་སློབ་གཉེར་ཁང་ནས་དབྱིན་ཇིའི་སྐད་ཡིག་སློབ་གཉེར་གྱི་གོ་
སྐབས་བླངས། ཕྱི་ལོ༡༩༩༩ལོར་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ<<སྤྲིན་བྲལ་ཟླ་བའི་འཛུམ་རླབས>>དཔར་འདོན་དང༌། ཕྱི་ལོ༢༠༠༢ནས༢༠༠༤བར་
རྡི་ལི་བོད་ཁང་ནས་སམ་བྷོ་ཊ་ཞིབ་འཇུག་སློབ་ཡོན་བསྩལ་ཐོབ་བཞིན་མཁས་དབང་ཟླ་བ་ནོར་བུ་དང་རཀ་ར་རིན་པོ་ཆེ་རྣམ་གཉིས་ཀྱིས་སློབ་སྟོན་
འགན་བཞེས་འོག་བོད་ཀྱི་བུད་མེད་རིག་པའི་སྐོར་ལ་ཞིབ་འཇུག་གི་མཐའ་མའི་གྲུབ་འབྲས་ལྟ་བུར<<བུད་མེད་སྐོར་གླེང་བ>>ཞེས་པའི་དེབ་གཅིག་
གྲུབ། དགེ་རྒན་དང༌། ཞིབ་འཇུག རྩོམ་སྒྲིག ཡིག་སྒྱུར་བཅས་ཀྱི་ལས་དོན་གཉེར་བཞིན་ཡོད།
      ༣ <<ཚེ་རིང་སྐྱིད་ཀྱི་རྩོམ་བཏུས>> རྩོམ་པ་པོ་ཚེ་རིང་སྐྱིད། ཕྱི་ལོ༢༠༠༢ལོར་དཔར་འགྲེམས་གནང༌། དེབ་འདིའི་ནང་དེང་རབས་རང་མོས་སྙན་
ངག་གྲངས༦༢བསྡུས་འདུག ཕྱི་ལོ༢༠༠༥ལོར་སྙན་དེབ་གཉིས་པ<<ཟླ་བའི་ཚོམས>>དཔར་འགྲེམས་གནང༌། དེབ་འདིའི་ནང་རྩོམ་ཡིག་གྲངས༣༢བསྡུས་
འདུག་པ་དང༌། ཤོག་གྲངས༨༩འདུག
      ཚེ་རིང་སྐྱིད་ནི། ཕྱི་ལོ༡༩༨༢ལོར་མདོ་སྨད་བླ་བྲང་དུ་སྐྱེས་ཤིང༌། སློབ་ཆུང་ནས་སློབ་འབྲིང་བར་སློབ་གཉེར་བྱས་མཇུག་རྒྱ་གར་ནང་འབྱོར་བ་
ཞིག་ཡིན།
     ༤ <<མི་ཚེའི་འགྲུལ་བཞུད་དང་པོ>> རྩོམ་པ་པོ་འཇམ་དཔལ་སྒྲོལ་མ་དང་ཉི་མ་འཚོ། ཕྱི་ལོ༢༠༠༣ལོར་དཔར་འགྲེམས་གནང༌། དེབ་འདིའི་ནང་
ཁྱོན་བསྡོམས་རྩོམ་ཡིག་གྲངས༣༠བསྡུས་ནས་བཏོན་འདུག
      ཉི་མ་འཚོ་ནི། མདོ་སྨད་བླ་བྲང་ཁོངས་འབོ་ར་ནས་སྐྱེས་པ་དང༌། སློབ་ཆུང་དང་སློབ་འབྲིང་བར་བསྐྱོད་ནས་ཕྱི་ལོ༡༩༩༩ལོར་རྒྱ་གར་ནང་འབྱོར་
ནས་སྦིར་སློབ་ཏུ་སློབ་སྦྱོང་དང༌། དེ་སྔ<<ཟམ་པ>>དུས་དེབ་ཀྱི་རྩོམ་སྒྲིག་པའང་བྱས་མྱོང་བ་ཞིག་དང༌། ད་ཆར་ནོར་གླིང་མཐོ་སློབ་ཏུ་སློབ་གཉེར་བྱེད་
བཞིན་པ་ཞིག་ཡིན།
      འཇམ་དཔལ་སྒྲོལ་མ་ནི། མདོ་སྨད་རྔ་བ་ནས་སྐྱེས་ཤིང༌། སློབ་ཆུང་ནས་སློབ་འབྲིང་བར་བསྐྱོད་ནས་ཕྱི་ལོ༡༩༩༨ལོར་རྒྱ་གར་ནང་འབྱོར་ནས་སྦིར་
སློབ་ཏུ་སློབ་སྦྱོང་གནང་མྱོང་བ་ཞིག་ཡིན།
     ༥ <<བྱིས་པའི་སྙན་གཞས་ཕྱོགས་བསྒྲིགས>>རྩོམ་པ་པོ་ཚེ་རིང་ལྷ་མོ། བོད་གཞུང་ཤེས་རིག་དཔར་ཁང་ནས་ཕྱི་ལོ༢༠༠༦ལོར་དཔར་འགྲེམས་
གནང༌། དེབ་འདིའི་ནང་སྙན་གཞས་གྲངས༤༠དང་ཤོག་ངོས༨༩ཡོད་ཅིང༌། དེབ་འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་དགེ་རྒན་དང་སློབ་མ་
གཉིས་ཐད་ནས་དགའ་མོས་ཆེ་ཤོས་གནང་ཡུལ་གྱི་སྙན་གཞས་དེབ་ཅིག་ཆགས་ཡོད།
      ཚེ་རིང་ལྷ་མོ་ནི། ཕྱི་ལོ༡༩༦༩ལོར་བོད་དབུས་སྟག་རྩེ་བསམ་འགྲུབ་གླིང་དུ་སྐྱེས་ཤིང༌། བོད་ནང་སྡོད་སྐབས་སློབ་ཆུང་ནས་སློབ་འབྲིང་བར་རིམ་
བརྒྱུད་དང༌། རྒྱ་གར་ནང་སླེབས་ནས། སྦིར་སུ་ཇ་སློབ་གྲྭར་བོད་དབྱིན་སྐད་ཡིག་སྦྱོང་གཉེར་དང༌། དེ་རྗེས་རྡ་ས་རིགས་སློབ་ཏུ་དགེ་འོས་སློབ་གཉེར་ཐོན་
ནས་མ་སུ་བོད་ཕྲུག་ཁྱིམ་སྡེར་བོད་ཡིག་དགེ་རྒན་གྱི་ལས་དོན་སྒྲུབ་བཞིན་པ་དང༌། ཕྱི་ལོ༢༠༠༣ནས་ཕྱི་ལོ༢༠༠༥བར་ས་རུ་བོད་ཀྱི་མཐོ་རིམ་སློབ་
གཉེར་ཁང་གིས་གཉེར་བའི་ཐེངས་དང་པོའི་ཡིག་འབྲེལ་སློབ་གཉེར་བའི་ཁོངས་སུ་ཞུགས་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་ཁྱེར་ཐོབ་
པ་ཞིག་ཡིན། ཚེ་རིང་ལྷ་མོར་མཚོན་ན། སྙན་ངག་དང་སྒྲུང་རྩོམ་མང་པོ་སྤེལ་ཡོད་པ་ཕུད། སྒྱུར་རྩོམ་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཀྱང་མང་པོ་
སྤེལ་བཞིན་པ་ཞིག་ཡིན།
     ༦ <<འཇགས་མི་སྲིད་པའི་རླབས་རྒྱུན>> རྩོམ་པ་པོ་གཟུངས་ཕྱུག་སྐྱིད། ཕྱི་ལོ༢༠༠༣ལོར་དཔར་འགྲེམས་གནང༌། དེབ་འདིའི་ནང་རྩོམ་ཡིག་གྲངས
༧༩བསྡུས་འདུག་པ་དང༌། དེབ་ཧྲིལ་བོར་ཤོག་ངོས༡༧༨འདུག
     གཟུངས་ཕྱུག་སྐྱིད་ནི། མདོ་སྨད་ཚ་ནག་ཏུ་སྐྱེས་ཤིང༌། ཕྱི་ལོ༡༩༩༧ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་པ་ཡིན་འདུག སྔ་རྗེས་སུ་རྩོམ་ལུས་སྣ་
ཚོགས་པའི་སྙན་ངག་མང་པོ་བྲིས་ནས་དུས་དེབ་ཁག་ཅིག་ནང་སྤེལ་བ་དང༌། བོད་དུ་སྡོད་སྐབས་ཏེ། ཕྱི་ལོ༡༩༩༩ལོར་སྙན་དེབ་དང་པོ<<བྱུ་རུའི་ལས་
དབང>>དཔར་འདོན་དང༌། ཕྱི་ལོ༢༠༠༢ལོར་རྒྱ་གར་ནང་འབྱོར་ནས་མུ་མཐུད་རྩོམ་ཡིག་བྲིས་ཏེ་སྙན་དེབ་གཉིས་པ<<འཇགས་མི་སྲིད་པའི་བཞུར་
རྒྱུན>>དཔར་འདོན་བྱས་ཡོད། ད་ལྟའི་ཆར་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་དང་འབྲེལ་ནས་ཞིབ་འཇུག་སློབ་གཉེར་གནང་བཞིན་ཡོད་པ་རེད།

                                           མཇུག་བསྡུའི་ཞུ་ཚིག
      ཕྱིར་སྡོད་བོད་མིའི་སྤྱི་ཚོགས་འདི་ནི་ལོ་ན་བཞི་བཅུར་སོན་པ་མན་གྱི་ནང་བྱིས་པ་དང་གླེན་ལྐུགས་ཀྱི་རིགས་ཕུད། དེ་མིན་ཚང་མས་ཡི་གེ་ཤེས་ཀྱི་
ཡོད་པ་ཡིན་སྟབས། ཡིག་རྨོངས་པ་ཞིག་འཚོལ་དགོས་ན་དཀའ་ལས་ཆེན་པོ་རེད། ཤེས་ཡོན་དར་བའི་སྤྱི་ཚོགས་འདི་འདྲ་ཞིག་ནང་ཡོད་པའི་བུད་མེད་
ཚོར་མཚོན་ནའང༌། བོད་ཀྱི་སྐད་ཡིག་དང་རྒྱ་གར་སྐད་ཡིག ད་དུང་དབྱིན་ཇིའི་སྐད་ཡིག་བཅས་ཀྱི་ཤེས་ཡོན་ཚད་ངེས་ཅན་ཡོད་མཁན་དང༌། ལྷག་པར་
དུའང༌། མང་ཆེ་བར་སྐད་ཡིག་གཉིས་རང་རྐྱ་འཕེར་བའི་ཤེས་ཚད་ཡོད་པ་རེད་ལབ་ན་འགྲིག་པའི་ཚོད་རེད། ཡིན་ནའང༌། བུད་མེད་རྩོམ་པོའི་ངོས་ན་
བལྟས་ན། དེ་ཙམ་གྱི་མང་པོ་ཞིག་མེད་པ་ནི་དངོས་ཡོད་གནས་སྟངས་རེད། འདི་འདྲ་ཡིན་སྟབས། ངས་ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་པ་པོ་ཁག་ཅིག་
དང་ཁོང་ཚོས་བརྩམས་པའི་དེབ་ཀྱི་སྐོར་ངོ་སྤྲོད་བྱེད་པ་གཙོ་བོར་བཟུང་བ་ཡིན། བུད་མེད་རྩོམ་པ་པོ་འདི་དག་ལ་རྩོམ་བྲིས་ཉམས་མྱོང་དང་དམིགས་
བསལ་གྱི་ཁྱད་ཆོས་ག་རེ་ཡོད་མེད་དང༌། ཡང་གཅིག་བཤད་ན། རྩོམ་རིག་གི་བརྗོད་བྱའི་ཁྱབ་ཁོངས་དང་སྡེབ་སྦྱོར་གྱི་ཁྱད་ཆོས་སོགས་ཞིབ་ཚགས་དང་
རྒྱས་པར་གླེང་བའི་ངལ་བ་བསྟེན་ཐུབ་མེད་ནའང༌། ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་འདི་འཚར་ལོངས་བརྒྱུད་རིམ་ཞིག་ཡིན་པའི་ངོས་འཛིན་བྱེད་
སྟངས་ཀྱི་ཆ་ནས་བལྟས་ན། གླེང་རིན་མེད་པ་ཞིག་མ་རེད། གླེང་སློང་ཙམ་དུ་དམིགས་ནས་འདི་ཙམ་གྱིས་མགོ་མཇུག་གྲུབ་པར་བྱས་པ་ཡིན། དེས་ན། ད་
ལམ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ནས་ཆེད་ཕེབས་མཁས་པ་དང་ཞིབ་འཇུག་པ་དག་གིས་གླེང་དཔྱད་འདིར་སྐྱོན་དང་ནོར་འཁྲུལ་ཅི་ཡོད་ཡོ་
བསྲང་གི་དགོང་འཆར་གནང་རོགས་ཞུ་རྒྱུ་ཡིན།

          ཕྱི་ལོ༢༠༠༦ལོའི་ཟླ༦པའི་ཚེས༡༢ལ་དབྱིན་ལན་ཁམ་པུ་རེ་ཇི་གཙུག་ལག་སློབ་གཉེར་ཁང་ནས་མ་ཟིན་བཏབས། ཟླ༨པའི་ཚེས༢༧ལ་འཇར་
མན་གྱི་བྷོན་གཙུག་ལག་སློབ་གཉེར་ཁང་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་སྒྲོག་
འགྲེམས་ཞུས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་སྡོད་བོད་ཀྱི་བུད་མེད་རྩོམ་རིག་སྐོར་གླེང་བ།

2008-10-29 ཆུ་སྐྱེས་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།