སྐྱོ་འཚེར་གྱི་འོད་སྣང་སྟེ། ཚེ་སྲོག་ལྡོམ་པོ་ཞིག་གི་གསང་གཏམ།

འཁྱམ་པོ་རྭ་སུག་དང་རྡེའུ་དཀར་ནག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

               ______དེང་རབས་བོད་ཀྱི་བསམ་བློ་བར་ཟོལ་གྱིས་གྲགས་པ་རྣམས་ལ་བསྐུར་བའི་དྲུག་ཅུ་བའི་གཏོར་མ།།
          
       ཁ་སང་དེ་རིང་སྐད་ཆ་རྡག་གེ་རྡོག་གེ་མང་པོ་ཞིག་ཐོས་པར་སོན་ཞིང༌།  དེ་ནི་ཕྲུ་གུ་རྡབ་བེ་རྡོབ་བེ་ཞིག་གིས་བཤད་པ་རེད་ཟེར་བ་དང༌།  དུས་
རབས་འདིར་དེ་འདྲའི་ངར་སློང་མཁན་ཞིག་ཡོད་པ་ནི་ཐན་ལྟས་ཤིག་ཏུ་གཏན་ནས་མི་མཐོང་མོད།  འོན་ཀྱང་མི་རིགས་འདི་མི་ཉམས་ཡུན་རིང་དུ་
གནས་པའི་རྨང་གཞི་བཤིག་པའི་རྟགས་དང་མཚན་མ་ཞིག་མངོན་ཡོང་བའི་སྐབས་སུ།  དེ་དག་ལ་སྡང་སེམས་སྐྱེས་པ་ཞིག་གཏན་ནས་མིན་ཡང་བོད་
སྤྱི་ལ་ཕན་མེད་གནོད་བྱེད་དུ་མི་འགྱུར་གྲང་སྙམ་པ་ན།  ལྷོད་ཆགས་སེ་སྡོད་མ་བཟོད་པར་འདྲོག་མགོ་ལངས་ཏེ་ངག་ལས་གཏམ་མང་པོ་ཞིག་རང་
དབང་མེད་པར་ཤོར་སོང་བས།  སུ་ཞིག་ལ་མ་དམིགས་རང་བཞིན་གྱིས་ཕོག་ཐུག་བྱུང་ན་དགོངས་འགལ་མེད་པར་ཞུའོ།  །
     འཇིག་རྟེན་བྱ་བ་བཤད་མི་རུང༌།   །བཤད་ན་བྱ་བའི་མཐའ་མི་རྫོགས།  །ཞེས་པ་དེ་ནི་ཁྱོད་ཀྱིས་ཐོས་ཡོད་པར་གོར་མ་ཆག་ཅིང༌།  བོད་རྣལ་མ་
ཞིག་ཡིན་ན་ཐོས་ཡོད་པ་མ་ཟད།  ད་དུང་དེའི་རྒྱུད་དུ་བག་ཆགས་བསུབ་པར་དཀའ་བ་ཞིག་བཞག་ཡོད།   དེ་ལྟ་ན་ཡང་དེང་སང་གི་བོད་ཁ་ཤས་ཤིག་
གིས་དེ་འདྲའི་གཏམ་དཔེ་ཐོས་མྱོང་ན་ཡང༌།  སློབ་གྲྭ་ཆེན་མོར་འགྲིམ་རྗེས་ཕྱི་གླིང་གི་རིག་གནས་ཀྱི་རྗེས་སུ་ཤི་འདེད་རོ་འདེད་བྱེད་ཤེས་པ་རྣམས་
མཁས་པར་བསྔགས་པའི་སྲོལ་ཞིག་བྱུང་བའི་ཚེ།  སྙན་གྲགས་ལ་རང་གི་སྲོག་དང་མིག་ལྟར་གཅེས་ཤིང་དགའ་བའི་སློབ་མ་རྣམས་དེ་དག་གི་རྗེས་སུ་རི་
བོང་ཅལ་འདྲོགས་ཀྱི་ཚུལ་དུ་རྒྱུགས་པའི་སྟབས་ཀྱིས་སྔར་གྱི་གཏམ་དཔེ་ཐམས་ཅད་ཀྱང་ཡོངས་སུ་བརྗེད་པ་མ་ཟད།   ད་དུང་བོད་སྐད་རྣལ་མ་ཞིག་
བརྗོད་པའི་ཁ་ལྕེ་ཡང་ལྐུགས་པ་ཞིག་ཏུ་གྱུར་ནས་རྒྱ་མིན་བོད་མིན་གྱི་ཚིག་སྦྱོར་ལྡབ་ལྡིབ་སྤེལ་བར་གོམས་ཤིང༌།   ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་ཚིག་
ལྡོམ་བཤུ་བར་དགའ་བ་དང༌།   བོད་ཀྱི་སྲོག་གི་གཟུང་ཐག་ཏུ་གྱུར་པའི་ཆོས་ལུགས་དང་སྲོལ་རྒྱུན་ལ་སྤང་བླང་གི་རྣམ་གཞག་དང་རིང་ནས་འགལ་བའི་
ཁ་རྡུང་གཏོང་བ་བཅས་ནི་དུས་རབས་ཀྱི་སྙིང་སྟོབས་བླ་ན་མེད་པ་ཞིག་ཏུ་བརྩི་བཞིན་ཡོད།   གོམས་གཤིས་དེ་ཉིད་ཀྱི་མཇུག་འབྲས་ལ་དཔྱད་པ་ཞིབ་ཏུ་
བཏང་བའི་མི་སུ་ཞིག་ཡོད་དམ།  ད་ལྟ་བོད་ལ་ཉེ་བར་མཁོ་བ་ནི་ཅི་ཞིག་ཡིན་ནམ།  ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་ཚིག་ལྡོམ་འགའ་བཤུས་ཏེ་བོད་ལ་
ཕན་འདོགས་པ་སྐད་དུ་བརྗོད་པ་དེ་ནི་བོད་ཀྱི་ཆེད་དུ་ཡིན་ནམ་རང་ཉིད་གྲགས་ཐབས་དང་ཆེར་འདོན་བྱེད་པའི་ཆེད་དུ་ཡིན་ཞེས་བསམ་བློ་བཞི་
གསུམ་བཅུ་གཉིས་མི་གཏོང་ཀ་མེད་དུ་གྱུར་པ་ན།  དེའི་ཕུགས་རྒྱབ་ནི་ཇི་ལྟ་བུ་ཞིག་ཡིན་པ་ཧ་གོ་ཞིང་དོན་རྟོགས་ནས་ཡིད་ཆད་པའི་སྣང་བ་ཞིག་སྐྱེས་
ཤིང༌།  བོད་མི་ཞིག་ཡིན་ན་རང་ཉིད་གྲགས་ཐབས་དང་ཆེར་འདོན་བྱེད་པའི་ཐེབས་སུ་བོད་མི་རིགས་རྩ་མེད་དུ་གཏོང་བར་ཕན་པའི་བཤད་ཡམས་ངན་
པ་བག་མེད་དུ་འགྲེམས་པ་ནི་ཆེས་མི་འོས་པ་ཞིག་ཡིན་ཏེ།   མི་ནི་མི་རྟག་འཆི་བས་ཁྲིད་འགྲོ་བ་ཞིག་ཡིན་ལ།  མི་རིགས་ནི་བསྐལ་བ་མ་སྟོང་གི་བར་དུ་
གནས་དགོས་པ་ཞིག་ཡིན་པའི་ཕྱིར་ན།  རང་ཉིད་ལ་ལྟོ་རྒྱབ་སྙན་གྲགས་ཙམ་འཐོབ་པར་བྱ་བའི་ཆེད་དུ་བཤད་ཡམ་ངན་པ་འཛེམ་མེད་དུ་བཀྲམས་ནས་
མི་རིགས་ཤི་ལམ་དུ་འཇུག་པ་དེ་ནི་ཙན་དན་སོལ་བར་བསྲེག་པ་དང་ཁྱད་པར་ཅི་ཞིག་མཆིས་སམ།  དེང་སང་བོད་འདི་མ་ཉམས་པར་གནས་ཡོད་པ་
ནི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ཀྱི་བཀའ་དྲིན་ཡིན་པ་ཅིའི་ཕྱིར་མ་རྟོགས་སམ།  ཆོས་ལུག་ས་དང་སྲོལ་རྒྱུན་རིག་གནས་མེད་ན་བོད་འདི་མི་
ཉམས་ཡུན་རིང་དུ་གནས་ཐུབ་བམ།   ཆོས་ལུགས་ནི་བོད་ཀྱི་བླ་སྲོག་ཡིན་ཞིང༌།  སྲོལ་རྒྱུན་རིག་གནས་ནི་བོད་ཀྱི་ཟུངས་ཁྲག་ཡིན་པས།  བླ་སྲོག་བཅད་
ནས་ཟུངས་ཁྲག་གི་རྒྱུ་བ་འགག་པར་ཕན་པའི་བཤད་ཡམ་ངན་པ་བླ་རྡོལ་སྣང་བ་གང་དྲན་གྱིས་འགྲེམས་པ་དེ་ནི་བོད་ལ་ཤ་ཚ་བའི་རྟགས་ཡིན་ནམ་
རང་ལ་ཤ་ཚ་བའི་རྟགས་ཡིན།   ད་ལྟའི་དུས་ཀྱི་མིའི་གཡོ་སྒྱུ་དང་ཧམ་སེམས་ནི་སྲིན་མོའི་ཆོ་འཕྲུལ་ལས་ཀྱང་ཤིན་ཏུ་རྒོད་པ་ཞིག་ཡིན་པས།   དངོས་
གནས་བྲེད་ཤ་ཐོན་པ་ཞིག་རེད།   ངོ་མཚར་བ་ཞིག་ལ།  ད་ལྟའི་མི་རྣམས་ནི་ཁྲ་ཁྲ་རིག་རིག་མཐོང་ན་དགའ་མགུ་ཡི་རང་བྱེད་པ་དང༌།   ཚིག་མཚར་
ལོག་བཤད་ཐོས་ན་དགའ་མདོག་ཤང་མདོག་སྟོན་པ།  དོན་གྱི་གནད་ཀ་དྲིས་ན་མི་དགའ་ཤི་མདོག་མངོན་པ་ཞིག་ཡིན་ཟེར་བ་ནི་བདེན་པ་ཞིག་ཡིན་
ནམ་ཅི།  སྤྱིར་བོད་ལ་ཕན་པའི་རྩོམ་ཡིག་འབྲི་བར་འདོད་ན་བོད་རང་ཐོག་གི་ལེགས་ཉེས་སོགས་ལ་བརྟག་དགོས་ཀྱི།  ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་
གཞུང་གི་ཚིག་རྣམས་ཁ་ཆག་སྣ་རལ་ཙམ་དུ་བཤུས་ཏེ་བོད་ཀྱི་སྟེང་དུ་མི་འབྱོར་ན་ཡང་བཙན་པོ་ཨུ་ཚུགས་མཐའ་སྐྱེལ་གྱིས་སྦྱོར་བ་དེ་ནི་མཁས་རྟགས་
ཡིན་ནམ་བླུན་རྟགས་ཡིན།  བསམ་བློ་བ་ཡིན་ནམ་ཁ་འཁྱག་སྙིང་རུལ་ཡིན་ཞེས་དྲི་བ་འདོན་མཁན་ཡང་ཡོད་པས།  ང་ཚོར་བསམ་བློ་གཏོང་བར་བྱ་བའི་
གནས་མང་པོ་ཞིག་འདུག  ད་ལྟ་ང་ཚོའི་བོད་འདི་སྤྱི་ཚོགས་ཀྱི་ཁོར་ཡུག་ཇི་ལྟ་བུ་ཞིག་ཏུ་གནས་ཤིང༌།  དཔལ་འབྱོར་གྱི་ཚད་ག་འདྲ་ཞིག་ཏུ་སླེབས་པ་
དང།  དེ་དང་མཐུན་པའི་རིག་གནས་གསར་པ་ཇི་འདྲ་ཞིག་ནང་དུ་འདྲེན་དགོས་ཚུལ་བཅས་ལ་བསམ་བློ་མཐར་ཕྱིན་པ་ཞིག་གཏོང་རྒྱུ་གལ་ཆེ་བ་ཡིན་
གྱི།  མུན་འཐོམས་ཀྱིས་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་གཞུང་དུ་འཁོད་པའི་ཚིག་སྒྲོས་མཚར་བོ་རྣམས་ཁྱི་དང་གློ་བ་འཕྲད་པའི་དཔེ་བཞིན་ཆ་བསྡུ་ཡ་
བསྡུ་བྱེད་རྒྱུ་ནི་གལ་ཆེན་ཞིག་མིན་ཏེ།  ང་ཚོའི་བོད་ལ་དཔལ་འབྱོར་གྱི་རྨང་གཞི་ཇི་ལྟ་བུ་ཞིག་ཡོད་ན།  སྟེང་གི་བཀོད་པ་ཡང་དེ་ལྟ་བུ་ཞིག་ཡོད་དགོས་
ཤིང༌།  བོད་ཀྱི་དཔལ་འབྱོར་རྨང་གཞི་ལས་རིང་ནས་འགལ་བའི་སྟེང་གི་བཀོད་པ་ཞིག་ཨུ་ཚུགས་ཀྱིས་བསྐྲུན་པར་བརྩོན་པ་དེ་ནི་ཕན་འདོགས་པ་ཞིག་
མིན་པ་དང༌།  དེ་འདྲའི་སྟེང་གི་བཀོད་པས་བོད་ཀྱི་དཔལ་འབྱོར་རྨང་གཞིར་གེགས་དང་བར་ཆད་བྱེད་པ་ཡིན་ལ།  དེ་ནི་ཆབ་སྲིད་དཔལ་འབྱོར་རིག་
པའི་སྤྱི་བཏང་གི་ཆོས་ཉིད་ཅིག་ཡིན།  དེང་སང་བོད་ཀྱི་གནས་ཚུལ་དངོས་ལ་དཔྱོད་པ་རྒྱབ་ཏུ་དོར་ནས་བོད་ཉམས་རྒུད་དུ་འགྲོ་བའི་མཐུན་རྐྱེན་དུ་
གྱུར་པའི་ཕྱི་གླིང་གི་མཚན་ཉིད་རིག་པའི་གཞུང་གི་ཚིག་མཚར་བཤུ་བར་དགའ་བའི་མི་མང་པོ་ཞིག་ཡོད་ཅིང༌།   ཁ་དཔེ་ལ།  ཕན་འདོགས་མི་ཤེས་པ་
ཞིག་གིས་ཕན་འདོགས་པ་ལས།  གནོད་སྐྱེལ་མི་ཤེས་པ་ཞིག་གིས་གནོད་བསྐྱལ་ན་བཟང༌།  ཞེས་གྲགས་པ་ལྟར།  ཕྱི་གླིང་གི་མཚན་ཉིད་རིག་པའི་གཞུང་
གི་ཚིག་མཚར་བཤུ་མཁན་རྣམས་ཀྱིས་ཀྱང་བོད་ལ་ཕན་འདོགས་འདོད་ཞེ་ན་ཡོད་པའི་དབང་དུ་བཏང་ནའང་མུན་འཐོམས་ཀྱིས་གནོད་པ་བསྐྱལ་བས། 
བོད་མི་ཕལ་མོ་ཆེ་ཞིག་གིས་དམོད་པའི་མཚོན་གྱི་ཆར་བ་འབེབས་པའི་གཞི་རུ་གྱུར་པ་རེད།  དེ་དག་གི་བསམ་སྦྱོར་ལ་རེ་ཞིག་བརྟགས་ན་ཆབ་སྲིད་
དཔལ་འབྱོར་རིག་པར་བསམ་བློ་ཅུང་ཙམ་ཡང་མ་བཏང་བ་ཞིག་ཏུ་མཐོང་སྟེ།  བོད་ཀྱི་དཔལ་འབྱོར་རྨང་གཞི་དང་མི་མཐུན་པའི་སྟེང་གི་བཀོད་པ་ཞིག་
ཨུ་ཚུགས་ཀྱིས་བསྐྲུན་པར་བརྩོན་ན།  དེས་བོད་ཀྱི་དཔལ་འབྱོར་རྨང་གཞིར་གེགས་དང་བར་ཆད་བཟོ་བ་ཡིན་པའི་ཕྱིར་ཏེ།  བོད་འདི་སྔ་མོ་ནས་མིང་གི་
ལྷག་མ་ཙམ་དུ་འགྱུར་བར་མཐུན་རྐྱེན་སྒྲུབ་བཞིན་ཡོད་པའི་ཕྱིར་རོ།  །
       ངས་ཕྱི་གླིང་གི་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱི་གཞུང་དང་དེ་འབྲེལ་གྱི་རྩོམ་ཡིག་རྣམས་ལ་ཞིབ་ཏུ་བལྟས་རྗེས།  དེང་སང་གི་མི་རྣམས་
ཀྱིས་ཡ་མཚན་དུ་སྒྲོག་པའི་རྩོམ་ཡིག་དེ་དག་གི་ཕུགས་རྒྱབ་གསལ་བོར་མཐོང་བས།  ཡིད་ཆད་གདུང་བའི་ཁུར་གྱིས་ནོན་པར་གྱུར། དེང་སང་ཕྱི་རྒྱལ་གྱི་
མཚན་ཉིད་རིག་པའི་གཞུང་གི་ཚིག་མཚར་རྣམས་ལྷ་རུ་བཀུར་ནས་ཕ་མེས་ཡང་མེས་དང་ཆོས་ལུགས་སྲོལ་རྒྱུན་རྣམས་འདྲེར་འཛིན་པའི་དེང་རབས་པ་
མང་པོ་ཞིག་ཡོད་ཅིང༌།  དེ་རྣམས་ནི་བློ་གྲོས་ཀྱི་རྩལ་རྒྱས་ནས་བསམ་བློ་གསར་པ་ཞིག་གི་གཞི་ཆགས་པ་མིན་ལ།  ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་
མཁས་པ་ཉི་ཚེ་ཡི་རྗེས་སུ་ཤི་འདེད་རོ་འདེད་བྱེད་བཞིན་དེའི་ཆོས་རྒོལ་རིང་ལུགས་ཀྱི་ཚིག་མཚར་རྣམས་སྐྱབས་སུ་བཟུང་བ་ཞིག་ཡིན་པ་དང༌།  གླེང་
འགྱུར་གྱི་གྲོགས་པོ་འདི་ཡང་དེའི་རིགས་སུ་གྱུར་པ་ཞིག་ཡིན་ནོ།  །
        ཉིན་ཞིག་ཁོ་བོ་སེམས་གཡེང་བའི་ཆེད་དུ་ངའི་གྲོགས་པོའི་ཁྱིམ་དུ་སོང་བ་ན།  ངའི་མིག་ལ་ཐོག་མར་སྣང་ཡོང་བ་ནི་ཁོའི་དཔེ་སྒྲོམ་ཡིན་ཞིང༌། 
ངོ་མཚར་བ་ཞིག་ལ་ཁོའི་དཔེ་སྒྲོམ་ནང་དུ་རྒྱ་ཡིག་གི་དཔེ་དེབ་དང་དུས་དེབ་ཤིན་ཏུ་མང་པོ་ཞིག་ཡོད་ན་ཡང་བོད་ཡིག་གི་དཔེ་ཆ་མང་པོ་ཞིག་མི་སྣང་
བས།    ངའི་ཡིད་ལ་སྔར་མེད་པའི་ཡ་མཚན་དང་ཡི་མུག་ཅིག་སྐྱེས་སུ་བཅུག་བྱུང༌།  ལྟོས་དང༌། ཕུ་ལོ་དབྱི་ཏེ་ཡི་སེམས་ཁམས་སྐོར་གྱི་མཚན་ཉིད་རིག་པ་
དང༌།  ཉི་ཚེ་ཡི་འཚོ་གནས་སྐོར་གྱི་མཚན་ཉིད་རིག་པ།   ཧྲུའུ་པེན་ཧྭ་ཡི་མི་ཚེའི་སྐོར་གྱི་མཚན་ཉིད་རིག་པ།  རོང་གུ་ཡི་གཤིས་རྒྱུད་སྐོར་གྱི་མཚན་ཉིད་
རིག་པ།  མ་སི་ལོ་ཡི་མི་གཙོའི་སྐོར་གྱི་མཚན་ཉིད་རིག་པ་སོགས་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱི་དཔེ་དེབ་དང་དེ་དག་གི་སྐོར་ལ་
དཔྱད་པའི་རྩོམ་ཡིག་བཀོད་པའི་དུས་དེབ་རྐྱང་རྐྱང་བསྒྲིགས་ཡོད་པས།   བོད་ཀྱི་རིག་གནས་ལ་འགྲན་པའི་ཚུལ་གྱིས་རྒོལ་བ་ལྟ་བུ་ཞིག་ཏུ་མཐོང༌།
 རྒྱ་ཡིག་གི་མཚན་ཉིད་རིག་པའི་དཔེ་དེབ་དེ་རྣམས་ཀྱི་སྟེང་དུ་ཚི་དྲེག་ནག་པོ་སོར་གང་ཙམ་ཆགས་ཏེ་ནག་ནོག་ཏུ་གྱུར་པར་བལྟས་ན།  གྲོགས་པོ་འདིས་
དཔེ་ཆ་དེ་རྣམས་ལ་ཡང་ནས་ཡང་དུ་བལྟས་པ་རང་ཤུགས་ཀྱིས་རྟོགས་ཐུབ།  དེ་ནས་རིམ་གྱིས་ངའི་གྲོགས་པོ་དེ་ལ་བལྟས་པ་ན།  ཁོས་ཉི་ཚེ་ཡི་མཚན་
ཉིད་རིག་པའི་དཔེ་དེབ་ཅིག་ལ་ལྟ་བཞིན་འདུག་པ་མཐོང་ཞིང༌།  དགོད་བྲོ་བ་ཞིག་ལ་ཁོས་ང་ཡོང་བ་མཐོང་མ་ཐག་རྐུན་མ་ཞིག་དང་འདྲ་བར་རྟབ་
རྟབ་པོར་མཚན་ཉིད་རིག་པའི་དཔེ་དེབ་གསང་སྟབས་ཀྱིས་སྦས་རྗེས་བཞིན་རས་ལ་རྒྱུན་ལྡན་མིན་པའི་འཛུམ་མདངས་དོགས་མི་བདེ་བ་ཞིག་རྒྱས་ཏེ་
ན་རེ།  ཨ་ཙི།  ཁྱོད་བདེ་མོ་ཡིན་ནམ།  ག་དུས་འདིར་ཡོང་བ་ཡིན་ནམ།  བཞུགས་གདན་འཇགས།  ཞེས་བཤད་བྱུང༌།  ངས་ཀྱང་ཁོ་ལ་ལགས་སོ་ཞེས་
ཟེར་བཞིན་རྐུབ་སྟེགས་སུ་བསྡད་པ་དང༌།  དེང་སང་ཁོས་རྩོམ་ཡིག་མང་པོ་ཞིག་བྲིས་པ་དེ་དག་གི་འབྱུང་ཁུངས་ཀྱང་གང་ཡིན་པ་གསལ་པོ་ཞིག་ཤེས་
སོང་སྙམ་བཞིན་དུ་རེ་ཞིག་ལུས།  སྙིང་རྗེ་བ་ཞིག་ལ་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་ཤེས་བྱ་རྣ་ལམ་དུ་མ་སོང་བ་རྣམས་ཀྱིས་ཁོའི་རྩོམ་ཡིག་དེ་དག་ཆེས་
ཡ་མཚན་དང༌།  ཆེས་ཡིད་དུ་འོང་བ།  ཆེས་བདེན་ལུགས་ལྡན་པའི་ལེགས་བཤད་ཁོ་ན་ཉིད་དུ་མཐོང་བའི་མོད་ལ།  ངའི་གྲོགས་པོ་དེར་བོད་ཀྱི་བསམ་
བློ་བ་དང་མཁས་པ་ཆེན་པོ་ཞེས་འུད་ཀྱིས་བསྟོད་བཞིན་མཆིས།   ཁོ་ཚོར་ཁག་ཅི་ཞིག་ཡོད་དམ།  ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་གཞུང་ལ་བལྟས་མ་
མྱོང་ཞིང༌།  བལྟས་ཀྱང་དོན་གྱི་མཐིལ་རྟོགས་མི་ཐུབ་པའི་ཁར།  བཤད་ཚུལ་གསར་པ་ཞིག་ཐོས་པ་ན་སྤང་བླང་ཅི་ཡང་མི་བྱེད་པར་ཡ་མཚན་ཉིད་དུ་
འཛིན་པ་ཞིག་ཡིན་པས།  ཁོས་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་འཇིག་རྟེན་གྱི་ལྟ་བ་དང༌།   མི་ཚེའི་ལྟ་བ།   རིན་ཐང་གི་ལྟ་བ་སོགས་བོད་དང་འཕྲོད་
པ་ཡིན་མིན་ལ་མི་དཔྱོད་པར་བོད་ཀྱི་སྟེང་དུ་བཙན་གྱིས་སྦྱར་ཏེ་ཆོས་ལུགས་དང་སྲོལ་རྒྱུན་ལ་འཛེམ་བག་མེད་པར་ཁ་རྡུང་བཏང་བས།  ལྟ་ལོག་མང་
པོ་ཞིག་གི་ཡིད་ཀྱི་བརྟན་པ་རང་དབང་མེད་པར་ཕྲོགས་པ་དང༌། རྩོམ་ཡིག་འདི་ནི་ཁྱད་དུ་འཕགས་པ་ཞིག་གོ་ཞེས་བསྟོད་ཅིང་བསྔགས་པའི་སྒྲ་ཡིས་ས་
གཞི་འདར་དུ་བཅུག་པ་རེད།  གཞན་ཡང་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་གཞུང་དང་དེའི་རིགས་ཀྱི་རྩོམ་ཡིག་རྣམས་ལ་བལྟས་མྱོང་བ་ཞིག་གིས་
གཞན་གྱི་ཚིག་མཚར་འདྲ་བཤུ་བྱས་ཏེ་བོད་ཡིག་ཏུ་བཅོས་པའི་རྩོམ་ཡིག་དེ་འདྲ་མཐོང་བའི་ཚེ།  དེ་ནི་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་མཁས་པ་རྣམས་
ཀྱི་གཞུང་དང་དེ་འབྲེལ་གྱི་རྩོམ་ཡིག་རྣམས་ལས་ཆ་བསྡུ་ཡ་བསྡུ་བྱས་ཏེ་བོད་ཀྱི་སྟེང་ལ་བཙན་སྦྱོར་བྱས་པ་ཞིག་ཡིན་པ་རྟོགས་ནས་ཆ་འཇོག་ཅི་ཡང་མི་
བྱེད་ཅིང༌། སྐབས་དེར།  མཁས་པ་རྣམས་ནི་རྐུན་མ་ཡིན།  །ང་ནི་རྐུན་མའི་རྒྱལ་པོ་ཡིན། །ཞེས་པའི་ཚིག་དེ་ཡིད་དུ་འཆར་ཡོང་བ་རེད།  ཡང་སྐབས་
རེར་དེ་དག་གིས་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་གཞུང་དོན་གྱི་མཐིལ་མ་རྟོགས་པར་ལོག་བཤད་བྱས་པའང་མི་ཉུང་བ་ཞིག་མཆིས་པ་དང༌། བོད་སྐད་
དུ་བསྒྱུར་མ་ཤེས་པར་ར་མིན་ལུག་མིན་གྱི་ཚིག་སྦྱོར་དམན་པ་མང་པོ་ཞིག་བཀོད་པ་མཐོང་བས།  ཧུན་ཧུན་ཞེས་རང་དབང་མེད་པར་དགོད་ཁ་ཞིག་
ཀྱང་ཤོར་འགྲོ་བ་རེད། 
    ཉིན་ཞིག་ལ་ངའི་གྲོགས་པོར་གྲྭ་པ་འགའ་བལྟ་བར་འོངས་ཤིང༌།  གྲྭ་པ་དེ་རྣམས་ནི་ངའི་གྲོགས་པོའི་ལྟ་བའི་〔ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་
མཁས་པའི་〕རྗེས་འབྲངས་པ་ཤ་སྟག་ཡིན་པ་དང༌།  གུས་ཞུམ་གྱི་མགོ་བོ་ནི་ས་ལ་སྨད།  དད་འདུན་གྱི་ཐལ་མོ་ནི་སྙིང་ཁར་སྦྱར།  མཐོང་འདོད་ཀྱི་མིག་
ནི་ཀེམ་ཀེམ་དུ་གཡོ་བཞིན་ལེགས་སྐྱེས་ཕྲན་བུ་ཙམ་ཡང་ཕུལ་བ་རེད། དེ་ནས་ལ་དང་ལགས་ཟེར་བཞིན་རང་གི་གནས་སུ་འཁོད་པ་མཐོང་ན་ཅི་འདྲའི་
མི་ཡ་རབས་ཤིག་རེད་ཨང་སྙམ་པའི་བློ་ཞིག་འགོག་མེད་དུ་འབྱུང་བ་དང༌། དོན་དམ་དུ་མི་ཡ་རབས་ཤིག་ཡིན་མིན་དེ་ཉིད་སྐབས་འཕྲད་ཀྱི་སྤྱོད་ལམ་
ཙམ་གྱིས་བདེན་དཔང་བྱེད་ག་ལ་ཐུབ་སྟེ་མི་ཐུབ་པ་ཡིན།  ངའི་གྲོགས་པོ་དེ་ཡང་ཟོག་རྫུ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས།  ཐོག་མའི་དུས་སུ་མཁས་
པ་ཡི་ཆེ་ཚུགས་ཤིགས་སེ།  ང་རྒྱལ་གྱི་འགྱིང་ཉམས་ལམ་མེ།  གཡོ་སྒྱུ་ཡི་ཆོ་འཕྲུལ་འཁྱུག་གེར་གྲྭ་པ་རྣམས་ལ་ལྟ་བ་མཐོང་ན་ཁོ་ནི་ཕྱི་རྒྱལ་གྱི་མཚན་ཉིད་
རིག་པའི་གཞུང་ལས་ཆ་བསྡུ་ཡ་བསྡུ་བྱས་ཏེ་བོད་ཀྱི་སྟེང་དུ་སྦྱར་ན་འབྱོར་བ་ཡིན་མིན་ལ་མི་དཔྱོད་པར་བཙན་སྦྱོར་བྱས་ཏེ་ལོག་བཤད་བག་ཚ་བ་མེད་
པར་སྤེལ་ནས་བོད་འདི་ཤི་ལམ་དུ་སྐྱེལ་མཁན་ཞིག་ག་ལ་ཡིན་སྙམ་ཞིང༌།  ཕྱི་ཚུལ་ནས་བལྟས་ན་བོད་ལ་ཤ་ཚ་ཞིང་རུས་ན་བའི་བསམ་བློ་མཁས་པ་ཞིག་
གི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་ཏུ་སྣང་བ་རེད།  ཕྱི་བལྟས་ན་ལྷ་ཁང་དང་གསེར་ཁང༌།  ནང་བལྟས་ན་རྩྭ་ཁང་དང་ཕག་ཁང༌།  ཞེས་པའི་གཏམ་
དཔེ་དེ་སུ་ཞིག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་ནམ།   དེ་ནི་ངའི་གྲོགས་པོའི་རང་གཤིས་ཇི་མ་ཇི་བཞིན་དུ་མཚོན་པའི་གཏམ་དཔེ་ཞིག་ལོས་ཡིན་
སྙམ་པའི་སྣང་བ་ཞིག་ཐོལ་གྱིས་བྱུང༌།   སྐབས་དེར་གྲྭ་པ་མགོ་རིལ་ཞིག་གིས་ངའི་གྲོགས་པོ་བསམ་བློ་མཁས་པར་བསྔགས་པ་དེ་ལ་འདི་སྐད།  ཁྱེད་ནི་
བོད་ཀྱི་བསམ་བློ་བ་ཡིན་པས།   ང་ཚོར་དེའི་སྐོར་མདོར་བསྡུས་ཤིག་གསུང་རོགས་ཞུ།  ཞེས་རེ་བ་བཏོན་པ་ན།  ངའི་གྲོགས་པོར་གློ་བུར་དུ་འཚུབ་ཆ་
ལངས་ཏེ་ཁ་ཤ་ལྷབ་ལྷབ་ཏུ་འདར།  སྒྱིད་པ་ལྕུག་ལྕུག་ཏུ་གཡོས།  མིག་གཉིས་རིག་རིག་ཏུ་གྱུར།  ཕར་བལྟས་ན་བདག་པོས་ཤེས་མ་ཐག་གི་རྐུན་མ་ཞིག་
གམ་ཡང་ན་གཡུལ་ས་ནས་ཕམ་ཁ་ཉོས་པའི་དམག་མི་ཤོར་མ་ཞིག་དང་མཚུངས།   ཁོའི་བཞིན་རས་ཀྱི་བཀྲག་མདངས་ནི་ཤོར།  ལུས་ཀྱི་འགྱིང་ཉམས་ནི་
ཞི།  མིག་གི་གཟི་མདངས་ནི་ཉམས།  ལག་པ་གཉིས་ཕུར་ཕུར།  ངག་གི་རྒྱུན་འདར་འདར་བྱེད་བཞིན་གྲྭ་པ་རྣམས་ལ་འདི་སྐད།  ངས་དེའི་སྐོར་ལས་
ག་གེ་མོ་ཞིག་རྙེད་ཡོད་ཀྱང༌།  དེའི་སྐོར་འདི་འདིའོ་དེ་དེའོ་ཞེས་འཆད་རྒྱུ་མང་པོ་ཞིག་མེད།  ཁྱོད་ཚོས་ངས་བྲིས་པའི་དཔེ་ཆར་བལྟས་རྗེས་བསམ་བློ་
མང་ཙམ་ཞིག་ཐོངས།  དེ་ལྟར་བྱས་ན་ངའི་བསམ་བློའི་སྐོར་ཤེས་ཐུབ་པ་ཡིན།  ཞེས་བཤད་པ་ན།  གྲྭ་པ་རྣམས་ཡ་མཚན་ནས་མིག་ཅེར།  ཧ་ལས་ནས་
ལྕེ་བསྣར།  ཡིད་ཆད་ནས་ངོ་གནག་པ་སོགས་མཐོང་བ་ན།  ང་ལ་རང་དབང་མེད་པར་དགོད་ཀྱི་ཞིག་ཡོང་ནས་ཡིད་དུ་འདི་ལྟར།  ཁོས་བྲིས་པའི་དཔེ་
དེབ་རྣམས་ནི་ཕྱི་རྒྱལ་གྱི་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱི་གཞུང་ལས་ཚིག་སྒྲོས་རྣམས་ཆ་བསྡུ་ཡ་བསྡུ་བྱས་ཏེ་བཤུས་པ་ཡིན་ཞིང༌།  ཁོ་རང་
ཉིད་ལ་བསམ་བློ་ཞིག་གཏན་ནས་མེད་པས།  བློ་ཐོག་ནས་འཆད་རྒྱུ་ཞིག་ག་ལ་ཡོད་དམ།  ཁོས་ཅི་ཞིག་རྙེད་ཡོད་དམ།  རྒྱ་ཡིག་ཏུ་བསྒྱུར་པའི་ཉི་ཚེ་ཡི་
མཚན་ཉིད་རིག་པའི་དཔེ་དེབ་ཅིག་རྙེད་ཡོད་པ་ནི་ཐེ་ཚོམ་མེད།  དེ་ལས་གཞན་པ་ཅི་ཞིག་རྙེད་ཡོད་དམ།  རྒྱ་ཡིག་གི་དཔེ་དེབ་དང་ཁ་བྲལ་བའི་ཚེ་ཀླད་
པ་སྟོང་ཧང་ངེར་འགྱུར་བ་ཞིག་གིས་ཅི་ཞིག་རྙེད་ཐུབ་བམ།  མཆུ་ནག་ཁྭ་ཏས་གླིང་བུར་བརྟེན་ནས་སྐད་སྙན་དུ་བརྫུས་པ་དང་ཁྱད་པར་ཅི་ཡང་མེད་
པས།   གྲྭ་པ་འདི་དག་སྙིང་རེ་རྗེ།  ད་ཐེངས་ཨ་ཞང་ཧེབ་རྐྱལ་ལ།  མག་པ་རྫུན་རྐྱལ་གྱིས་མགོ་བསྐོར་བཏང་བའི་དཔེ་བཞིན་དུ་གྱུང་སོང་སྙམ་ནས་ཡང་
བསྐྱར་དགོད་ཁ་ཞིག་ཤོར་སོང།  ངོ་མཚར་བ་ཞིག་ལ་གྲྭ་པ་འདི་དག་གིས་ནང་བའི་ཆོས་ལུགས་ལ་སློབ་གཉེར་ཕུ་ཐག་ཆོད་པ་ཞིག་མི་བྱེད་པར་ཚིག་
མཚར་རྣམས་རིན་པོ་ཆེར་བརྩི་བ་འདིས་ཅི་ཞིག་ཕན་ནམ།  དེང་སང་ཨི་ཏ་ལི་དང༌།  ཨ་རི།  འཇར་མན།  ཕ་རན་སི། ཨོ་སི་ཆོས་ལེ་ཡ།  དབྱིན་ཇི།  ཨོ་
སི་ཐུ་ར།  ཨུ་རུ་སུ།  ཁ་ན་ཏ་སོགས་འཛམ་གླིང་གི་སྟོབས་འབྱོར་མངའ་ཐང་ཆེ་བ།  ཚན་རྩལ་དར་རྒྱས་ཆེ་བ།  རིག་གནས་དར་བའི་རྩེ་མོར་སོན་པའི་
རྒྱལ་ཁབ་ཕལ་མོ་ཆེ་ཞིག་ཏུ་བོད་གྱི་བན་བོན་གྱི་ཆོས་ལུགས་ལ་དད་པ་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པས།  ང་ཚོར་གོ་བརྡ་
ཅི་ཞིག་སྤྲོད་ཀྱིན་ཡོད་དམ།   ང་ཚོར་གསལ་འདེབས་ཅི་ཞིག་གཏོང་བཞིན་ཡོད་དམ།  བསམ་བློ་གཏོང་བའི་དུས་སུ་བབ་འདུག  གྲྭ་པ་ཞིག་ཡིན་ན་
རང་རང་གི་ཆོས་ལུགས་ཀྱི་དགོངས་དོན་རྣལ་མར་ངེས་ཤེས་དཔྱིས་ཕྱིན་པ་ཞིག་འདྲོངས་ཐུབ་པ་བྱུང་ན།  དེས་འཛམ་གླིང་ཡོངས་ལ་ཕན་པར་ངེས་
མོད།  འོན་ཀྱང་གང་ཞིག་སྙམ་བཞིན་དུ་ལུས་པའི་ཚེ།   སག་སྒྲ་ཞིག་གྲགས་ཡོང་ཞིང༌།  ཕར་བལྟས་པ་ན་ངའི་གྲོགས་པོར་འཚམས་འདྲི་བྱེད་པར་
འོངས་པའི་གྲྭ་པ་རྣམས་ཡིན་པ་མཐོང་བ་དང༌།  ཁོ་ཚོའི་ཚུགས་ཀར་བལྟས་ན་བློ་ཕམ་བྱུང་ཡོད་པ་འདྲ་སྟེ།   མགོ་བོ་སྨད་ཅིང༌།  དཔུང་བ་ལྷོད། 
རིག་པ་ལྡིབ།  ལེ་ལོའི་གོམ་པ་འདོར་བཞིན་ཕྱི་རོལ་དུ་སོང་བ་དང༌།   དེ་ནས་རིང་བོར་མ་ཐོགས་པར་ནག་རིལ་ལི་ལི་གྱ་གྱུའི་ངང་རྒྱང་རིང་དུ་
བསྲིངས་པའི་ལམ་གྱི་མཐའ་རུ་ནུབ་སོང༌།  ངས་ཁོ་ཚོའི་རྗེས་སུ་བལྟས་ནས་ཤུགས་རིང་ཞིག་ནར་གྱིས་མི་འབྱིན་ཀ་མེད་དུ་གྱུར་ཏོ།  །
སྨྲས་པ།
       ཕྱི་གླིང་པ་ཡི་ཤ་མདངས་ཚད་མ་རུ་བཟུང་ནས།  །
       བསིལ་ལྡན་ཁ་བ་ཅན་གྱི་བོད་མི་ལ་བཅལ་བས།  །་
       སྨུག་མདོག་ཐམས་ཅད་ཐན་ལྟས་ཁོ་ན་རུ་བརྩི་བར།  །
       ཞིབ་ཏུ་བརྟགས་ཚེ་བླུན་པོའི་གཤིས་ལུགས་སུ་མཐོང་ངོ༌།  །

      འཁོར་ལོའི་སྣ་ཡི་གཟུགས་ཀྱིས་ར་མ་ཡི་དཔེ་དབྱིབས། །
      རི་དྭགས་རྒྱལ་པོའི་ཚད་ཀྱིས་མཛོ་གཡག་ལ་འཇལ་བའི། །
      བསམ་བློ་མཁས་པར་གྲགས་པ་བོད་ཡུལ་ཉིད་མ་གཏོགས།  །
      འཛམ་གླིང་རྒྱལ་ཁབ་རྣམས་སུ་ཉིན་སྐར་ལྟར་དཀོན་ནོ།  །
 
      འདི་ནི་བོད་མིའི་བསོད་ནམས་ཟད་པའི་རྟགས་ཡིན་ནམ། །
      ཡང་ན་ལོག་ལྟའི་དུས་ངན་དར་བ་ཞིག་ཡིན་ནམ།  །
      གང་ལ་བལྟས་ན་སེམས་ཅན་སྨྱོས་པ་ལྟར་མཐོང་བས།  །
      མི་བཤད་དགུ་བཤད་རྣམས་ཀྱིས་དྲན་འཛིན་ཡང་དཀྲུགས་སོ།  །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་འཚེར་གྱི་འོད་སྣང་སྟེ། ཚེ་སྲོག་ལྡོམ་པོ་ཞིག་གི་གསང་གཏམ།

2008-10-29 འཁྱམ་པོ་རྭ་སུག་དང་རྡེའུ་དཀར་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།