ལྷམ་ཀོག་དང་རང་མོས་སྙན་ངག

   ཉེ་སྔོན་བོད་ཡིག་དྲ་བའི་ཟིན་བྲིས་ཀྱི་སྡེ་ལས་ཅུང་ཆོག་པའི་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ལ་བལྟས་པ་ན།  རོང་བོ་དགེ་འདུན་ལྷུན་འགྲུབ་ཅེས་པའི་གྲྭ་བཙུན་སྙན་ངག་པ་དེས་བྲིས་པའི་༼རང་གི་སྙན་ངག་ཅིག་དང་ཞོར་གྱི་སྐད་ཆ།༽ ༼སྙན་ངག་འདི་རང་མོས་སྙན་ངག་ཅིག་རེད༽ཞེས་པ་ཞིག་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཚང་གི་ཟིན་ཐོ་ལེགས་ཤོས་ཀྱི་ཚན་པ་རུ་བཀོད་ཡོད་པ་མཐོང་བྱུང་།  ངས་མྱུར་མོར་དག་ཚར་གཅིག་བཀླགས་པ་ན་སྙན་ངག་དང་ཞོར་གྱི་སྐད་ཆ་གཉིས་ལ་སྔོན་དང་འདྲ་བར་ཅི་ཡང་གོ་རྒྱུ་དང་ཚོར་རྒྱུ་ཡོད་མ་སོང་།  ང་ཚོ་དྲ་རྩོམ་འབྲི་མཁན་ཚོའི་ལོབ་ཕྱོགས་སམ་ཡང་ན་ཆབ་སྲིད་ཀྱི་ཀླད་པ་ཅན་ཚོ་དང་། དྲ་གྲོགས་མང་བོ་ཞིག་གིས་བཟང་རབ་དང་རྒྱན་རབ་ཡག་རབ་སོགས་མང་བོ་ཞིག་བརྩེགས་ཡོད་ལ་ཁོ་ཚོར་དེ་ལྟར་ཡིན་ཡང་སྲིད།  དྲ་  རྩོམ་དེས་རྐྱེན་བྱས་ཏེ་ངས་ལྷམ་ཀོག་དང་རང་མོས་སྙན་ངག་ཅེས་པ་ཞིག་འབྲི་འདོད་བྱུང་།
                                    ༡
   སྤྱིར་བོད་ཀྱི་རྩོམ་པ་བོ་ཚོའི་སྡེ་ལས་རོང་བོ་དགེ་འདུན་ལྷུན་འགྲུབ་བམ་ལྷམ་ཀོག་ནི་ངའི་སེམས་ངོས་ན། ད་སྐབས་ཀུན་ཀྱིས་གླེང་བཞིན་དང་འབྲི་བཞིན་ཡོད་པའི་གུ་ཡངས་དང་སྒམ་དཀྱེལ་ཞེས་པར་དོན་ངོས་ནས་འདུལ་སྦྱོང་ངམ་གོ་རྟོགས་ཅུང་སད་ཡོད་པའི་རྩོམ་པ་བོ་ཞིག་ཏུ་མཐོང་གིན་ཡོད་ལ། ལྷག་པར་བོད་ཀྱི་རྩོམ་རིགས་གར་སྟེགས་འདིར་ཁོང་ནི་ཆེད་ལས་རྩོམ་པ་བོ་ཞིག་ལའང་ངོས་འཛིན་བྱས་ཀྱང་མི་ཆོག་རྒྱུ་མེད་པར་སྙམ།  ང་རང་ངོས་ནས་ཀྱང་ཁོང་ནི་རེ་བ་དང་ཡིད་ཆེས་ཆེ་བའི་མི་སྣ་གཅིག་ཡིན་པས། ཐེངས་འདིར་ཆེད་དུ་ངས་ལྷམ་ཀོག་དང་རང་མོས་སྙན་ངག་གླེང་ན་འདོད། 
                                ༢
   ཉེ་བའི་ལོ་ཤས་ནང་ཁོང་གིས་བཅད་རྩོམ་འབྲི་མཚམས་བཞག་སྟེ་རང་མོས་སྙན་ངག་ལ་ཤི་འཐམ་རོ་འཐམ་བྱས་ཏེ།  སྙན་དེབ་༼འཕྲེང་བ་ནག་པོ།༽དང་། ད་དུང་དྲ་རྩོམ་མང་བོ་ཞིག་ཀྱང་ཉིན་རེར་འབད་བརྩོན་གྱིས་སྤེལ་བཞིན་ཡོད།  འོན་ཀྱང་ཐབས་རྡུགས་པ་ཞིག་ལ། ཁོང་གིས་བྲིས་པའི་རང་མོས་སྙན་ངག་གང་ཡིན་ཡང་ཀློག་པ་བོའམ་སྤྱི་ཚོགས་ཁྲོད་ན་གོ་བ་དང་འགྲེལ་རྒྱག་ཐུབ་པ་ནི་ཉིན་མོའི་སྐར་རྗེན་ཙམ་ཡིན་པས།  ཧ་ལམ་མེད་ཅེས་ལབ་ནའང་ཐལ་མི་ཆེ་བར་སེམས།  ང་རང་ཉིད་ཀྱིས་ཀྱང་ནམ་རྒྱུན་ཀློག་གིན་ཡོད་ལ་གྲོགས་པོ་དང་སྙན་ ངག་པ་མང་བོ་ཞིག་ལ་དེ་ལྟར་འདྲི་བཞིན་ཡང་ཡོད་ཀྱང་ང་ཚོ་ཀུན་གཅིག་པ་ རེད། མིང་ཞེན་ནམ་དུང་ཞེན་གྱིས་ལྷམ་ཀོག་གིས་བྲིས་པས་ཡག་པོ་རེད་ཅེས་ལབ་པ་ཙམ་མ་གཏོགས།  ཁྱེད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད་པ་དང་ཅི་ཞིག་བསམ་གྱིན་ཡོད་པ་གཏན་ནས་ཤེས་ཀྱིན་མེད།  ༼འདིའི་རིགས་ཀྱི་རྩོམ་པ་བོ་ད་སྐབས་བོད་ན་མང་བོ་ཡོད་ཀྱང་ཟུར་གཅིག་བཤད་པས་འཐུས་པར་བྱ།༽ དེ་བས་ཤེས་ཚད་མཐོན་པོ་མེད་པའི་མི་སེར་དཀྱུས་མ་ཕར་ཟད། མཁས་པས་ཀྱང་གོ་བ་ལེན་མི་ཐུབ་པའི་སྙན་ངག་དེ་ནི་གསོན་ཤུགས་ཀྱི་ནུས་པ་བྲལ་བའི་དོན་ གྱིས་བེམ་པོར་གྱུར་སོང་བ་མ་ཡིན་ནམ།  ད་དུང་ཁྱེད་ཀྱི་རང་མོས་སྙན་ངག་དངོས་ཡོད་འཚོ་བ་ཞིབ་འབྲི་བྱེད་པའི་སྙན་ངག་གསར་བ་དེ་དང་།  སྤྱི་ཚོགས་འཚོ་བར་ཆེས་རྒྱང་ཐག་རིང་བོར་གྱེས་སོང་བ་མིན་ནམ་སྙམ་པ་དང་།  དེ་དང་བསྟུན་སྙན་ངག་པ་མང་ཚོགས་དང་ཁ་བྲལ་སོང་བས་ཕངས་སེམས་ཤིག་ཀྱང་བསྟུད་མར་སྐྱེ་འོང་།  
                                 ༣
         སྙན་ངག་མཁན་ཞིག་ཡིན་ཕྱིན་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཙམ་དང་།  མེ་ཏོག་གི་མཛེས་སྡུག་ཕྱེ་ལེབ་ཀྱི་གར་སྟབས།  ཁྱོད་བཟང་དང་ང་བཟང་ཙམ་གྱིས་མི་ཡོང་བར་འགྲོ་བ་མིའི་བདེ་སྡུག་དང་མེས་རྒྱལ་གྱི་མདུན་ལམ།  མི་རིགས་ཀྱི་དར་རྒུད་དང་མི་མང་གི་རེ་བ།  དུས་རབས་ཀྱི་འཕོ་འགྱུར་སོགས་གླེང་བའི་འགན་འཁྲི་ཡོད་པ་ང་ཚོ་ཀུན་གྱིས་བཤད་བཞིན་ཡོད་ ལ་དེ་ལྟར་ཡིན་ཡང་དགོས་མོད།  བོད་ཀྱི་དེང་རབས་རྩོམ་པ་བོའི་རྩམ་ཆོས་སྤྱི་དང་ཁྱད་པར་རང་མོས་སྙན་ངག་རྣམས་ལོ་རེ་ནས་ལོ་རེར་ཁ་ཇེ་དམ་ཇེ་དམ་དུ་སོང་སྟེ།  རྩོམ་པ་བོ་རང་ཉིད་མ་གཏོགས་སུས་ཀྱང་མི་གོ་ལ།  དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ལ་རྩོམ་པ་བོ་རེ་འགས་རང་ཉིད་ཀྱི་རྩམ་ཆོས་འདིར་ཅི་ཞིག་ཤོད་ཡོད་པ་མག་མུག་དང་རབ་རིབ་ཏུ་གྱུར་བའང་ཡོད་ཚོད་རེད།  མཚམས་འདིར་ཐོན་དུས་བོད་ཀྱི་སྙན་ངག་པ་ཞིག་གིས་འདི་འདྲའི་སྐད་ཆ་ཞིག་བཤད་ ཡོད་པ་ངས་ཡིད་ལ་ཤར་འོང་།  དེ་ནི་སྤྱིར་སྙན་ངག་ནི་སྐད་ཆ་ཞིག་ཡིན་པས།   མི་བརྒྱས་གོ་བའི་སྐད་ཆ་མི་བརྒྱའི་སྐད་ཆ་ཡིན་ལ།  དེ་བཞིན་མི་བཅུས་གོ་བའི་སྐད་ཆ་མི་བཅུའི་སྐད་ཆ་ཡིན།   མི་གཅིག་གིས་ཀྱང་མི་གོ་བའི་སྐད་ཆ་སྐད་ཆ་མིན་པ་བཞིན་སྙན་ངག་ལའང་རིགས་འདྲ།  ཞེས་པ་དེ་རེད།  དེ་ལྟར་  བཤད་ཡོང་ན་རང་མོས་སྙན་ངག་ལ་དགེ་མཚན་གཏན་ནས་མེད་སོང་བ་ཨེ་རེད་ཅེས་ལབ་ན་དེ་ལྟར་གཏན་ནས་མ་རེད།  མདོར་བསྡུས་ཏེ་བཤད་ན།  གངས་རིའི་རིང་ལུགས་ཀྱི་སྙན་ངག་གི་མེ་ཏོག་ར་བ་འདིར་མཚར་སྟོབས་སྐྱེན་ཞིང་།  གསོན་ཤུགས་དང་གཞོན་མདངས་ཀྱིས་ཕྱུག་པའི་སྔར་མེད་འདབ་སྟོང་ལྡན་པའི་མེ་ཏོག་གསར་བ་ཞིག་འཁྲུངས་སོང་སྙམ་གྱིན་ཡོད།    
                                   ༤
        འོན་ཀྱང་།  བར་འདི་ནས་ཆེས་ཡ་མཚན་པའི་དོན་གནད་ཅིག་བཤད་དགོས་པ་ནི། བཀྲ་ཤིས་པའི་ཟུར་དུ་སྣ་ནག་མ་ཞེས་པའི་ཁ་དཔེ་ལྟར་བློ་ སྣ་དེ་ཙམ་མ་སྨིན་པའི་བོད་ཀྱི་གཞོན་སྐྱེས་སྙན་ངག་པ་ཚོས།  བརྡ་སྤྲོད་དང་  ཚིག་རྒྱན་གཏན་ཚིགས་སོགས།  ཆོས་ཉིད་ཡོད་ཚད་སྣང་མེད་དུ་བཞག་སྟེ་སྙན་ངག་ཅིག་སྤེལ་གྱིན་ཡོད།  ཁོ་ཚོས་བསམ་པར་སྙན་ངག་གསར་བ་ཇི་ལྟར་བྲིས་ཀྱང་སྙན་ངག་ཏུ་བརྩི་ཆོག་ལ།   སུ་ཞིག་གིས་མ་གོ་ཚེ་དེ་ནི་རང་ཉིད་ཀྱི་ཆུ་ཚད་དམའ་བའི་རྟགས་སུ་བཤད་ཀྱིན་ཡོད་ལ།  མདོར་ན་བོད་ཀྱི་སྙན་ངག་གསར་བ་འདི་པར་ཆས་ཁ་གཏད་ཀྱི་རྒྱ་ནག་གོང་མའི་ལྭ་བ་ལྟ་བུར་གྱུར་ཡོད་དོ།།  གནས་ཚུལ་དེ་འདྲའི་རྐྱེན་གྱིས་བོད་ཀྱི་སྙན་ངག་པ་འཇུ་སྐལ་བཟང་གིས་འདི་འདྲའི་ འཁང་རའི་ཚིག་ཅིག་ཀྱང་ཤོར་ཡོད།  ༼ སློབ་ཆེན་སློབ་མས་དེང་རབས་སྙན་ངག་འབྲི་ལ།  སློབ་འབྲིང་སློབ་མས་ཀྱང་དེང་རབས་སྙན་ངག་འབྲི།  ཤེས་ཡོན་པའི་དེང་རབས་སྙན་ངག་འབྲི་ལ།  ཤེས་ཡོད་མེད་པས་ཀྱང་དེང་རབས་སྙན་ངག་འབྲི། ༽ཞེས་པ་དེ་རེད།   འདི་ལྟར་བཤད་ཡོང་དུས་ངས་སྙན་འབྲི་ན་ཀུན་གྱིས་གོ་བའི་སྙན་ངག་ཅིག་འབྲི་དགོས་ཀི་ཞེས་བཤད་ཀྱིན་མེད་པ་གསལ་བཤད་ཅིག་བྱས་པ་ཡིན།  ཀུན་གྱིས་གོ་བའི་སྙན་ངག་ཅིག་འབྲི་བ་ཧ་ཅང་དཀའ་ལ།  ཀུན་གྱིས་མི་གོ་བའི་སྙན་ངག་ཅིག་འབྲི་བ་དེ་བས་ཀྱང་དཀའ་བས་ང་ཚོ་རྟག་ ཆད་ཀྱི་འོབས་སུ་མི་ལྷུང་རྒྱུ་གལ་ཆེ་བ་མིན་ནམ་ཞེས་གྲོས་མགོ་ཞིག་བཏོན་པ་ ཡིན།  འདི་སྐོར་ལ་བཤད་བྱ་མང་ནའང་ཡིག་ཚོགས་མང་དོགས་ནས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ།    སླར་ཡང་ལྷམ་ཀོག་དང་རང་མོས་སྙན་ངག་སྟེང་ལ་བབས་ན།  
                                        ༥
     དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་ཞིག་ཏུ་ལྗང་བུའི་སྙན་ངག་ལ་གོ་རྒྱུ་མེད་ཀི་ཞེས་ཀློག་པ་བོ་ཚོས་སྐད་ཅོར་བརྒྱབ་སྐབས་འདི་ནས་ལོ་བཅུའི་རྗེས་སུ་གོ་ངེས་ཡིན་ཞེས་རྩོམ་པ་བོ་ཁོས་མ་འོངས་ལོང་བསྟན་ལྟ་བུ་ཞིག་གསུངས་སྐད།  ད་ལྟ་ལོ་ཉུ་ཤི་ཙམ་སོང་ཟིན་ནའང་གོ་མཁན་མ་བྱུང་བས་ཁོང་གིས་ཡང་བསྐྱར།  ད་འདི་ནས་བརྩིས་པའི་ལོ་སུམ་བརྒྱའི་རྗེས་ནས་གོ་ངེས་ཡིན་ཞེས་ལུང་བསྟན་བསྐྱར་མ་ཞིག་གནང་རབས་ཡོད་སྐད་ཐོས།  དེ་མིན་སྙན་ངག་གསར་བ་འབྲི་མཁན་ཚོས་ཀློག་པ་བོ་ཚོར་ལན་སྟབས་བདེ་ཞིག་རྙེད་པ་ནི།   ༼ ངས་སྙན་ངག་འབྲི་བ་ཁྱོད་ཚོས་གོ་བའི་ཆེད་དུ་འབྲི་བ་མིན་ལ།    ཁྱོད་ཚོའི་ཆེད་དུའང་མིན།   ངས་ང་རང་གི་འཚོ་བ་འབྲི་བཞིན་ཡོད། ༽  ཅེས་དང་།  ཁྱོད་ཀྱི་སྙན་ངག་འདིར་འགྲེལ་བཤད་ཅིག་གནང་རོགས་ཞེས་ཞུས་པ་ན།   དེའི་ལན་དུ་༼སྙན་ངག་ལ་འགྲེལ་བཤད་རྒྱག་རྒྱུ་མེད་ལ་རྒྱག་རུང་བའང་མིན།   ཁྱོད་ཀྱིས་ཅི་ལྟར་གོ་ན་དེ་ལྟར་རེད་༽ཅེས་རང་གོ་རང་གིས་གཡོག་ཕ་ མགོ་བུས་གཡོག་ནས་ང་ཚོ་དེ་རིང་གི་ཉིན་འདིར་ཐོན་པ་རེད།  དེ་བས་ལྷམ་ཀོག་ཁྱེད་རང་ཡང་དཀའ་ངལ་འདི་དག་དང་ཕལ་ཆེར་འཕྲད་ཡོད་སྲིད་རྒྱུ་རེད།   ཡིན་ནའང་མཚམས་འདི་ནས་རང་ཤུགས་ཀྱིས་ཐོན་པའི་འདྲི་བ་འདི་དག་ལ་ལན་གསལ་བོ་ཞིག་འདེབས་རྒྱུ་ངས་ཁྱེད་རང་གླེང་བའི་དགོས་པ་དང་ཀློག་པ་བོ་མང་བོ་ཞིག་གིས་རེ་འདོད་ཀྱང་ཡིན།
                                                  ༦
        གོང་གི་རང་མགོ་རང་གཡོག་གི་སྐད་ཆ་དག་ལས་གཞན་ཁྱོད་ཀྱི་རང་མོས་སྙན་ངག་དག་ཀློག་ཐབས་དང་།  འདི་ཕྱོགས་ལ་ཨ་ཁུ་ཁྱོད་ལ་བསམ་ཚུལ་འདྲ་གསུང་རྒྱུ་ཨེ་ཡོད་ཅེས་དྲི་བ་གཅིག་འདྲི་རྒྱུ་དང།  
      ཀུན་ཀྱིས་མི་གོ་བའི་སྙན་ངག་ཅིག་བྲིས་ན་སྙན་ངག་བྲིས་པའི་དགོས་པ་གྲུབ་ཡོད་མེད་དང་ཁ་ཇི་ལྟར་དམ་ན་དེ་ལྟར་སྙན་ངག་ཇེ་ཡག་ཏུ་འགྲོ་བ་མིན་ ནམ་ཞེས་འདྲི་རྒྱུ།   
      གཞན་རང་མོས་སྙན་ངག་འདི།  འདི་ལྟར་གབ་ཚིག་ཅིག་དང་འདྲ་བའམ་ཡང་ན་སྙན་གཞུང་དག་ལས་བཤད་པའི་བསྡུས་བརྗོད་ཀྱི་རྒྱན་ལྟར་མ་བྲིས་པར།  གཞན་འབྲི་ཐབས་འདྲ་ཨེ་ཡོད་ཅེས་ཀྱང་དྲིས་པ་ལགས་སོ།།
                                                                                           ༢༠༡༡  ༩  ༢
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་དང་རང་མོས་སྙན་ངག

2011-09-13 རྨ་ཐོག་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།