དཔྱད་བརྗོད་དང་གཞུང་ལུགས།

     ཚང་མས་ཤེས་གསལ་ལྟར།མང་བོ་ཞིག་གིས་ང་ཚོས་རྩོམ་རིག་གི་བགྱི་བ་མཐའ་དག《མེ་ལོང་མར》གཏུགས་ཤིང་།དེ་ལྟའི་གཞན་བསྟུན་གྱི་རྣམ་འགྱུར་དེས་རང་ཅག་གི་རྩོམ་རིག་གི་གནས་བབས་ལ་རང་མདོག་ཡལ་དུ་བཅུག་སོང་ཚུལ་གྱི་གཏམ་མང་བོ་ལབ་ཡོད་པ་རེད།ཡིན་ཡང་འདྲ་མིན་གྱི་དཔྱད་བརྗོད་སྣ་ཚོགས་འབྲི་དུས་དེ་ཡང་གཞན་གྱིས་ཐག་བཅད་པའི་སྒྲོམ་གཞི་གང་རུང་དུ་བསྡུ་ཅི་ཐུབ་བྱས་ནས།ཁ་ནང་ལ་ཁུ་ཚར་ཨེ་ཆུད་ཀྱི་སྦྱོར་བ་མང་དུ་བརྩམས་འགྲོ་བ་དེ་རེད།འདིས་ནི་ཅི་ཞིག་མཚོན་ནམ་ཞེ་ན།ཏག་ཏག་རང་སྐྱོན་མི་མཐོང་བར་གཞན་སྐྱོན་འཚོལ་བའི་ཚུལ་དེ་མཚོན་པ་རེད།རང་ཅག་གི་རྩོམ་སྟེགས་སུ་ཅུང་གོ་གནས་ཡོད་པའི་དཔྱད་བརྗོད་པ་དག་གིས་གཙོར་མཛད།དཔྱད་གཏམ་ཆེ་མ་ཆུང་གསུམ་འབྲི་མཁན་མཐའ་དག་མི་རིགས་གཞན་པའི་ཐ་སྙད་གང་རུང་རེ་ཁ་སྐོང་དུ་བཅུག་ནས་རང་གི་དཔྱད་གཏམ་དུ་འབྲི་རྒྱུར་ཧ་ཅང་དགའ་བོ་ཡོད་པ་མ་ཟད།དེ་ལྟ་མ་ཡིན་པར་རང་གི་བསམ་ཚུལ་གཙོར་བྱས་ཏེ་དེ་དག་ལ་ཁ་ཡ་མ་བྱས་པ་ཡིན་ན།ལྟ་རྒྱ་ཐོས་རྒྱ་ཞན་པ་དང་དཔེ་ཀློག་གི་གོ་རྟོགས་དམན་པར་ངོས་འཛིན་པ་རེད།སྤྱིར་དཔྱད་བརྗོད་པ་དག་ལ་རྩོམ་རིག་གཞུང་ལུགས་ཀྱི་ཆ་རྒྱུས་འོས་མཚམས་རེ་དགོས་པ་ནི་བཤད་མ་དགོས་ནའང་།ང་ཚོས་རང་མི་རིགས་ཀྱི་རྣམ་པར་ཤེས་པའི་སྙིང་བོར་གྲུབ་པའི་བརྩམས་ཆོས་མཐའ་དག་གཞན་གྱི་གཞུང་ལུགས་ཀྱི་རུས་སྒྲོམ་ཀོག་པོར་བཙན་གྱིས་བཅུག་པ་ཡིན་ཚེ།རང་ཅག་གི་རྩོམ་ཡིག་གང་དེའི་ལས་ནི་ཇི་འདྲའི་བཙོག་ཨང་།རྩོམ་རིག་དཔྱད་བརྗོད་ཅེས་པའི་རིག་ཚན་འདི་ཡང་གཞན་དུ་ན་བརྩམས་ཆོས་གང་དེའི་ལྷུ་ཆེན་ལྷུ་ཆུང་མཐའ་དག་སྐྱོན་མེད་དུ་གསིལ་བར་བྱེད་པའི་ལག་ཆ་ཡིན་ན་ཡང་།སྤྱི་དང་བྱེ་བྲག་ལྟ་བུའི་དཔྱད་ཚུལ་དང་དུམ་ཚན་ཞིབ་བསྡུར་གྱི་དཔྱད་ཚུལ་ལ་ངེས་ཤེས་འདྲོངས་ཡོད་པ་ཡིན་ན།ང་ཚོའི་དཔྱད་བརྗོད་ཀྱི་གྲུབ་སྟངས་ལ་ཡང་གསང་བ་ལྐོག་གྱུར་གྱི་རྣམ་འགྱུར་འཛིན་དགོས་དོན་ཅི་ཡང་མེད།ང་ཚོས་ཁ་གསལ་དུ་བཏང་ནས་བརྗོད་ཆོག་སྟེ།ཡིད་བརྙན།རྟོག་བརྙན།སྒྲིག་གཞི།བློས་བསླངས།བརྡ་རྟགས།ཡུལ།དཔེ་གཞི།ཁམས།འགྱུར་བ་སོགས་དཔྱད་བརྗོད་པས་གང་འདོད་འདོད་དུ་བཏགས་པའི་མཚོན་བྱེད་ཀྱི་ཐ་སྙད་འདི་དག་གི་མཚོན་བྱ་གང་དེའི་མ་འདྲེས་པའི་སྤུ་རིས་སུ་ཞིག་གིས་འབྱེད་ཐུབ།གལ་ཏེ་བརྩམས་ཆོས་གང་དེར་ཅིས་ཀྱང་འདི་ལྟ་བུའི་རྒྱ་མ་དང་རྒྱ་རྡོ་བཟུང་ནས་ལྗིད་ཚད་འཇལ་དགོས་པ་ཡིན་ན།རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་གི་བྱུང་འཕེལ།ཡང་ན་མཚོན་བྱེད་ཀྱིས་མཚོན་བྱ་མཚོན་པའི་གོ་རིམ་དེ་རང་གིས་སྟོར་བ་མ་ཡིན་ནམ།སྤྱིར་རིག་ཚན་གང་དེ་གཞུང་ལུགས་ཀྱི་ཕྱོགས་སུ་སོང་བ་ནི་རྒྱལ་ཁ་དང་ཡང་ན་ལེགས་འགྲུབ་ཀྱི་ཕྱོགས་སུ་སོང་བའི་དོན་དུ་ངོས་གཟུང་དགོས་པ་ཡིན་ཀྱང་།མི་རིགས་དེའི་རྩོམ་རིག་ལ་མི་རིགས་གཞན་ཞིག་གི་གཞུང་ལུགས་ཀྱིས་ཚོད་འཛིན་ཐེབས་པ་ཡིན་ན།ང་ཚོའི་དོན་ངོ་མའི་བསམ་བློ་གཏོང་ས་དེ་གང་རེད་དམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་བརྗོད་དང་གཞུང་ལུགས།

2011-04-06 མེ་དཔུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།