སྙན་ངག་པའི་འགན་འཁྲི་འདི་ན་འདུག

     ____མདའ་བཙན་པོའི་སྙན་ངག《རྒྱ་སྲང་ནས་བུ་མོ་མཛེས་མ་ཞིག་ཁྲོ་རུ་བཅུག་པ》ཞེས་པའི་མྱོང་བཤད།
                                           
             ༼རྒྱ་སྲང་ནས་བུ་མོ་མཛེས་མ་ཞིག་ཁྲོ་རུ་བཅུག་པ༽
རྟ་རྒན་གཡུང་མ་ཞིག་ཀྱང་ཁྲིད་ས་མེད་པའི་
སྲང་ལམ་ཞིག་ནས

བུ་མོ་དེར
རྐང་ནམ་ཁ་ཐིག་ཉོ་སའི་ཚོང་ཁང་ཞིག་ནས་འཕྲད་བྱུང

ཉིན་མོ་དེར
སྲང་ལམ་གྱི་འུར་ཟིང་ཡོད་ཚད་ལ་མདོ་འཛིན་པ་མེད་ལ
བདག་གིས་ཅི་ཞིག་ཉོ་རྒྱུར
མགོ་བ་ལྕགས་ཆག་འདྲ་མོའི་བཀོད་སྒྲིག་ཀྱང་མེད

དེ་ལས་ཀྱང    རང་ཉིད་བོར་སོང་རུང
གློ་ཁུག་ན་ཁྱིམ་ཚང་གི་སྒོར་ཡིག་དང
ཆུང་མ་འདོགས་རྒྱུར་དགའ་བའི་རྒྱན་ཆ་དག་ཀྱང་མེད

འདི་འདྲའི་ཉིན་མོ་ཡང་མོ་ཞིག་ལ

ངས་བུ་མོ་མཛེས་མ་དེར་བལྟས་ནས
ཁྱོད་འཐད་པ་ཡིན་ན
རྐང་ནམ་ཁ་ཐིག་ཀྱང
ད་དུང་ཉོས་མེད་པས
འཁྲིག་པ་ཐེངས་ཤིག་སྤྱད་རྒྱུ་ཧ་ཅང་སླ་ཞེས་སྨྲས་པ་ན

བུ་མོས
ཆགས་གླང   རྐྱལ་སྟོང་ཟེར་གྱིན
མོ་རང་ཉིད་ལས་ལྡབ་སྟོང་ཕྲག་འགའི་རྫོབ་པའི་
སྐད་ཆ་རྡོ་འཁྱག་འདྲ་བ་མང་པོ་ཞིག་གཡུག་གྱིན
ངང་མོ་ནད་པ་ཞིག་ལྟར་བུད་སོང་
                               ____མདའ་བཙན་པོའི་སྙན་དེབ་བཞི་བ《དབུས་ལ་སོང་བའི་སྒྲུང》ལས་བཤུས།
               སྙན་ངག་ནི་ཚིག་གི་བརྡ་རྟགས་ཀྱི་ཚོགས་པ་དང་རང་རྐྱ་ཐུབ་པའི་རྟོག་གཞིགས། འགྱུ་བག་གི་ཚོར་བ་ཡན་གར་བ་བཅས་གྱིས་གྲུབ་ཅིང༌། དེ་ལས་ཚིག་གི་བརྡ་རྟགས་རེ་རེ་ནི་བྱ་དངོས་གང་ཞིག་གྲུབ་
བྱེད་ཀྱི་ལྷུ་ཚུགས་རེ་རེ་དང་འདྲ་བར་སྙན་ངག་ཅིག་གི་ཕྱིའི་རྣམ་པ་ཙམ་པོ་བ་དེ་བཞེངས་བསྐྲུན་བྱ་བར་ཤ་ཐོན་རུས་ཐོན་གྱི་ཚུལ་དུ་གྱུར་ནས་ཡོད།  ཡིན་ཡང༌། སྙན་ངག་གི་ཕྱིའི་རྣམ་པ་བདེ་ལེགས་ངང་གྲུབ་ཟིན་རྗེས་ཚིག་གི་བརྡ་རྟགས་རེ་རེ་ནི་བྱེ་མའི་འཆང་བུ་ཞིག་དང་འདྲ་བར་རང་བཞིན་གྱིས་ཞིག་འགྲོ་བས།  ཀློག་མཁན་ཞིག་གི་ངོས་ནས་བཤད་ན་ཚིག་གི་བརྡ་རྟགས་རེ་རེའི་གྲིབ་གཟུགས་ཁྲོད་སྦས་སྐུང་བྱས་པ་ལྟ་བུའི་དོན་གྱི་བརྡ་རྟགས་རེ་རེ་སྟེ་སྙན་ངག་གི་བླ་འམ་སྲོག་ལ་ལག་སྙོབ་བྱས་ཏེ་རང་གི་གློ་ཁུག་ཏུ་ལྗིད་ཀྱིས་ཁྱོགས་པའི་འབྲས་བུ་རེ་བསྡུ་གསོག་རྒྱག་རྒྱུ་ནི་གནད་ཀྱི་དོན་པོར་ངེས། དེ་ལྟར་བྱ་དགོས་དོན་ནི་ཀློག་པ་པོས་ཚིག་གི་བརྡ་རྟགས་ཙམ་པོ་དེར་བརྟེན་ནས་ཕྱིར་སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་ལ་ལག་སྙོབ་དང་ཕྱིར་རྟོག ཚོད་བགམ་བཅས་བྱ་དགོས་པ་མ་ཟད།  ཚིག་གི་ བརྡ་རྟགས་དེ་དག་ལ་བརྟེན་ནས་རང་གི་ནང་སེམས་ཀྱི་དབྱིངས་སུ་རྟོག་སྣང་གི་གཟུགས་རིས་མང་པོ་བསྐྱར་དུ་བྲི་དགོས་པ་དང༌། དེ་ལས་ཐོབ་པའི་འབྲས་བུ་རགས་ཞིབ་ཡོད་ཚད་རང་སེམས་ཀྱི་ཁུང་བུ་དང་རལ་ག་མང་པོ་ལྷན་སྤྱད་དུ་འགྱུར་དགོས་པ་ཡིན་པས། སྙན་ངག་ལེགས་པོ་ཞིག་ལ་རོལ་མྱོང་བྱ་དགོས་ཚེ། མ་མཐར་ཡང་རིག་པ་སྐྲ་རྩེར་བཀྲམ་ནས་བསམ་གཞིགས་ལེགས་པོར་མ་བཏང་བ་ཡིན་ན། ཕལ་ཆེར་རང་སེམས་སྤྲོ་ལྷང་ངེར་གཏོང་བྱེད་ཀྱི་ཡོང་འབབ་ཅིག་རེག་མི་ སྲིད་པ་ཐག་གིས་ཆོད་དོ།
   ང་རང་ལ་མཚོན་ན།སྙན་ངག་ཅིག་ཀློག་པ་ནི་སྙན་ངག་ཅིག་རྩོམ་པ་ནང་བཞིན་དཀའ་ཁག་ཧ་ཅང་ཆེ་ཞིང༌། སྙན་ངག་ཅིག་ལ་རོལ་མྱོང་བྱེད་པའི་གོ་རིམ་ཁྲོད་རང་ གི་ཚོར་བ་དང་རྟོག་གཞིག   མྱོང་སྣང་སོགས་ནི་དབང་ན་མེད་པར་ཟེད་ཟེད་གདུ་བ་དང་ལྷོག་ལྷོག་འཕྱུར་བ། ཤག་ཤག་འབབ་པ་ལྟ་བུའི་ལས་སྣ་ཚོགས་པ་ཞིག་བརྒྱུད་མཐར།  ད་གཟོད་ཡིད་སེམས་ཀྱི་གཏིང་རིམ་ལ་ལྟ་ན་སྡུག་པའི་སྣང་བརྙན་ཞིག་འབུར་གཟུགས་ཀྱིས་མངོན་ཡོང༌། དེ་ནི་ང་ལ་མཚོན་ན་སྙན་ངག་ཅིག་སེམས་ཀྱིས་བཀླགས་པའི་ཡོང་འབབ་རིན་ཐང་བྲལ་བ་ཞིག་ཏུ་བརྩི་གི་ཡིན། 
     སྙན་ངག་ལེགས་པོ་ཞིག་ཡིན་མིན་དེ་གཙོ་བོ་ཚིག་གི་མཛེས་པའམ་ཚིག་རིས་ཙམ་པོའི་སྒྱུ་རྩལ་གྱི་རྡང་ཆ་ཁོ་ན་དེས་ཐག་གཅོད་མི་ཐུབ་པར།ཚིག་དེའི་ཕུག་ན་སྒུལ་མི་ཚུགས་པའི་དོན་གྱི་ལྗིད་ཤུགས་ཤིག་ཡོད་མེད་དང་དོན་དེ་ཡང་གཞུང་ལུགས་སྟོན་སྤྱད་ཀྱི་ཚིག་རིས་དང་རྦད་དེ་མི་མཐུན་པར།སྒྱུ་རྩལ་གྱི་མཛེས་པའི་ཀློང་ནས་གང་ཞིག་སྙེག་གིན་པའི་བསམ་བློའི་སྟོབས་ཤུགས་ཤིག་གམ་མ་གཞི་ནས་སྒྱུ་རྩལ་ཞིག་དང་འདྲ་བའི་རབ་རབ་མོག་མོག་གི་རྐང་རྗེས་གྱ་མ་གྱུ་ལྟ་བུ་དེས་ཐག་གཅོད་བྱ་དགོས་པར་འདོད།
   སྙན་ངག་པ་མདའ་བཙན་པོ་ལགས་ཀྱི་སྙན་ངག་ལ་མཚོན་ན།ཚིག་གི་བསོར་ཉམས་དང་དོན་གྱི་བློས་བསླངས་གང་གི་ཆ་ནས་ཀྱང་དེང་གི་སྙན་ངག་གསར་བའི་ཁྲོད་ཆེས་གཟེངས་སུ་ཐོན་འདུགཁོའི་སྙན་ངག་ཀློག་ཐེངས་རེ་རེར་ཚིག་གི་མཛེས་པ་དང་འཆར་ཡན་གྱི་འདུ་འགོད་ཀྱིས་ང་རང་ག་ལེར་མཚར་སྡུག་གི་ཞིང་ཁམས་ཤིག་ཏུ་ཁྲིད་འགྲོ་ལ།  སྙན་ངག་བཀླགས་ཚར་དུས་དོན་གྱི་ཟབ་ས་རུ་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ག་ལེར་བསྟན་འགྲོ་བས། ང་
རང་ལ་མཚོན་ན།ཁོའི་སྙན་ངག་ཀློག་པ་ནི་ཆེས་སྤྲོ་བའི་ལས་ཤིག་ཏུ་བསམས་བཞིན་ཡོད་ལ།ཆེས་ཐེག་དཀའ་བའི་ཁུར་བོ་ཞིག་ཏུའང་བསམས་བཞིན་ཡོད།  རྒྱུ་མཚན་ནི་ཁོའི་སྙན་ངག་དེ་ཡུན་རིང་གི་བསམ་གཞིག་དང་འཚོལ་ཞིབ།ཉམས་རྟོགཧུར་བརྩོན་སོགས་ལ་བརྟེན་ནས་བྱུང་བས། ཚིག་གི་བར་བར་དང་དོན་གྱི་གྲལ་གྲུ་དག་ན་ཀློག་པ་པོར་གཞིབ་མི་ཚར་ བའི་མངར་སྐྱུར་ཁ་ཚའི་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་བསྐྱུར་ཡོད། ལྷག་པར་དུ་ཁོའི་སྙན་ ངག་《རྒྱ་སྲང་ནས་བུ་མོ་མཛེས་མ་ཞིག་ཁྲོ་རུ་བཅུག་པ》ལྟ་བུར་མཚོན་ན། ཁ་མཚར་རང་བཞིན་ལྡན་པའི་སྙན་ངག་ཐུང་ངུ་ཞིག་ཡིན་མོད།དེའི་ཚིག་གི་མཛེས་པ་དང་འཆར་ཡན་གྱི་འཐམ་འཁྱུད། དོན་གྱི་བློས་བསླངས་སོགས་ཕྱོགས་གང་ནའང་ལྐོག་གྱུར་གྱི་ ཆ་གང་ཞིག་ཕྱི་རུ་ཕྱུང་འདོད་ཀྱི་ན་ཟུག་གིས་བརྟས་ཤིང༌། ཚོན་རིས་ལྟ་བུའི་འཚོ་བའི་གཞུང་ཤིང་གི་བསླུ་བྲིད་ལ་སྐྱོ་བ་སྐྱེས་པ།  གདོད་མའི་གཉུག་གཤིས་ཀྱི་ཆ་ལ་དང་བ་འཕོ་བ། སྣ་ཐིག་གཞན་
ལག་དུ་སྤྲད་ནས་སྣ་གླུ་དབྱངས་སུ་འགུགས་པའི་རྨོངས་ འཐོམས་ལ་ཞེ་མེར་བ་སོགས་ཀྱི་ཆ་གཟེངས་སུ་ཐོན་འདུག
    ཐོག་མར་སྙན་ངག་འདིའི་ཚིག་རིས་ཀྱི་ངོས་ནས་བལྟས་ན།ཁ་བྱང་རྐྱང་བའི་ངོས་ནས་ཀྱང་གོ་སླ་ཞིང་བསོར་ཉམས་ལྡན་པ། སྐད་ཆའི་གཉུག་གཤིས་ཀྱི་དྲི་མ་སྟུག་པོ་མངའ་བ་མ་ཟད། སྙན་ངག་དངོས་ཀྱི་ཁྲོད་ནའང་“རྟ་རྒན་གཡུང་མ”དང་“རྐང་ནམ་ཁ་ཐིག་ཉོ་སའི་ཚོང་ཁང”“གློ་ཁུག་ན་ཁྱིམ་ཚང་གི་སྒོར་ཡིག་དང༌།ཆུང་མ་འདོགས་རྒྱུར་དགའ་བའི་རྒྱན་ཆ་མེད་པ”“འཁྲིག་པ”“ཆགས་གླང་”“རྐྱལ་སྟོང”སོགས་སྐད་ཆའི་གཉུག་གཤིས་ཀྱི་ཆ་འབུར་ཏུ་ཐོན་ཡོད། དེ་རུ་ད་དུང་འབྲོག་པའི་འཁོར་ཡུག་དང་འབྲོག་པའི་སྐད་ཆ། འབྲོག་པའི་ཡུལ་སྲོལ་གོམས་འདྲིས། འབྲོག་པའི་འདུ་ཤེས་འཛིན་སྟངས་སོགས་འབྲོག་རུའི་རིག་གནས་ཀྱི་ཆའང་ཞར་དང་ཞོར་ལ་ཐོན་དུ་བཅུགཡོད་པས། ཏག་ཏག་འདི་ནི་སྙན་རྩོམ་འདི་ལེགས་འགྲུབ་འབྱུང་བྱེད་ཀྱི་རྒྱུ་རུ་ངོས་བཟུང་ཆོག
   སྙན་ངག་འདིས་ནི་འབྲོག་པའི་ཁ་སླ་བའི་(ཕོ་མོ་ཕན་ཚུན་བར་ཁ་བཙོག་བཤད་རེས་བྱེད་པ)རིག་གནས་ཕྱི་ཤུན་དུ་བཟུང་ནས་རིམ་པར་བརྗོད་བྱའི་སྲོག་གི་གཏིང་རིམ་ལ་བསྙེག་ཅི་ཐུབ་བྱས་ཡོད། རྟ་རྒན་གཡུང་མ་ཞིག་ཀྱང་ཁྲིད་ས་མེད་པའི་སྲང་ལམ་དེ་ནི་ས་གནས་ཆེས་སྤྱིར་བཏང་བ་ཞིག་ཡིན་མོད། དོན་ལ་དེ་ནི་ཚབ་མཚོན་གྱི་བརྡ་རྟགས་སྤྱི་མཚན་པ་ཞིག་སྟེ། དེ་ནི་རྩྭ་ཐང་གི་མཛེས་པ་དང་ལྷིང་འཇགས་ཀྱི་སྤྲོ་སྣང་རྦད་དེ་འཕྲོག་མཁན་ཞིག་ཏུ་གྱུར་ཡོད་ལ། དེ་ནི་འགྲན་རྩོད་དང་ཧམ་སེམས། གཞན་འགྱུར། བབ་བསྟུན་སོགས་ཀྱི་གཡུལ་འཁྲུག་བྱ་སའི་འཐབ་ར་ཞིག་ཏུའང་གྱུར་ཡོད་པས།  སྲང་ལམ་དེ་རུ་ནམ་ཡང་འུར་ཟིང་དང་རྙོག་འཛིང་གིས་ཁེངས་ཁེངས་ལ་ཡོད།དུས་བསྟུན་འདུན་སྐྱོད་བྱེད་མཁན་ཚོ་ནི་རང་ཉིད་ཀྱི་མགོ་བོ་མ་བཅད་པའི་ ཡར་སྔོན་དུ་ནམ་ཡང་སྤྲོ་སྣང་གིས་འཚོ་ལ།རང་ཉིད་ལྷན་པ་ཞིག་ལྟར་འཚོ་བའི་གྲལ་གྲུ་གང་རུང་ལ་སྦྱོར་ཅི་ཐུབ་བྱེད་པ་ལས། ཁོར་ཡུག་དང་རང་ཉིད་ཀྱི་འགྱུར་ལྡོག་ལ་དོ་སྣང་གཏན་ནས་མི་བྱེད།  སྙན་ངག་པར་ནི་ཐོག་མཐའ་བར་གསུམ་དུ་རྒོད་གཤིས་ཀྱི་ཆ་ལྡན་ཞིང་རང་དབང་ལ་ཧམ་འཐོབ་རྒྱག་མཁན་ཁོ་ན་ཡིན་སྟབས། རྒྱ་སྲང་དང་ཐོག་ཁང་དག་ན་མགོ་བ་ལྕགས་ཆག་འདྲ་མོའི་སྒྲིག་ལམ་ཀྱི་བཀག་རྒྱ་རབ་དང་རིམ་པ་ཡོད་ནའང༌། རང་ཉིད་ཀྱི་འདོད་པ་དང་རང་དབང་ནི་རྟག་ཏུ་རང་ཉིད་ཀྱི་བྲང་གཞུང་ན་ལྷོག་ལྷོག་ཏུ་གདུ་བཞིན་པའི་ཆུ་འཁོལ་ཞིག་དང་མཚུངས་བར་བསྟན་ཡོད་
ལ། ཐོད་ཀྱིས་འཕྱུར་བའི་མེ་རི་ཞིག་དང་ཡང་འདྲ་བར་བསྟན་དེ། རྒྱ་སྲང་གི་འདུ་འཛི་དང་ཧམ་སེམས་ཅི་ལྟར་རྒོད་ནའང་སྙན་ངག་པའི་ཁེར་རྐྱང་གི་དྭངས་གཤིས་ཁོ་ན་ནམ་ཡང་རྒུད་པར་མི་འགྱུར་བའི་ཡིད་ཆེས་དྲག་པོས་སྤྱི་ཚོགས་འདིའི་མུན་ནག་ གི་ངོས་དག་ཐེར་འདོན་བྱས་ཡོད། ཆུང་མ་འདོགས་རྒྱུར་དགའ་བའི་རྒྱན་ཆ་དེས་ནི་མི་རིགས་གང་ཞིག་གི་ཡུལ་སྲོལ་གོམས་འདྲིས་དང་འདུ་ཤེས་འཛིན་སྟངས་མཚོན་ལ། གློ་ཁུག་ན་ཁྱིམ་ཚང་གི་སྒོར་ཡིག་མེད་པ་དང་ཆུང་མ་འདོགས་རྒྱུར་དགའ་བའི་རྒྱན་ཆ་མེད་པ་དེས་ནི་རང་ཉིད་ངེས་བ་དོན་གྱི་ཁེར་རྐྱང་ཡིན་པ་བསྟན་ཡོད། ཡོད་ཚད་བག་ཕེབས་དང་རྒྱུན་ལྡན་ལྟར་གནས་པའི་ཉིན་མོ་ཡང་མོ་དེ་ནི། རང་ཉིད་སྔ་མོ་ནས་བོར་ཚར་ཞིང་འབོར་བར་ཞེད་སྣང་དང་འཛེམ་དོགས་ཅི་ཡང་མེད་པའི་ཉིན་མོ་དེ་ནི། དོན་གྱིས་ན་ཟུག་གི་གཏིང་སར་ཉལ་ཞིང་སྐྱོ་བའི་དབྱིངས་སུ་འཐིམས་པའི་ཉིན་མོ་ཞིག་ཡིན་དེ། དེས་ནི་སྣ་དང་ཟུར་སྒོར་མོ་ནས་སུ་ཞིག་གི་སྒྱིད་ལུག་དང་འཐོམ་སྦྲིད་ཀྱི་ཆ་ལ་ཟུར་ཟ་དྲག་པོ་བྱས་ཡོད།
    རྐང་ནམ་ཁ་ཐིག་ཉོ་ས་དེ་ནི་མདོར་དེད་ན་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་དེ།དེས་ནི་སྙན་ངག་པའི་ཆེས་དཀྱིས་མ་དང་ཆེས་སྤྱིར་བཏང་གི་འཚོ་བའི་གནས་བབ་ཅིག་གསལ་བོར་བསྟན་ཡོད་ལ། སྙན་ངག་པའི་འདོད་ཆུང་ཆོག་ཤེས་ཀྱི་ངོས་གང་རུང་ཞིག་ཀྱང་གབ་པའི་ཚུལ་གྱིས་བསྟན་ཡོད།འདུ་འཛིའི་ཁེངས་བའི་རྒྱ་སྲང་དང་བུ་མོ་མཛེས་མ། རྐང་ནམ་ཁ་ཐིག་གསུམ་པོས་ནི་རིག་གནས་ཀྱི་སྣང་ཚུལ་མི་འདྲ་བ་གསུམ་མཚོན་ལ། རིག་གནས་མི་འདྲ་བའི་གདོང་གཏུག་ཁྲོད་མངོན་སུམ་འཛེམ་མེད་དུ་ལག་ངར་གནམ་ལ་བསྒྲེངས་ནས་བདེན་པའི་ཨུ་ཚུགས་སྒྲོག་མཁན་ནི་ཏག་ཏག་ཁེར་རྐྱང་གི་སྙན་ངག་པ་ཁོ་ན་ཉིད་དོ།བུ་མོ་མཛེས་མ་དེ་ནི་སྙན་ངག་པའི་ཁེར་རྐྱང་དཀྲོག་བྱེད་ཀྱི་ཅོང་བརྡ་ཡིན་ལ། སྙན་ངག་པ་ཁེར་རྐྱང་ནས་རྗེན་རྐྱང་དུ་ཕུད་དེ་མཇུག་མཐར་འཆི་ལམ་དུ་བཙན་གྱིས་འདེད་པའི་གཤིན་རྗེའི་ཞགས་པའང་ཡིན་པས། འགལ་འདུ་དེའི་བརྡབ་གསིག་འོག་སྙན་ངག་པ་ནི་ཆེས་མཐའ་མཇུག་གི་གཞུང་དྲང་དང་བདེན་པའི་ཚབ་བྱེད་ལྟ་བུར་གྱུར་ཡོད་ལ། ཆེས་མཐའ་མཇུག་གི་སྨྲེང་བ་གཞས་རུ་འགུགས་པའི་ཨ་སྐྱོ་བའི་བྲང་ཁོག་ལྟ་བུར་ཡང་གྱུར་ཡོད།
      ཁོ་མོ་དང་ཁོ་མོ་ཚོའི་འཚོ་བའི་གཞུང་ཤིང་ལ་བརྒྱུས་པའི་རང་ཉིད་ཀྱི་རྣམ་ཤེས་སམ་དད་མོས་དེས་ནི་ཅི་ཞིག་སྲུང་འཛིན་བྱ་མ་ཐུབ་པའི་སྐྱོ་གར་ཞིག་མུ་འབྲེལ་གྱིས་འཁྲབ་དང་འཁྲབ་བཞིན་པས།
 སྙན་ངག་པར་མཚོན་ན་དེ་ནི་སངས་ཐབས་མེད་པའི་སྐྱོ་དབྱངས་ཀྱི་བསྡུས་གཟུགས་ཤིག་ཡིན་པས། ཁོ་མོའི་ཞལ་རས་དང་ལུས་གཟུགས།གྱོན་པ་སོགས་ཅི་ཙམ་མཛེས་ནའང༌།སྙན་ངག་པའི་མིག་ལམ་དུ་ངང་མོ་ནད་པ་ཞིག་གི་བགྲོད་སྟངས་ཙམ་ལས་ཅི་ཡང་ མ་ཡིན། ཁོ་མོས་རང་ཉིད་བོར་བ་ལ་ནི་སུས་ཀྱང་བཟོད་སྒོམ་བྱ་ནུས་མོད། རིག་གནས་ཤིག་ གི་རྒྱུན་ཐག་ཅིག་དུམ་བུར་གཏུབས་པ་ལ་ནི་ཅིས་ཀྱང་བཟོད་སྒོམ་བྱ་མི་ནུས་སོ།སྙན་ངག་འདིའི་ཁྲོད་ཀྱི་“འཁྲིག་པ”ནི་རིག་གནས་ཤིག་གི་ཚབ་རྟགས་ཡིན་ལ “ཆགས་ གླང”ཡང་རིག་གནས་ཤིག་གི་ཚབ་རྟགས་ཡིན་ཏེ།  ཚབ་རྟགས་མི་འདྲ་བ་དེ་གཉིས་ཀྱིས་དར་རྒུད་དང་འབྲེལ་བའི་ལས་དབང་རིགས་གཉིས་སྟོན་ལ། དར་རྒུད་ཀྱི་མཐའ་གཉིས་ན་ནམ་ཡང་བཙན་གཉོམ་དང་ཡངས་དོག  ཆགས་འཇིག  འཇམ་རྩུབ་སོགས་ཀྱི་གཡུལ་ཐབས་ཤིག་ལས་ཡོད་མི་སྲིད་པས། ཛ་དྲག་གི་གཡུལ་ས་དེ་རུ་རང་སྲོག་དམར་པོ་འབེན་དུ་
འཇོག་ཕོད་པའི་དཔའ་བོ་སུ་ཞིག་ཡོད་ཨང༌།
  འདུ་འཛིའི་ཁེངས་བའི་རྒྱ་སྲང་དེ་ནི་ཡོད་ཚད་ལ་བཟོ་བཅོས་དང་འགྱུར་བ་གཏོང་སའི་བཟོ་གྲྭ་ཞིག་སྟེ།བུ་མོ་མཛེས་མ་དེ་ནི་བཟོ་གྲྭ་དེས་བཟོ་སྐྲུན་བྱས་པའི་ཐོན་རྫས་ལྷད་མེད་པ་ཞིག་གོ ཁོ་མོའི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག(ཕར་ཁ་བསླས་ན་ཚུར་ཁ་བསླ་མི་ཤེས་པ)དེས་ནི་སྙན་ངག་པ་ཉིད་ཉིན་རེ་བཞིན་ཁེར་རྐྱང་རྗེན་རྐྱང་དུ་བསྒྱུར་ཏེ་མཇུག་མཐར་འཆི་ལམ་དུ་བཙན་གྱིས་འདེད་ཀྱིན་པས། སྙན་ངག་པར་རང་དབང་མེད་པར་དངངས་འདར་ཞིག་བརྒྱབ་བྱུང༌། རང་ཉིད་ཀྱི་སྲོག་དབང་ག་ལེར་དགག་གིན་པའི་འཇིགས་སྣང་ཞིག་སྐྱེས་སོང༌།ཀྭ་ཡེ། ཐོས་ཨེ་བྱུང༌། མཐོང་ཨེ་བྱུང༌། འདིར་སྙན་ངག་པས་ནི་ཆེས་མཐའ་མཇུག་གི་གཉུག་གཤིས་དང་བདེན་པའི་སྟོབས་ཤུགས་ཤིག་ལ་དམིགས་བཙུགས་ནས་ངུ་ཤམ་དང་རྒྱང་འབོད་དྲག་ཏུ་གཏོང་བཞིན་འདུག ཅི་ཞིག་ཤོར་ཟིན་པའི་སྐྱོ་བ་དྲག་པོས་མིག་ཀོང་མཆི་མས་བརླན་འདུག་ལ།  ད་དུང་ཅི་ཞིག་འཆོར་སྲིད་པའི་འཇིགས་སྣང་གིས་ནི་ལུས་པོ་འདར་ཡོམ་ཡོམ་བྱེད་ཀྱིན་འདུག  ཡིན་ཡང༌།  འུ་ཅག་གི་ཉེ་འགྲམ་ན་བླ་འཁྱམས་པའི་མི་བུ་ཞིག་དང་རྣོ་ངར་ལྡན་པའི་ལྕགས་ཀྱི་སྡེར་མོ་ཞིག  དེ་དག་དང་གཞི་གཅིག་ཏུ་འཐིམས་པའི་ལྷིངའཇགས་ཀྱི་རོལ་དབྱངས་ཤིག་ལས་ཅི་ཡང་མི་འདུག་གོ
 
                                     2010.10.12
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་འགན་འཁྲི་འདི་ན་འདུག

2011-04-24 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།