སྙན་ངག་པས་གཅིན་པ་གཏོང་ཚུལ་གླེང་བ།

     སྙན་ངག་ནི་མིའི་སེམས་ཁམས་ཀྱི་སྒྱུ་རྩལ་ཐོན་རྫས་རིགས་ཤིག་ཡིན་པས་དུས་དང་བསྟུན་ནས་འགྱུར་དགོས་པའང་ཆོས་ཉིད་ཀྱི་འགྲོ་སྟངས་ཤིག་སྟེ། གལ་སྲིད་སྙན་ངག་ལ་འགྱུར་བ་མེད་ན་རང་ཉིད་ཀྱི་སེམས་ངོ་རྒས་ཟིན་པའི་རྟགས་མཚན་ཤར་བ་ཡིན་ལ། དེ་ལྟར་ཤེས་བཞིན་དུ་མུ་མཐུད་དུ་སྙན་ངག་བྲིས་ཚེ་ཅ་དངོས་རྙིང་བ་ཞིག་ཐོན་སྐྱེད་བྱས་པ་དང་ཤིན་ཏུ་འདྲ་བས། སྤྱི་ཚོགས་ཀློག་པ་པོའི་དགོས་མཁོ་དང་འདོད་བློ་ངོམས་རྒྱུ་ཡང་དེ་བས་དཀའ་བར་འགྱུར་ངེས། སྙན་ངག་པ་ནི་དཔེ་གསར་ཅ་དངོས་ཀྱི་བཟོ་གྲྭ་ལྟ་བུ་ཞིག་ཏུ་དགོས་པ་ཡང་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག སེམས་ཁམས་ཀྱི་འགྱུར་ལྡོག་གིས་ཆེད་དུ་གོ་སྐབས་ཤིག་སྤྲད་པ་དང་ཤིན་ཏུ་འདྲ་བས། དེ་དང་མཐུན་པའི་བརྩམས་ཆོས་ཀྱང་སྒྱུ་རྩལ་དང་ནུས་པ། རིན་ཐང་། ཁྱད་ཆོས་མི་འདྲ་བ་མང་པོ་འབྱུང་དགོས་པས། ཁ་སང་གི་རང་ཉིད་ཀྱི་སྙན་ངག་དེ་རིང་སྐྱུག་བྲོ་བ་ཞིག་ཏུ་ལྟ་མ་ཐུབ་ཀྱང་ན་ནིང་སྙན་ངག་ནི་དེ་རིང་གཅེས་སུ་འཛིན་མི་རུང་བ་ཡང་འགྱུར་ལྡོག་གི་དགོས་མཁོ་ཞིག་ཏུ་སྙམ། འདི་ལྟ་ན་ཡོད་ཚད་འགྱུར་ལྡོག་གིས་འཚོ་ཞིང་ཡོད་ཚད་རྙིང་བའི་རྒྱུན་དོར་ཏེ་འཚོ་དགོས་པ་བརྗོད་པ་ཞིག་མིན་ཡང་། སྒྱུ་རྩལ་གྱི་མཛེས་པ་ནི་འགྱུར་ལྡོག་གི་མྱུར་ཚད་དང་དུས་ཚོད་ཀྱི་གོ་རིམ་ཁྲོད་དུ་གནས་པས་སོ།།
    ང་ཚོའི་སྙན་ངག་པ་མང་པོ་ཞིག་གང་དུ་སླེབས་པ་དང་ཅི་ཞིག་ཏུ་འགྱུར་བར་བརྗོད་དཀའ་ནའང་། ཐུན་མོང་ལ་ཡོད་པའི་གནད་དོན་ཆེན་པོ་ཞིག་ནི་ཕན་ཚུན་ལད་ཟློས་ཀྱིས་འཚོ་ཞིང་གནས་ལ། དེ་ལྟར་ལད་ཟློས་ཀྱི་འཁོར་ལོའི་ཁྲོད་ནས་མདུན་སྐྱོད་ཀྱི་ངར་ཤུགས་དང་མགྱོགས་ཚད་རྙེད་དཀའ་བ་དེ་ཡིན། དེ་ལྟར་སྙན་ངག་པ་གཅིག་གིས་མོ་མཚན་གྱི་སྐོར་བྲིས་པའི་དབང་དུ་བཏང་ན། ཀུན་གྱིས་ཟླ་མཚན་དང་རྨོངས་སྤུ། འཁྲིག་སྦྱོར། ལིང་ག་གྱེན་དུ་ལངས་པ་སོགས་བྲིས་ཏེ། དེ་ལས་གཏན་དུ་ཐར་ཐབས་མེད་པའི་དྲ་ནང་དུ་ཚུད་པར་འགྱུར་ལ། འདི་ནི་སྙན་ངག་གི་བརྗོད་དོན་ཞིག་གཏན་དུ་མ་རེད་ཟེར་མི་འདོད་ལ། སྒྱུ་རྩལ་དུ་ཐོག་མར་འདྲེན་མཁན་གྱི་སྨྱུག་རྩེ་རུ་སྒྱུ་རྩལ་གྱི་གསོན་ཉམས་ཡོད་ལ། དེ་ལྟར་སྙན་ངག་ཡོད་ཚད་ཁོག་སྨད་ནས་ཡོངས་སུ་མགོ་འཁོར་བར་གྱུར་ཚེ། དེ་ནི་རིམ་གྱིས་བསྐྱར་ཟློས་ཀྱིས་ངོ་བོར་ཕྱོགས་ཏེ་སྒྱུ་རྩལ་གྱི་རིན་ཐང་ཉམས་ཤིང་སྙན་ངག་པའི་སྒྱིད་ལུག་གི་གཤིས་ཉམས་མངོན་འོང་ཞིང་། སྙན་ངག་སྤྱིའི་རིན་ཐང་ག་ལེར་འཆོལ་འགྲོ་བ་དེ་རེད། སྙན་ངག་གི་གྲུབ་མཐའ་ཞེས་པའི་མིང་ཅི་ཙམ་ཆེན་པོ་བཏགས་ཀྱང་དེ་ལ་འགྱུར་ལྡོག་གི་ཁྱད་ཆོས་མེད་ཚེ། མ་རྩ་བརྡིབས་པའི་བཟོ་གྲྭ་ཞིག་སྐྱ་ཆག་གེར་མུ་མཐུད་དུ་སྒོ་མོ་ཕྱེ་བ་ནི་མཚང་དུའང་ཆེ་བ་སྙམ་སྟེ། འུ་ཚོས་སྐབས་རེར་སྙན་ངག་ནི་རིང་ལུགས་ཤིག་དགོས་པར་སྙམ་སྟེ། རང་ཉིད་ཀྱིས་ཐོག་མར་ཅི་ཞིག་འབྲི་བཞིན་པ་ཡང་མཐའ་མར་དེ་ལྟར་བྲི་དགོས་པར་སྙམ་པའི་རིང་ལུགས་འཁོར་ལོ་མ་ཞིག་མ་ཡིན་པར། འགྱུར་ལྡོག་གི་ཁྲོད་དུ་མངོན་པའི་ཁྱོད་ཀྱི་རྟགས་མཚན་དང་ཁྱད་ཆོས་དམིགས་བསལ་བ་ཡོད་པའི་རིང་ལུགས་མངོན་རྒྱུ་དེ་ནི་ཁྱོད་ཀྱི་ཐམ་ག་ཡོད་པའི་སྙན་ངག་གི་གྲུབ་མཐའ་རུ་བདག་གིས་བརྗོད་པར་འདོད་དོ།།
      ཉེ་བའི་ལོ་འདི་འགའི་རིང་དུ་འུ་ཅག་གི་སྙན་ངག་ཀྱང་སྐབས་རེར་སྨུག་སྤྲིན་གྱི་ཁྲོད་དུ་མགོ་ཡོམ་ཅུང་ཟད་འཁོར་བཞིན་མེད་དམ་སྙམ་པའི་སེམས་ཁྲལ་ཡང་འོང་བཞིན་འདུག་སྟེ། དེ་ནི་སྙན་ངག་པའི་བརྩམས་ཆོས་རེ་ཟུང་ནས་འཕྲོས་ཏེ་ཅུང་གླེང་བར་འདོད་དེ། འདི་ཡང་བོད་ཀྱི་སྙན་ངག་སྒྱུ་རྩལ་ཚད་གཞིའམ་ཚད་ཐིག་ཏུ་ལྟ་བའི་གངས་རྒྱན་མེ་ཏོག་ཅེས་པའི་དུས་དེབ་ཡིན་ལ། བདག་ཆེས་ཆེར་དགའ་ཞིང་ཆེས་ཆེར་སེམས་ཁྲལ་གྱིས་བཀླགས་མྱོང་བའི་དུས་དེབ་ཅིག་ཀྱང་ཡིན་པས། བོད་ཀྱི་སྙན་ངག་སྒྱུ་རྩལ་དུས་རབས་ཀྱི་ཚབ་མཚོན་དཔེ་གཞི་རུ་བཟུང་སྟེ་ལྟ་བཞིན་ཡོད་ཀྱང་། ཉེ་བའི་ཆར་སྙན་ངག་མང་པོ་ཞིག་གིས་གཅིན་པ་གཏོང་བའི་སྣང་ཚུལ་དེ་ཅུང་ཤུགས་ཆེ་བར་འགྱུར་བཞིན་འདུག་ལ། དེ་ནི་དེ་ལྟ་བུའི་སྒྱུ་རྩལ་གྱི་མན་ངག་ཅིག་གམ་ཐབས་འཕྲུལ་གྱི་གསང་བ་ཞིག་བག་ལ་ཉལ་བའི་ཚོར་བ་ཤིན་ཏུ་འབྱུང་དཀའ་བར་གྱུར་བས། གཅིན་པ་གཏོང་བ་ནི་དེ་ལྟ་བུའི་རིན་ཐང་གི་ཚད་གཞི་ཞིག་ཡོད་མེད་མ་ཤེས་ཀྱང་། འདི་ཡང་སྒྱུ་རྩལ་བའི་རྨོངས་དད་ལྟ་བུའི་བསམ་བློའི་ཆ་ཤས་ཤིག་གི་ཟུར་མཚོན་མིན་པའི་ངེས་པའང་མི་འདུག་སྟེ། དཔེར་ན། མདོག་འགྱུར་བའི་མེ་ཤེལ་ཞེས་པའི་སྙན་ངག་དེ་གཅན་མེ་སྟག་གིས་ཉིས་སྟོང་བརྒྱད་ལོའི་གངས་རྒྱན་མེ་ཏོག་དང་པོ་རུ་བཀོད་པ་ནི། གཅིན་པ་ཐེངས་གཅིག་བཏང་བའི་ཡུན་ལ  ཨ་ཆེན་གངས་ལ་རིང་མོ  ཤག་ཤག་ཏུ་བཞུར་ནས་ཞེས་བཀོད་མ་ཐག  དེབ་གཉིས་པ་རུ་ཡང་བསྐྱར་འབྲོང་གིས། ཁ་བའི་ཁྲོད་བཏང་བའི་གཅིན་པ་ཞེས་པའི་ཁ་བྱང་བཀོད་དེ། དེ་ལས་ཚིགས་རྐང་རེ་ཟུང་དྲངས་ན། ཡོད་ཚད་ཀྱིས་གཅིན་པ་ཤག་ཤག་གཏོང་གིན་ཡོད་པས་ཞེས་གཅིན་པ་བརྗོད་བྱ་རུ་བགྱིས་ཏེ་ཤུགས་ཆེ་ཙམ་བྲིས་འདུག་ལ། ཡང་སྙན་ངག་འདི་ཉིས་སྟོང་བདུན་གྱི་ཟླ་དང་པོའི་མཇུག་ཏུ་བྲིས་པ་ཡིན་ཚུལ་གྱི་ཟླ་ཚེས་བཀོད་པར་གཞིགས་ན། གོང་གི་མདོག་འགྱུར་བའི་མེ་ཤེལ་ལས་ཅུང་སྔ་བའི་ཚོར་བ་ཞིག་སྟེར་ཡང་། འདི་ཡང་སྒྱུ་རྩལ་འདྲ་བཤུས་ཁྲོད་ཀྱི་གསང་བ་ཞིག་ཡིན་པས་བདག་གིས་གང་སྔ་ཞེས་ཁ་ཚོན་གཅོད་པར་དཀའ་བར་གྱུར་ནའང་། འདི་ལས་གནས་ཚུལ་ཞིག་གསལ་བོར་རྟོགས་ཐུབ་པ་ནི་གཅིན་པ་གཏོང་བ་དེ་བོད་ཀྱི་སྙན་ངག་ཁྲོད་ཀྱི་མཛེས་ཆོས་གསར་བ་ཞིག་ཏུ་གྱུར་བས་ཡིན་པར་ངེས་ཏེ། དེ་རྗེས་གཅིན་པ་འཆོར་སླ་ཞིང་གཏོང་འདོད་པའི་སྙན་ངག་པ་ཇེ་མང་དུ་བྱུང་སྟེ། ཉིས་སྟོང་དགུ་ལོ་གཅིག་པུའི་ཁྲོད་དུ་ཡང་། འདི་ལྟ་བུའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་བ་ནི། དཔེར་ན། བོང་སྟག་རི་ལུའི་ཐོག་ཁང་དང་ཆུང་མ་ཞེས་པའི་སྙན་ངག་ཏུ། ཐ་ན་གཅིན་པ་ཞིག་གཏོང་ན་ཡང  ཤག་སེ་གཏོང་མི་ཕོད་ཅེས་བྲིས་པའི་ཚིག་གི་བརྡ་ཐབས་དང་ཉམས་འགྱུར་ཡང་གོང་གི་དེ་ལས་གཞན་ཞིག་མཐོང་དཀའ་བར་གྱུར་ཅིང་། དེ་ལྟར་གཅིན་པ་གཏོང་བའི་ཤག་སྒྲ་ཞིག་ཀྱང་བརྩམས་ཆོས་ཁྲོད་དུ་སྔར་བཞིན་སིམ་པར་གྱུར། དེ་རྗེས་ཡང་བསྐྱར་མདོ་སྨད་ཧེ་རུ་ཀའི་སྙན་ངག་གི་ཁ་བྱང་ཡང་། རྨ་ཆུའི་རབ་ཁ་ནས་གཅིན་པ་ཤག་སེ་གཏོང་སྙམ་དུས་ཞེས་གོང་གི་དེ་དག་དང་གཅིག་མཚུངས་ལྟ་བུའི་གཅིན་པའི་ཐ་སྙད་རྒྱུགས་ཆེ་ཞིང་སྦྱོར་བ་མཚུངས་པའི་རྣམ་པ་ཞིག་ང་ཚོའི་སྙན་ངག་བརྩམས་ཆོས་ཁྲོད་དུ་མངོན་ཞིང་རྒྱུ་བཞིན་པར་མ་ཟད། ད་དུང་ནེའུ་ཆུང་གིས་ཀྱང་མུ་མཐུད་དུ་སྙན་ངག་གི་ཁ་བྱང་ཞིག་ལ་འདི་ལྟར་བཀོད་ཡོད་དེ། སེམས་པ་ལྷོད་ལ་ཕབ་སྟེ་རྩྭ་ཐང་ནས་གཅིན་པ་གཏོང་བ་ཞེས་བྲིས་པ་སོགས་མཐོང་བས། སྙན་ངག་ཀློག་པའི་སེམས་ཁྲལ་ཆེ་རུ་འགྲོ་བར་བྱས་སོང་། དེ་ཡང་སྙན་ངག་པས་གཅིན་པ་གཏོང་བ་བྲིས་པས་མི་འགྲིག་པར་མི་སེམས་ཀྱང་སྙན་ངག་པ་ཚང་མས་དུས་གཅིག་ཏུ་གཅིན་པ་འཆོར་བཞིན་པ་ནི་བདག་གིས་བརྩམས་ཆོས་ཁྲོད་ཀྱི་གནད་དོན་ཞིག་ཏུ་སྙམ་སྟེ། གོང་གི་འདི་དག་ནི་གངས་རྒྱན་མེ་ཏོག་ལས་བཏུས་པའི་སྙན་ངག་གི་གནད་དོན་འགའ་ཞིག་སྟེ། ལྷག་པར་བོད་དུ་གདེང་འཇོག་ངེས་ཅན་འཐོབ་བཞིན་པའི་སྙན་ངག་པ་རྐྱང་རྐྱང་ཡིན་ལ། ཁོ་ཚོའི་ཁྲོད་ཀྱི་གནད་དོན་འདི་ནི་མི་རབས་གསར་བའི་སྙན་ངག་གི་གནད་དོན་ཞིག་ཡིན་པར་མ་ཟད། ཕྱི་རབས་པར་བཞག་པའི་བག་ཆགས་ངན་པའི་གནད་དོན་ཞིག་ཀྱང་ཡིན་ལ། མདོར་ན་འུ་ཅག་གི་སྙན་ངག་སྒྱུ་རྩལ་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཆེན་པོ་ཞིག་སྙམ་པས། བདག་གིས་སེམས་ཁྲལ་གྱིས་མ་བཟོད་པར་བརྗོད་པ་ཙམ་ལས། སྙན་ངག་པ་འདི་དག་ལ་ཞྭ་མོ་ནག་པོ་ཞིག་གམ་ཡང་ཤོག་བུའི་ཞྭ་མོ་བཟོ་ཕྱིར་དུ་མ་ཡིན་ཏེ། ང་ཚོའི་སྙན་ངག་སྒྱུ་རྩལ་ནི་འཁོར་ལོ་བཞིན་འཁོར་རྒྱུ་མ་ཡིན་པར། མེ་མདའ་བཞིན་འཕེན་རྒྱུ་སྟེ་མདུན་དུ་ངར་ཤུགས་ཀྱིས་བསྐྱོད་རྒྱུ་དེ་ཡིན་པས། གནད་དོོན་འདི་ལྟ་བུ་དག་ལ་ཟུར་གྱི་བརྡ་ཞིག་སྤྲད་དེ་ཞིབ་ཏུ་བསམ་བློ་གཏོང་བའམ་ཁ་ཕྱོགས་འཛིན་པའི་ཕྱིར་དུ་གླེང་བ་ཙམ་ལས། ཕྱོགས་གཞན་མང་པོ་ཞིག་ནས་གོང་གི་སྙན་ངག་པ་དེ་དག་ལ་མཛད་རྗེས་དང་སྙན་ངག་ལ་བཅངས་པའི་སེམས་ཤུགས་བླ་མེད་དུ་ཡོད་པ་ཁོ་བོས་ཀྱང་ཤེས་ཀྱི་ཡོད་ལ། ཀློག་པ་བོས་ཀྱང་ཞར་དུ་རྟོགས་དགོས་པའི་དོན་བྱ་གལ་ཆེན་ཞིག་ཏུ་སེམས་སོ།།

རྩོམ་ཁུངས། འདྲེ་མེ་འབུད་ཀྱི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པས་གཅིན་པ་གཏོང་ཚུལ་གླེང་བ།

2011-02-02 འདྲེ་མེ་འབུད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།