རང་སྲོག་གཅོད་པའི་སྟ་རེ་འཁྱེར་ནས་ཧོལ་རྒྱུགས་བྱེད་པའི་གླང་རྒན་ཚོ།

འཁྱམ་པོ་རྭ་སུག་དང་རྡེའུ་དཀར་ནག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

    བོད་མི་རྣམས་ནི་གནའ་ཐོག་མའི་དུས་ནས་གངས་རིའི་ཁྲོད་དུ་གནས་ཤིང་འཚོ་བ་དང༌།  བོད་བཙན་པོ་རྣམས་ཀྱི་སྐུ་རིང་ལ་ཁ་ཐོར་དགུ་ཐོར་དུ་
གནས་པའི་བོད་མི་རྣམས་གཅིག་གྱུར་མཛད་ཅིང༌།  མདོ་དབུས་ས་མཐོར་སྤུ་རྒྱལ་ཞེས་བྱ་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་བཙུགས་ན་ཡང༌།   དེ་དུས་
ནས་བོད་མི་རྣམས་ནི་ཕྱོགས་ལྷུང་གི་གནས་སུ་འཁྱར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཅིག་གྱུར་ལ་གནོད་པ་གཞལ་དུ་མེད་པ་ཞིག་བསྐྱལ་བ་རེད། 
དེ་ཡང་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་སྐབས་སུ་ཕྱོགས་ལྷུང་ལ་བརྟེན་ནས་ནང་མཐུན་མིང་གི་ལྷག་མ་ཙམ་དུ་བརླགས་པས།  རྒྱལ་ཕྲན་དེ་རྣམས་འཐབ་
རྩོད་གསོད་གཅོད་དགའ།  ། ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད།  །མཐའ་བཞིའི་རྒྱལ་པོས་རྟག་ཏུ་མནར་ཞིང་གཙེ།  །རྒྱ་ནག་རྒྱལ་པོ་
ཤིང་ལ་སྦྲུལ་ལྟར་འཁྲི།  །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ།  །སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག  །གེ་སར་རྒྱལ་པོ་ཤིང་ལ་སྟ་ལྟར་འཚུབ།  །
འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུང༌།  །ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར།  །ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན།  །བཟའ་བཏུང་
མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ།  །བོད་ཡུལ་མི་རྣམས་རབ་ཏུ་སྡུག་བསྔལ་ཆེ།  །ཞེས་གསུངས་པ་ལྟ་བུ་ཞིག་ཡིན།  མི་རིགས་ཤིག་ལ་ནང་མཐུན་མེད་
ཅིང༌།  གཞན་གནོད་ཉེ་སྐྱོར་གྱི་ཕྱོགས་ལྷུང་ཤིན་ཏུ་ཆེ་བ་དེ་ནི་མི་རིགས་གུ་དོག་རིང་ལུགས་ཀྱི་སྤྱོད་ལམ་ཉེས་ཚབས་ཆེ་བ་ཞིག་ཡིན་པས།  རང་མི་རིགས་
འདི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་དར་ཞིང་རྒྱས་པར་གེགས་དང་བར་ཆད་ཤིན་ཏུ་ཆེན་པོ་ཞིག་བྱེད་པ་ནི་འཛམ་གླིང་གི་མི་རིགས་སོ་
སོའི་དར་རྒུད་ཀྱི་ལོ་རྒྱུས་ལ་བལྟས་ན་ཚེགས་མེད་དུ་རྟོགས་ཐུབ་པ་ཡིན།  དེ་ནས་གནམ་གྱི་ཁྲི་བདུན་དང༌།  སྟོད་ཀྱི་སྟེང་གཉིས།  ས་ཡི་ལེགས་དྲུག 
བར་གྱི་ལྡེ་བརྒྱད།  འོག་གི་བཙན་གསུམ་མམ་བཙན་ལྔ་བཅས་ཀྱི་སྐུ་རིང་ལ།  བོད་ནང་ཁུལ་དུ་ཕྱོགས་ལྷུང་ཤིན་ཏུ་ཆེ་བའི་དབང་གིས་འཐབ་རྩོད་རྒྱུན་
ཆད་མེད་པར་བྱུང་ཞིང༌།  རྒྱལ་པོ་ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་པ་དང༌།  པུ་དེ་གུང་རྒྱལ་གྱིས་རྒྱལ་པོ་ལོ་ངམ་འཁོར་དང་བཅས་པ་བརླགས། 
དེ་ལྟར་རྒྱལ་རབས་རེ་རེའི་སྐབས་སུ་ཕྱོགས་ལྷུང་ལ་བརྟེན་ནས་ནང་འཁྲུག་སྡེ་གཟར་ཟམ་མི་འཆད་པར་བྱུང་བས།  བོད་མི་རྣམས་སྡུག་བསྔལ་གྱི་རྒྱ་
མཚོའི་ཁོལ་མའི་ནང་དུ་ལྷུང༌།  བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཆབ་སྲིད་ལ་དབང་མཛད་པའི་སྐབས་སུ།  སྔོན་དུས་ཀྱི་ཕྱོགས་ལྷུང་གི་སྲོལ་ངན་པ་
དེས་བོད་མི་རིགས་ལ་གནོད་ཅིང་འཚེ་བར་དགོངས་གཞིགས་ལེགས་པར་མཛད་ཅིང༌།  སྲོལ་ངན་དེ་ནི་མི་རིགས་ཀྱི་དར་རྒྱས་དང་བདེ་སྐྱིད་ལ་གནོད་པ་
སྐྱེལ་བ་ཞིག་ཡིན་པ་མ་ཟད།  ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་དང༌།  སྟོབས་འབྱོར་མངའ་ཐང་དར་བ།  ཕྱོགས་བཞིའི་དགྲ་སྡེ་རྣམས་ཀྱིས་རྒོལ་ན་མི་
ཚུགས་པ་ཞིག་ཏུ་འགྱུར་བར་ཡང་གེགས་བྱེད་བཞིན་ཡོད་པ་མཁྱེན་པར་གྱུར།  ལུགས་ངན་པ་དེའི་རྒྱུན་གཅོད་པའི་སླད་དུ་དགེ་བ་བཅུ་དང་མི་ཆོས་
གཙང་མ་བཅུ་དྲུག་གི་ཁྲིམས་བཙུགས་པས།  བོད་མི་རྣམས་རིམ་བཞིན་ཕ་མ་ལ་དྲིན་གཟོ་བཀུར་སྟི་བྱེད་པ་དང༌།  དྲིན་ཅན་གྱི་ཡིད་མི་གཅོད་ཅིང་བཟང་
ལན་འཇལ་བ།   མཐོན་པོ་རྣམས་ལ་མི་རྒོལ་ཞིང་དེའི་བཀའ་ལ་ཉན་པ།  ལས་སྤྱོད་ཐམས་ཅད་ཡ་རབས་ཀྱི་རྗེས་སུ་འབྲངས་པ།  ཆོས་དང་ཡི་གེར་བློ་
འཇུག་ཅིང་དེའི་དོན་ཤེས་པ།  ལས་འབྲས་ལ་ཡིད་ཆེས་ཤིང་སྡིག་པའི་ལས་ལ་འཛེམ་པ།  གཞན་ལ་བསམ་ངན་མི་བྱ་ཞིང་ཕན་པ་གདགས་པ།  ཅི་བྱེད་
རང་སེམས་དཔང་བཞག་དྲང་པོར་བྱ་བ་སོགས་ཡ་རབས་བཟང་པོའི་ལུགས་སུ་དཀྲི་བར་མཛད་པས།  བོད་མི་རྣམས་ཡ་རབས་དང་གུས་ལུགས་ལྡན་པ་
ཞིག་ཏུ་གྱུར།  སྐབས་དེར་འབངས་རྣམས་མཐུན་ཞིང་རྒྱལ་པོར་བཀུར་བ་དང་ལས་ལ་བརྩོན་ཞིང་འཇོན་ཐང་ཆེ་བ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཀྱི་ཆབ་
སྲིད་དང༌།  དཔལ་འབྱོར།  དམག་དོན།  རིག་གནས།  ཆོས་ལུགས།  ཕྱི་འབྲེལ།  ཞིང་ལས།  ཕྱུགས་ལས།  ཚོང་ལས་སོགས་ཡར་ངོའི་ཟླ་བཞིན་གོང་
ནས་གོང་དུ་འཕེལ་བ་རེད། དེ་ནི་མི་རིགས་གུ་དོག་རིང་ལུགས་ཀྱི་རྟགས་མཚན་ཕྱོགས་ལྷུང་གི་རྒྱུན་བཅད་པའི་འབྲས་བུ་ཡིན་པར་རེ་ཞིག་གཞིགས་ན་
ཕྱོགས་ལྷུང་ནི་མི་རིགས་ཤིག་ཉམས་རྒུད་དུ་འགྱུར་བའི་རྒྱུ་རྐྱེན་ཞིག་ཡིན་པ་རང་བཞིན་གྱིས་རྟོགས་ཐུབ་པ་ཡིན།  སྐབས་དེར་ཕྱོགས་ལྷུང་གི་རྒྱུན་བཅད་
ན་ཡང་དེང་སང་གི་བོད་མི་རྣམས་ཀྱི་ལུས་སུ་ད་དུང་ཕྱོགས་ལྷུང་གི་དུག་འདི་གནས་ཤིང༌། ཕྱོགས་ལྷུང་ལ་དབྱེ་ན་ཡུལ་གྱི་ཕྱོགས་ལྷུང་དང༌།  ཤོག་པའི་
ཕྱོགས་ལྷུང༌།  ཉེ་རིང་གི་ཕྱོགས་ལྷུང༌།  གསར་རྙིང་གི་ཕྱོགས་ལྷུང༌།  གྲུབ་མཐའི་ཕྱོགས་ལྷུང་སོགས་མང་པོ་ཞིག་ཡོད།  འདི་དག་ནི་རང་སྲོག་གཅོད་པའི་
སྟ་རེ་ཞིག་ཡིན་ན་ཡང་བོད་པ་རྣམས་ནི་གླང་རྒན་མིག་མེད་ཅིག་དང་འདྲ་བར་མི་རབས་ནས་མི་རབས་བར་རྒྱབ་ཏུ་འཁུར་ནས་འགྲོ་བཞིན་མཆིས་
ཤིང༌།  དེ་ནི་ངེས་པ་དོན་གྱིས་ནམ་ཡང་འདོར་ཐབས་མེད་པའི་ཁུར་བོ་ཞིག་དང་མཚུངས་པ་དང༌།  དུས་ད་ལྟ་ལ་ཐུག་པའི་བར་དུ་སྤོང་མ་ཐུབ་པས། 
རྒྱལ་ཁབ་སིལ་བུར་ཐོར་བ་སོགས་ཀྱི་རྐྱེན་ངན་བྱུང་བ་སུ་ཞིག་གིས་རྟོགས་མི་ཐུབ་པ་ཡིན་ནམ།
       དེ་ལས་ཡུལ་ཕྱོགས་ཀྱི་ཕྱོགས་ལྷུང་ནི།  རང་དང་ཡུལ་ཕྱོགས་མི་གཅིག་པ་རྣམས་གཞན་གྱི་ཕྱོགས་སུ་བཅད་ནས་གནོད་ཅིང་འཚེ་བའི་བསམ་སྦྱོར་
ངན་པ་ཞིག་ཡིན་ཞིང༌།  དེང་སང་བོད་ཡུལ་དུ་ཡུལ་ཕྱོགས་ཀྱི་ཕྱོགས་ལྷུང་ནི་ནད་ཡམས་ཤིག་དང་འདྲ་བར་མཆེད་བཞིན་ཡོད་པ་དང༌།  དབུས་གཙང་
ཕྱོགས་ཀྱི་མིས་ཨ་མདོ་དང་ཁམས་པ་རྣམས་གཞན་གྱི་ཕྱོགས་སུ་བཅད་ནས་གང་གི་གྲས་སུའང་ཐེབས་སུ་མི་འཇུག་ལ།  ཁམས་པ་རྣམས་ཀྱིས་དབུས་
གཙང་དང་ཨ་མདོ་རྣམས་གཞན་གྱི་ཕྱོགས་སུ་བཅད་ནས་གང་གི་གྲས་སུའང་ཐེབས་སུ་མི་འཇུག་པ་དང༌།  དེ་བཞིན་དུ་ཨ་མདོ་རྣམས་ཀྱིས་ཀྱང་ཁམས་
དང་དབུས་གཙང་རྣམས་གཞན་ཕྱོགས་སུ་བཅད་ནས་གང་གི་གྲས་སུའང་ཐེབས་སུ་མི་འཇུག་པ་ཡིན།  དེ་འདྲའི་ཕྱོགས་ལྷུང་ལ་བརྟེན་ནས་ཡུལ་གསུམ་
གྱི་བར་དུ་འདུམ་ཐབས་མེད་པའི་འགལ་བ་ཞིག་བྱུང་དང་འབྱུང་བཞིན་མཆིས་ཤིང༌།  ཡུལ་གསུམ་གྱིས་རང་མ་ཡིན་པའི་ཡུལ་གཞན་པ་རྣམས་ཁས་མི་
ལེན་པ་དང༌།  རང་ཉིད་ནི་བོད་ཀྱི་འཐུས་ཚབ་ངོ་མ་ཡིན་པར་རློམ་བཞིན་ཡོད།  དོན་དམ་དུ་དེ་ནི་བསམ་བཞིན་དུ་མི་རིགས་འདི་ཁ་ཐོར་དགུ་ཐོར་དུ་
བཏང་བ་ཞིག་ཡིན་ཞིང༌།  ཕྱིས་མི་རིགས་འདི་ཨ་མདོ་རིགས་དང༌།  ཁམས་པ་རིགས།  དབུས་པ་རིགས།  གཙང་པ་རིགས།  སྟོད་པ་རིགས་བཅས་མི་
རིགས་ཐ་དད་པར་འགྱུར་བར་ཆ་རྐྱེན་བསྐྲུན་པ་ཞིག་ཡིན་པ་དང༌།  ད་ལྟའི་གནས་ཚུལ་ལ་བལྟས་ན་བོད་འདི་མི་རིགས་མི་གཅིག་པ་དུ་མ་ཞིག་ཏུ་འགྱུར་
བར་དུས་ཤིན་ཏུ་རིང་བོ་ཞིག་འགོར་མི་སྲིད་པ་ཡིན།  འདི་ནི་ཡུལ་གྱི་ཕྱོགས་ལྷུང་གི་འབྲས་བུ་ཞིག་ཡིན་པས།  བོད་ལ་ཤ་ཚ་བ་ཞིག་ཡིན་ན་གནད་
འདིར་བསམ་བློ་ཞིབ་ཏུ་གཏོང་དགོས་ཤིང༌།  མི་རིགས་འདི་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་འདོད་ན་ཐོག་མར་ཡུལ་གྱི་ཕྱོགས་ལྷུང་འདི་ཅི་
ནས་ཀྱང་འདོར་བ་དང༌།  ཡུལ་གསུམ་ཁྱིམ་ཚང་གཅིག་ལྟར་མཐུན་པ་ཞིག་ཡོང་བའི་ལས་ལ་བརྩོན་པ་ལྷུར་ལེན་པའི་དུས་སུ་སླེབས་འདུག
        ཤོག་པའི་ཕྱོགས་ལྷུང་ནི།  རང་ཕྱོགས་ཀྱི་ཚོ་བ་དང༌།  གྲོང་ཚོ།  ཁྱིམ་ཚང༌། ཤོག་ཀ་སོགས་མིན་པ་རྒྱུ་མཚན་དུ་བྱས་ནས་གཞན་ཕྱོགས་སུ་བཅད་
དེ་གང་གི་གྲས་སུའང་འཛུད་དུ་མི་འཇུག་པའི་བསམ་སྦྱོར་ཞིག་ཡིན་ཞིང༌།  བོད་མི་རྣམས་ནི་སྔོན་དུས་ནས་ཤོག་པའི་ཕྱོགས་ལྷུང་ཡོད་པ་ཞིག་ཡིན་པ་
དང༌།  ཕྱོགས་ལྷུང་ལ་བརྟེན་ནས་བོད་འདི་ཕྱི་དཀྲུགས་ནང་དཀྲུགས་བྱས་པའངགྲངས་ཀྱིས་མི་ཟིན་པ་ཡིན།  བོད་པ་ཞིག་ཡིན་ན་ཐོག་མའི་དུས་ནས་
ང་དབུས་གཙང་པ་དང༌།  ཁྱོད་ཁམས་པ།  ཁོ་ཨ་མདོ་པ་རེད་ཟེར་ནས་ཕྱོགས་ལྷུང་གི་གཞི་འཛིན་པ་ཡིན།  དེ་སེམས་ཀྱི་རྟེན་གཞི་ཉིད་དུ་བྱས་ཏེ་ཕྱོགས་
ལྷུང་གི་ལས་སུ་འཇུག་ཅིང༌།  དེ་ནས་རིམ་གྱིས་ཕན་ཚུན་བར་དུ་འདུམ་པར་དཀའ་བའི་འགལ་བ་ཞིག་བསུ་བ་དང༌།  མཐར་ཕན་ཚུན་ལ་གནོད་ཅིང་
འཚེ་བ་ཡིན།  དེ་བཞིན་དུ་གྲོང་ཚོ་དང༌།  ཚོ་བ།  ཁྱིམ་ཚང༌། ཤོག་ཀ་སོགས་ཀྱིས་ཀྱང་ཕྱོགས་ལྷུང་འཛིན་པའི་ལས་སུ་ཞུགས་ཏེ་འཐབ་པ་དང་འཛིང་པར་
བྱེད་ཅིང༌།  འབྲོག་པ་ཞིག་ཡིན་ཚེ་རྩྭ་ས་བརྩད་ནས་ཕན་ཚུན་གསོད་རེས་བྱེད་པ་དང༌། རོང་པ་ཞིག་ཡིན་ན་ས་ཞིང་དང་ཆུ་བརྩད་ནས་ཕན་ཚུན་གསོད་
རེས་བྱེད་པ་སོགས་རང་གཞན་གཉིས་ཀ་འཕུང་བར་བྱེད་པའི་གནས་ཚུལ་མཐའ་ཡས་པ་ཞིག་བྱུང་བ་ཡིན།  དེ་ནི་ཤོག་པའི་ཕྱོགས་ལྷུང་ལས་བྱུང་བའི་
འབྲས་བུ་ཡིན་ཞིང༌།  ཕྱོགས་ལྷུང་འདིས་བོད་མི་རྣམས་ཀྱི་བར་དུ་མི་ཤ་རྟ་ཤའི་གྱོད་ཆེན་པོ་བྱུང་དུ་བཅུག་པ་དང༌།  བོད་ཀྱི་མི་རབས་ནས་མི་རབས་
བར་གྱི་མི་རྣམས་བདེ་བ་མེད་པའི་སྡུག་བསྔལ་ལ་སྦྱར་བ་རེད།  གཞན་ཡང་ཉེ་རིང་གི་ཕྱོགས་ལྷུང་དང༌།  གསར་རྙིང་གི་ཕྱོགས་ལྷུང༌།  གྲུབ་མཐའི་
ཕྱོགས་ལྷུང་སོགས་མང་པོ་ཞིག་ཡོད་པ་དེས་ཀྱང་ལོ་རྒྱུས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ནང་དུ་ཉམ་ཐག་པའི་བོད་རིགས་འདི་ལ་ཆག་འཇིགས་སྐྱི་
གཡའ་བ་བགྲང་བྱའི་ཡུལ་ལས་འདས་པ་ཞིག་བསྐྱལ་ཡོང་བ་རེད། དེས་ན་ང་ཚོའི་བོད་རིགས་རྣམས་ལ་ཕྱོགས་ལྷུང་གི་སྐྱོན་རྟོགས་པར་བྱེད་པ་དང་དེ་
སྤོང་བར་བྱེད་པའི་འདུ་ཤེས་བཅོས་མ་མིན་པ་ཞིག་ཅི་ནས་ཀྱང་ཉེ་བར་མཁོ་ཞིང༌།  དེ་འདྲའི་འདུ་ཤེས་ཆགས་པ་ལ་སྐྱོ་ཞིང་དུབ་པའི་དུས་ཡུན་ཅུང་
ཙམ་རིང་བོ་ཞིག་བརྒྱུད་དགོས་པ་དང༌།  སྟོད་སྨད་བར་གསུམ་གྱི་བོད་མི་རྣམས་ཀྱིས་ཕྱོགས་ལྷུང་གི་སྐྱོན་དང་ཉེས་པ་མཐའ་དག་ངོས་ཟིན་ནས་སྤོང་
བར་གཞོལ་བའི་སྐབས་ནི་མི་རིགས་འདི་གཉིད་ལས་སད་པའི་དུས་ཡིན་ཞེས་བཤད་ཆོག་པར་སེམས། 
      ང་ཚོའི་བོད་ལ་མཚོན་ན་ཕྱོགས་ལྷུང་གི་རྒྱུད་ལས་བྱུང་བའི་མི་རོ་ཡིས་རི་རབ་བརྩིགས་ཆོག་ཅིང༌། ཕྱོགས་ལྷུང་གི་རྒྱུད་ལས་བཞུར་བའི་མི་ཁྲག་
གིས་རྒྱ་མཚོ་བསྐྱིལ་ཆོག་པ་དང༌། ཕྱོགས་ལྷུང་གི་གསེབ་ལས་བབས་པའི་མིག་ཆུ་ཡིས་གཙང་བོར་འགྲན་ཐུབ་པ་ཡིན་པས། ང་ཚོའི་མི་རིགས་འདིའི་
ཕྱོགས་ལྷུང་གི་ཁྲོད་ནས་སྐྱེས་ཆེན་དམ་པ་ཅི་འདྲའི་མང་པོ་ཞིག་འཇིག་རྟེན་ཕྱི་མར་གཤེགས་པ་རེད་ཨང༌། བླ་མ་ཅི་འདྲའི་མང་པོ་ཞིག་གི་དགོངས་པ་
ཆོས་དབྱིངས་སུ་ཐིམ་པ་རེད་ཨང༌། དཔའ་བོ་ཅི་འདྲའི་མང་པོ་ཞིག་དོན་མེད་དུ་ཤི་བ་རེད་ཨང༌། མཁས་པ་ཅི་འདྲའི་མང་པོ་ཞིག་མྱ་ངན་ལས་འདས་པ་
རེད་ཨང༌། གོ་སྐབས་ཅི་འདྲའི་མང་པོ་ཞིག་ཤོར་བ་རེད་ཨང༌། རང་དབང་ཅི་འདྲའི་མང་པོ་ཞིག་སྤངས་པ་རེད་ཨང༌། མི་རིགས་ཉམས་པར་མི་འདོད་ན་
ཕྱོགས་ལྷུང་སྤོངས་ཤིག མི་རིགས་རྒུད་པར་མི་འདོད་ན་ཕྱོགས་ལྷུང་སྤོངས་ཤིག མི་རིགས་དར་བར་འདོད་ན་ཕྱོགས་ལྷུང་སྤོངས་ཤིག མི་རིགས་བདེ་
ཞིང་སྐྱིད་པར་འདོད་ན་ཕྱོགས་ལྷུང་སྤུངས་ཤིག ཕྱོགས་ལྷུང་ནི་མི་རིགས་ཀྱི་རང་སྲོག་གཅོད་པའི་སྟ་རེ་ཡིན་པས། རང་སྲོག་གཅོད་པའི་སྟ་རེ་འཁྱེར་
ནས་ཧོལ་རྒྱུགས་བྱེད་པའི་གླང་རྒན་ཚོ། སྡུག་བསྔལ་མི་འདོད་ན་སྟ་རེ་དེ་ས་ལ་དོར་ནས་མདུན་དུ་སོངས། མིག་ཆུ་བཞུར་བར་མི་འདོད་ན་སྟ་རེ་དེ་དོར་
ནས་མདུན་དུ་སོངས།  ཉམས་རྒུད་དུ་འགྱུར་བར་མི་འདོད་ན་སྟ་རེ་དེ་ས་ལ་དོར་ནས་མདུན་དུ་སོངས། མདུན་དུ་སོངས་ཤིག
                                                                           ༢༠༠༧ལོའི་ཟླ་༢པའི་ཚེས་༦ཉིན་པེ་ཅིན་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྲོག་གཅོད་པའི་སྟ་རེ་འཁྱེར་ནས་ཧོལ་རྒྱུགས་བྱེད་པའི་གླང་རྒན་ཚོ།

2008-10-29 འཁྱམ་པོ་རྭ་སུག་དང་རྡེའུ་དཀར་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།