དོན་གྲུབ་རྒྱལ་བསམ་བློ་པ་ཡིན་མིན་སྐོར་གླེང་བ།

     ང་ཚོས་དོན་གྲུབ་རྒྱལ་ཁོང་བསམ་བློ་པ་ཡིན་མིན་ཐད་ཀྱི་གཏམ་གླེང་རེ་གཉིས་བྱ་བ་ལ།  ད་སྔའི་བར་ཡིག་ཐོག་ནས་དོན་གྲུབ་རྒྱལ་བསམ་བློ་
ཡིན་མིན་གྱི་ཐད་ལ་སྒྲོལ་མ་རྒྱ་མཚོས<<མང་ཚོགས་སྒྱུ་རྩལ>>དུ་བྲིས་པའི་རྩོམ་ཡིག་དེ་དང༌། འབྲོང་བུ་ཚེ་རིང་རྡོ་རྗེ་དང་མགར་རྩེ་རྟ་མགྲིན་རྒྱལ་གཉིས་
ཀྱིས<<བོད་ལྗོངས་ཞིབ་འཇུག>>སྟེང་བགྲོ་གླེང་མཛད་ཡོད་པ་དེ་གཉིས་ལས་གཞན་མཐོང་རྒྱུ་མ་བྱུང༌། མང་ཚོགས་ཀྱི་ཁྲོད་ནའང་ཁོང་ཉིད་བསམ་བློ་པ་
ཡིན་མིན་གྱི་ཐད་ལ་ལྟ་བ་མི་མཐུན་པ་ཡོད་དེ།  ཁ་ཤས་ནི་བསམ་བློ་པ་ཡིན་པར་འཐད་ཅིང་དེ་ལྡོག་གཞན་བྱིངས་ནི་མིན་པར་སྨྲ་བ་རེད།
      འདིར་བགྲོ་གླེང་དེའི་སྐོར་དགོས་དབང་གིས་རགས་ཙམ་ཞུས་ན།  ཐོག་མར་མགར་རྩེ་རྟ་མགྲིན་རྒྱལ་གྱིས་དོན་གྲུབ་རྒྱལ་ལོ་རབས་བརྒྱད་ཅུ་བའི
(སྒྲོག་བཞིན་པ་མ་ཡིན་པའི)བསམ་བློ་བའི་གྲས་སུ་མ་བཞག་པར་ཕངས་སེམས་ཤོར་བ་བསྟན་ཅིང༌། དོན་གྲུབ་རྒྱལ་ནི་ལོ་རབས་བརྒྱད་ཅུའི་ནང་དུ་
བོད་གངས་ཅན་གྱི་ལྗོངས་སུ་བྱུང་བའི་བོད་རིག་པ་སྨྲ་བ་ཞིག་དང༌། རྩོམ་རིག་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན་པར་མ་ཟད། བོད་ཀྱི་དེང་རབས་བསམ་བློ་
སྨྲ་བ་ཞིག་རེད་ཅེས་སྡོམ་ཚིག་བཀོད་ཡོད་དེ།<<ལང་ཚོའི་རྦབ་ཆུ>>དང<<འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག>>
<<རྐང་ལམ་ཕྲ་མོ>>སོགས་ནི་ཁོང་གི་བསམ་བློ་མཚོན་པའི་བརྩམས་ཆོས་གཙོ་བོ་ཡིན་པ་དང༌།“རྙིང་ཞེན་དང་བག་འཁུམས་ནི་མདུན་དུ་སྐྱོད་པའི་
བགྲོད་ལམ་སྟེང་གི་བར་ཆད་ཡ་ང་བ་ཞིག་ཏུ་ངོས་བཟུང་ལ། སྙིང་ཞུམ་དང་རང་སྡོམ་དེའང་རྗེས་སུ་ལུས་པའི་ངན་རྐྱེན་འཇིགས་སུ་རུང་བ་ཞིག་རེད”
ཅེས་པ་ནི་ཁོང་གི་བསམ་བློའི་བརྗོད་སྙིང་གཙོ་བོ་རེད་ཅེས་བསྟན་འདུག་པར་མ་ཟད།  དུང་དཀར་ཚང་གིས་བསམ་བློ་པར་བཀོད་པའི་ལྟ་ཚུལ་ཞིག་ལུང་
གི་རྒྱབ་རྩར་དྲངས་ཡོད་དེ།“སྤྱིར་བསམ་བློ་བ་ཟེར་བ་དེ་ང་རང་གི་ལྟ་ཚུལ་ལྟར་ན།    བསམ་བློ་གཏོང་མཁས་པ་དང་བསམ་ཚུལ་གསར་བ་ཡོད་པ་དེ་
འདྲ་ཞིག་རེད།  དེ་ཡང་དུས་རབས་ཀྱི་ཁྱད་ཆོས་ཡོད་པ་དང་ཁོ་རང་ལ་དམིགས་བསལ་གྱི་བསམ་བློའི་རིན་ཐང་ཡོད་པ།  དུས་རབས་ཀྱི་མིའི་བསམ་བློ་
ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་པ་ཞིག་ལ་ངོས་འཛིན་གྱི་མེད་དམ་བསམ་གྱི་འདུག  གང་ཡིན་ཟེར་ན།  བསམ་བློ་དེ་རིགས་སྤྱི་ཚོགས་ནང་ཤུགས་
རྐྱེན་ཆེན་པོ་ཡོད་པ་དང༌།  ཡུན་རིང་པོར་གནས་ཐུབ་པ་ཞིག་ཡིན་པའི་རྐྱེན་གྱིས་རེད”ཅེས་པ་ནི་མགར་རྩེ་རྟ་མགྲིན་རྒྱལ་གྱི་ལྟ་ཚུལ་གཙོ་བོ་རེད།  དེ་
ལ་འབྲོང་བུ་ཚེ་རིང་རྡོ་རྗེས་བགྲོ་གླེང་གི་ཕྱིར་ལན་ཕུལ་ཡོད་པ་མདོར་བསྡུས་ན།  དོན་གྲུབ་རྒྱལ་ཁོང་ཤེར་རྟོགས་རིག་པའི་ཆ་ནས་བསམ་བློ་བ་མིན་པ་
དང༌།  རྩོམ་རིག་གི་ཐད་ནས་བསམ་བློ་དང་བཞེད་སྲོལ་གང་དུ་རྟོགས་མིན་ད་དུང་དབྱེ་ཞིབ་སུས་ཀྱང་བྱས་མེད་ཅེས་པ་སྟེ།  ཤུགས་སུ་བསམ་བློ་ཞེས་པ་
རིག་ཚན་གྱི་དབང་གིས་འཇོག་པ་ཞིག་ཡིན་པ་ནི་རྩོམ་རིག་ལ་རྩོམ་རིག་གི་བསམ་བློ་དང༌།  དཔལ་འབྱོར་ལ་དཔལ་འབྱོར་གྱི་བསམ་བློ། མདོར་ན་མིའི་
རིགས་ཀྱིས་བསམ་བློ་དང་བསམ་བློ་པ་ཞེས་གདགས་གཞི་ཕུལ་ཡུལ་ཚོས་སོ་སོའི་རིག་གཞུང་གི་རྣམ་པ་ཉིད་སྤྱད་དེ་བསམ་བློ་ཞིག་ངེས་པར་མཚོན་པར་
བྱེད་པ་དང༌།  བསམ་བློ་དེར་དམིགས་བསལ་གྱི་མ་ལག་ཅིག་ཡོད་པ་དང་ཉེ་བར་མཁོ་བ་ནི་བསམ་བློ་ཞེས་བྱ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད་ཅེས་པ་
ནི་ཐེངས་དེའི་བགྲོ་གླེང་གི་བརྗོད་བྱ་གཙོ་བོ་རེད།
         སྤྱིར་བཏང་བསམ་བློ་པ་ཞིག་ཡིན་ཚེ་ཐུན་མིན་གྱི་ལྟ་བ་རེ་གཉིས་གསར་རྩོམ་གྱི་ལག་ལེན་ལ་བརྟེན་ནས་དངོས་ཤུགས་གང་རུང་གིས་བསྟན་
འདུག་ཅེས་པ་ཙམ་གྱིས་འཐུས་པ་ཞིག་མ་རེད།  གལ་སྲིད་བསམ་བློ་ཁོ་ན་སྟོན་པའི་བརྩམས་ཆོས་ཀྱི་ཕྱི་མོ་མེད་རུང། བརྩམས་ཆོས་གཞན་གང་རུང་ལས་
ཁོལ་དུ་ཕྱུངས་ཚེ་མ་མཐའ་ཡང་ཐར་ཐོར་གྱི་ལྟ་བ་དེ་དག་སྔ་ཕྱི་གུང་འགྲིག་པའམ་འབྲེལ་ཆགས་པ་ཞིག་དང༌། མ་ལག་ཅན་ཞིག་ཏུ་གྲུབ་པ།  ཕུན་སུམ་
ཚོགས་པ་ཞིག  གཏིང་ཟབ་པ་ཞིག་བཅས་སྣ་སྒོ་བཞི་ཚང་དགོས་པ་ཞིག་ཏུ་འདོད་ཅིང༌།  དུང་དཀར་ཚང་གི་ལྟ་ཚུལ་དེར་གཞིཊ་ན།
           བསམ་བློ་གཏོང་མཁས་པ།
           བསམ་ཚུལ་གསར་བ་ཡོད་པ།
           དུས་རབས་ཀྱི་ཁྱད་ཆོས་ཡོད་པ།
           རང་ཉིད་ལ་དམིགས་བསལ་གྱི་བསམ་བློའི་རིན་ཐང་ཡོད་པ།
           དུས་རབས་ཀྱི་མིའི་བསམ་བློ་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་པ་བཅས་ལྔ་བོ་ནི་བསམ་བློ་པ་ཞིག་ལ་ངེས་པར་ཚང་དགོས་པར་བསྟན་ཡོད།
དེར་བརྟེན་འདི་ཉིད་ཚད་གཞི་ཞིག་ཏུ་བརྩིས་ཏེ་ཀློག་པ་པོ་རང་རང་གིས་ཁོང་ཉིད་བསམ་བློ་པ་ཡིན་མིན་གྱི་བརྡར་ཤ་གཅོད་ཆོག་མོད། ང་ཚོས“ཚད་
གཞི”འདི་རེ་ཞིག་ཕར་གཡུགས་ ཀྱང་རུང་སྟེ། ཁོང་གི་སྙིང་སྟོབས་རྣལ་མ་བོ་ཡིན་ན་ཚད་གཞི་དེ་དག་ལའང་དོགས་པ་འཆང་བ་ཞིག་ཡིན་སྲིད་ཀྱི་རེད་
སྙམ།
           གལ་སྲིད་དོན་གྲུབ་རྒྱལ་བསམ་བློ་པ་ཞིག་ཡིན་པར་བཞག་པ་དང༌།   ཁོང་གི་བསམ་བློ་ནི་མ་ལག་ཅིག་ཏུ་གྲུབ་པ་ཞིག  བརྟན་འཇགས་ཙམ་
གྱི་ངེས་པ་མཆིས་པ་ཞིག་ཡིན་ཚེ།  ང་ཚོས་དེ་ཉིད་དཔེ་ངོས་བློ་སྐྱོར་ནང་བཞིན་ད་ལྟའི་དུས་སུ་སྤྱོད་ཆོག་ཆོག་ཅིག་ལས་གཞན་ཁོལ་དུ་ཕྱུང་བའི་དགོས་པ་
ཡེ་ནས་མ་མཆིས།  བསམ་བློ་པ་ཞེས་པའི་“པ་སྒྲ”དེས“དོན་གྲུབ་རྒྱལ”ལ་ དབང་ཆ་ཁྱད་པར་བ་ཞིག་སྤྲད་དེ།  དེ་ཉིད་གཞན་མགོ་གཅོག་བྱེད་ཀྱི་ཐོ་བ་
ཞིག་ཏུ་གྱུར་ན།    ཁོང་ལ་རྗེས་སུ་ཡི་རང་བྱེད་པ་མིན་པར་ཁོང་གི་སྙིང་སྟོབས་དང་རྒྱབ་འགལ་དུ་སོང་ཡོད་པ་རེད།  ལྷག་པར་དུ་སྨྱུག་ཐོགས་པས་ཁོང་
གི་བརྩམས་ཆོས་དང་མི་ཚེ་ལ་སློབ་སྦྱོང་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་ཁྲོད་དུ།  ཁོང་གི་ལྟ་དུ་ཚུལ་དེ་དག་ཐར་ཐོར་དུ་སྣང་ཞིང་སྔ་ཕྱི་གུང་
བསྒྲིགས་པའི་ཐད་དུ་རང་ཉིད་ཀྱིས(ཀློག་པ་པོ)ཨུ་ཚུགས་བཙང་དགོས་པ་ཞིག་ཡིན་པའི་ཉམས་སྣང་ཡང་སྐྱེས་ཏེ། དོན་དྲིལ་བར་བཤད་ན་གཞུང་ལུགས་
ཀྱི་རང་རྟོགས་ཡོད་པ་ཞིག་མ་རེད། བསམ་བློ་པ་ཡིན་མིན་ཡང་ཁོ་བོ་ལྟར་ན་གནད་དེའི་སྟེང་ནས་བཞག་ཆོག་ཀྱང་སྙམ། གཞན་ཡང་ཁོང་གི་སྙིང་སྟོབས་
ཁྱད་པར་བ་གསར་གཏོད་ཅེས་པར་ཁོང་རང་ཉིད་ཀྱི་བརྩམས་ཆོས་ཁོ་ནའི་སྟེང་ནས་བཤད་ན་ཕལ་ཆེ་བ“ཁ་གཡང”ཙམ་ཞིག་ཏུ་འདུག་པའང་ཚོར།
            རྩོམ་ཡིག་འདིར་ཁོང་གི་ཐར་ཐོར་གྱི་ལྟ་ཚུལ་དེ་དག་དང་གཞན་ཡང་ཁོང་གི“མི་ཚེ”ལ་ འབྲེལ་འདྲིས་བྱས་པ་ལས་བྱུང་བའི་ཉམས་
མྱོང་གཞི་བྱས་ཐོག་སྔོག་འདོན་དང་དབྱེ་ཞིབ་དང་རྒྱུད་འཛིན་བཅས་བྱས་ཏེ་བསམ་བློའི་གཞི་རྐང་ཆགས་པ་ཙམ་ཞིག་དང་དུས་རབས་འདིའི་སྙིང་
སྟོབས་ཀྱི་བང་མཛོད་ཅིག་ཏུ་གྱུར་ཚེ། དེ་ནི་བསམ་བློ་པ་ཞིག་རེད་ཅེས་པའི་སྒྲུབ་བྱེད་དུ་ཅིས་ཀྱང་འཇོག་མི་ཉན་ཏེ། འདི་ནི་ས་བཅད་འདིར་ནན་དུ་
གསལ་བཤད་བྱེད་དགོས་པ་གཙོ་བོ་ཞིག་ཡིན།
           ཁོ་བོ་རང་གི་ལྟ་ཚུལ་ལྟར་ན།  གལ་སྲིད་བསམ་བློ་པ་ཞེས་པ་ནི་ཤེར་རྟོགས་རིག་པའི་ཆ་ནས་འཇོག་དགོས་ཚེ། སྙིང་སྟོབས་འདི་ད་དུང་ཡང་
བསྲེགས་བཅད་བརྡར་གསུམ་བྱེད་དགོས་པ་ཞིག་ལས་བསམ་བློའི་ཐོན་ཁུངས་གཏོས་ཆེ་བ་ཞིག་ཏུ་གྲུབ་མེད། གང་ལྟར་དོན་གྲུབ་རྒྱལ་གྱིས་ང་ཚོར་སྔར་
མེད་པའི“ཚན་རིག”དང“འདྲ་མཉམ”“རང་དབང”སོགས་ཀྱི་བརྡ་ཆད་དམ་དེའི་ཤུགས་ཀྱི་བསམ་བློའི་གཉུག་མའི་རྒྱུ་ཆ་གང་མང་བསྩལ་ཡོད་པ་ནི་
ཤིན་ཏུ་ནས་གལ་ཆེ་ལ། ང་ཚོས་མུ་མཐུད་དུ་སྔོག་འདོན་དང་ཞིབ་འཇུག་བྱ་ཆོག་ཕྱིར། ཁོང་གི་སྙིང་སྟོབས་དེ་ད་དུང་ཡང་དཔུང་འཇུག་བྱ་ཡུལ་གྱི“མྱ་
ངམ་ཐང”ཆེན་པོ་ཞིག་ཏུ་འདོད།
            ལོ་རྒྱུས་ཀྱིས“དོན་གྲུབ་རྒྱལ”བཟོས་པ་རེད་དམ། ཡང་ན་དོན་གྲུབ་རྒྱལ་གྱིས“ལོ་རྒྱུས”བསྐྲུན་པ་རེད། ཧམ་ལེ་ཀྲི་ལྟ་བུའི་འདྲི་ཚིག་འདི་རྙོག་
དྲ་ཞིག་ཏུ་སྣང་ཡང་སྲིད་མོད། ཞིབ་ཏུ་བརྟགས་ན་ཁོ་བོ་ནི་སྔ་མ་དེར་འཐད་ཤས་ཡོད་དེ། ལོ་རྒྱུས་དང་སྤྱི་ཚོགས་དང་དུས་རབས་ཀྱི་ཁོར་ཡུག་
བཅས་ཀྱི་དབང་གིས་ལོ་རབས་བརྒྱད་ཅུ་པར་བོད་མ་ཟད་ཀྲུང་གོའི་ནང་ཁུལ་གྱི་བསམ་བློའི་མཁའ་དབུགས་ཁྲོད་དུ་རྟོགས་སད་ཀྱི་དྲི་མ་ངད་ཁ་ཐུལ་ལེ་
བ་ཞིག་གིས་ཁྱབ་ཡོད་ཅིང༌། ཆེས་ཐོག་མར་མཁའ་དབུགས་དེ་བརྔུབས་པའི་གོ་སྐབས་རེག་པའི་དོན་གྲུབ་རྒྱལ་ལ་མཚོན་ན། རིགས་སྟོབས་སྐྱེན་པའི་རྐྱེན་
དང་བསྟུན་ནས་རིམ་བཞིན་དུས་རབས་དེའི་མགྲིན་ཚབ་པ་ཞིག་ཏུ་འགྱུར་བ་ཐག་གིས་ཆོད་ཅིང༌། ལོ་རྒྱུས་ཀྱི་ཉམས་མྱོང་གང་མང་གིས་ར་སྤྲོད་ཐུབ་པ་
ནི། མགྲིན་ཚབ་པའི་ཐོག་མའི་དབྱངས་རྟ་གཙོ་བོ་དེ་ནམ་ཡང་རྩོམ་རིག་གསར་རྩོམ་གྱི་ལམ་བུ་ནས་འགོ་བརྩམས་པ་ཞིག་ཀྱང་རེད།
           གསར་བའི་ངང་ཚུལ་དུ་ཤུགས་ཀྱིས་འབྱུང་བཞིན་པའི་བསམ་བློའི་མཁའ་དབུགས་དེ་ལ་དུས་རབས་ཀྱི་བློ་འདུན་ཡང་ཟེར་ཏེ། མགྲིན་ཚབ་པ་
ཞིག་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་རྐྱེན་ནི་ཁོང་རང་ཉིད་ཀྱི་རིག་གནས་བྱ་བྱེད(དཔེར་ན་ཁོང་ཉིད་རྩོམ་རིག་གསར་རྩོམ་ལ་མོས་པ་ལྟ་བུ)དང་དུས་
རབས་ཀྱི་བློ་འདུན་གཉིས་ལམ་བཞི་མདོ་ལྟ་བུ་ཞིག་ནས་ངོ་འཕྲད་ཅིང་མཛའ་བཤེས་སུ་གྱུར་པ་དང་རག་ལས་པ་ཞིག་རེད།  དུས་རབས་ཀྱི་བློ་འདུན་དེ་
ནི་གཞུང་ཡིག་ལྟ་བུ་ཞིག་མིན་ལ།    དམངས་བྱིངས་ཀྱི་འདུན་པ་མཚོན་ཐུབ་པའམ་ཡང་ན་རྒྱལ་ཁབ་ཀྱིས་ཐག་གིས་བཅད་པའི་སྒྲིག་ཁྲིམས་ལྟ་བུ་ཞིག་
ཀྱང་མིན། ཐ་ན་སྤྱི་ཚོགས་ཡོངས་སུ་ཚ་ཚ་འུར་འུར་དུ་བསྒྲགས་ཤིང་གྲགས་པའི་བསམ་བློའི་རླབས་རྒྱུན་གཙོ་བོ་སྟེ། དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་
སུ་གཞོལ་བར་བྱའོ་ཞེས་པའི་ཁ་གཡང་ལྟ་བུ་མིན་པར། ལོ་རབས་བརྒྱད་ཅུ་པར་ཐུན་མིན་དུ་ཡོད་པའི་བློ་འདུན་ཁྱད་པར་བ་ཞིག་སྟེ། དོན་གྲུབ་རྒྱལ་དང་
དོན་གྲུབ་རྒྱལ་ལྟ་བུས་ཏག་ཏག་ལ་བློ་འདུན་དེའི་ནུས་པ་རྟོགས་ཤིང་དེ་ཉིད་རྒྱ་སྐྱེད་དུ་འདོན་པར་བརྩོན་པ་རེད། ཐུན་མོང་གི་སྤྱི་ཚོགས་སུ་ཐུན་མིན་གྱི་
ལྟ་བ་སྒྲོག་པ་ནི་མགྲིན་ཚབ་པ་ཞིག་གི་ཁྱད་ཆོས་ཉག་གཅིག་ཀྱང་ཡིན་ལ། ཁོས་འཐུས་ཚབ་བྱ་ཡུལ་ནི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་གང་རུང་མ་ཡིན་པར་རང་
ཉིད་ཀྱི་གོ་རྟོགས་དང༌། ཕལ་བའི་ངང་ཚུལ་དང་དབང་གྲགས་ཀྱི་མཐའ་འཁོབ་ཏུ་འཕག་འཚག་བྱེད་པའི“མང་ཚོགས”ཀྱི་འདོད་བློའམ་ཁེ་དབང་
ཁོ་ན་ཡིན། དེར་བརྟེན་གསར་དར་གྱི་བློ་འདུན་དེ་ག་དུས་ད་ལྟ་བའི་སྤྱི་ཚོགས་ལ་མཚོན་ན་འགྲུལ་བ་རྒྱུས་མེད་ཅིག་ཏུ་སྣང་ཞིང༌།  དེས་སྔར་ཞོ་ལྟར་
ཆགས་པའི་སྤྱི་ཚོགས་དང་སྒྲིག་སྲོལ་དང་དབང་དང་གོ་ས་བཅས་པར་འགྲན་བཙུཊ་ཏེ་རང་ཉིད་ལའང“ཁྱིམ་གྱི་གོ་ཁ”འོས་ཙམ་དབང་བར་བརྩོན་
ལེན་ཅི་ཐུབ་བྱེད་པ་རེད།
            མཁའ་དབུགས་གསར་བ་བརྔུབས་པ། རང་ཉིད་ཀྱི་རྟོགས་པས་སྦྱངས་པ། དེ་ཡང་ཆེས་ཉུང་ཤས་སུ་གྱུར་པའི“མང་ཚོགས”ཀྱི་འདོད་བློ་
དང་མཐུན་པ་བཅས་ཀྱིས་དོན་གྲུབ་རྒྱལ་གྱིས་སྐབས་ཐོག་དེར་རྩོམ་རིག་གི་དར་ཆ་མཐོ་རུ་བསྒྲེངས་པ་སྟེ། ཁོང་གིས་རྩོམ་འབྲི་བ་ནི་ལག་ཆ་དང་མཚོན་
ཆ་ཞིག་ཡིན་ལ། ང་ཚོས་ལག་ཆ་བཀོལ་ཤེས་ཤིང་མཚོན་ཆ་དེ་འཛིན་ཤེས་དགོས་ཅེས་པ་ལྟར། སྙིང་སྟོབས་རིགས་ཤིག་གོ་ཆར་སྦྲན་ཏེ་རྨོངས་མུན་སྤྱི་
ཚོགས་ཀྱི་ངན་མཚང་འབྲུ་བའི་ལྟ་བ་སྣ་ཚོགས་རྩོམ་རིག་དང་ལྷག་པར་དུ་སྒྲུང་གཏམ་གྱི་ལམ་ནས་བརྗོད་ཅི་ཐུབ་བྱས་ཡོད།  ཡིན་ནའང༌། དོན་གྲུབ་རྒྱལ་
གྱི་སྒྲུང་གཏམ་སོགས་ལ་སྐབས་དེར་སྤྱི་ཚོགས་སྟེང་གྲཊ་འགུལ་ཆེན་པོ་བྱུང་བ་ལས་ཡུན་རིང་གི་ལོ་སྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་མི་འདུག་ཅེས་སྨྲ་བ་
བཞིན། སྙིང་སྟོབས་དེ་ནི་ཁོང་ལ་མཚོན་ནའང་གསར་བ་གསར་རྐྱང་གི་ཚུལ་དུ་འདུག་པས། བསྲེགས་བཅད་བརྡར་གསུམ་གྱི་ཁོམ་ལོང་མེད་པར་ཕལ་
ཆེར་ཐད་བརྗོད་ལྟ་བུ་བྱས་ཤིང༌།  སྤྱི་ཚོགས་ཀྱི་སྣང་ཚུལ་རེ་གཉིས་དམིགས་འབེན་དུ་བཟུང་ནས་ལྟ་ཚུལ་གསར་བས་གཤག་བཅོས་བྱས་པས་ན།  
“གཉུག་གཤིས”ཀྱི་ཁྱད་ཆོས་ཙམ་ལྡན་པ་ཞིག་ཏུ་སྣང༌། གཞན་ཡང་ཁོང་གི་སྙིང་སྟོབས་དེ་ལ་ཐུན་མོང་གི་ཁྱད་ཆོས་འཛོམས་པ་ཞིག་ལས“གསར་
རྩོམ”གྱི་བྲོ་བས་ཕྱུག་ཅིང་སྟུག་པ་ཞིག་ཏུ་མི་གདའ།
               ཨ་རི་པ་ཏུའུ་ལན་ཐི་ལགས་ཀྱིས་འཛམ་གླིང་གི་བསམ་བློ་པ་ཆེ་བཅུ་བགྲང་བའི་ཚད་གཞིག་འདྲ་ཡིན་པ་གླེང་དུས། གསར་གཏོད་དང་
གཏིང་ཟབ་མིན། ད་དུང་མིའི་རིགས་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་པའི་ཁྱབ་རྒྱ་དང་དུས་ཡུན་རིང་མིན་སོགས་གཙོ་བོར་བཞག་ཡོད། དེའི་ངོས་ནས་
བཤད་ན་ང་ཚོས་དོན་གྲུབ་རྒྱལ་བསམ་བློ་པར་བརྩིས་ན་དུངས་ཞེན་ཙམ་ལས་མ་འདས། ཁོང་གི་ལྟ་ཚུལ་དེའི་རིགས་ནི་ལོ་རབས་བརྒྱད་ཅུ་པར་བྱུང་
བའི་ཐུན་མིན་གྱི་སྙིང་སྟོབས་ཤིག་ལ་གོ་ན་འགྲིག་པར་སེམས།
               ལྷག་པར་དུ་དོན་གྲུབ་རྒྱལ་ཁོང་ལ་མཚོན་ན་སྙིང་སྟོབས་དེ་དག་གི་རྒྱབ་རྟེན་ནམ་བསམ་བློའི་ཐོན་ཁུངས་གཏོས་ཆེ་བ་ཞིག་དང་འབྲེལ་
འདྲིས་ཀྱི་གོ་སྐབས་མེད་པས་ལྟག་ཆད་ཀྱི་རྫིང་བུར་སྣང་བ་རེད།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོན་གྲུབ་རྒྱལ་བསམ་བློ་པ་ཡིན་མིན་སྐོར་གླེང་བ།

2008-10-29 ཨ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།