《རང་ཁྱིམ》གྱི་《ཕོར་བ》
ཀ
༢༠༠༡ལོའི<<སྦྲང་ཆར་>>འདོན་ཐེངས་དང་པོ་རུ་རྩོམ་མཁན་ལམ་འགྲོ་བ་སྐོར་ཞིག་ལ་ཨ་གསར་གྱི་གནས་ཚང་གཡོར་ས་ཞིག་ཡོད་དེ། <<རང་ཁྱིམ་>>།
༢༠༡༠ལོའི་<<སྦྲང་ཆར་>>་འདོན་ཐེངས་དང་པོ་རུ་རྩོམ་མཁན་ལམ་འགྲོ་བ་ཞིག་གིས་གནས་ཚང་དྲོན་མོ་དེ་ནས་ཅི་ཞིག་“མ་བྱིན་པར་ཁྱེར”སོང་སྟེ། <<ཕོར་བ>>།
ཁ།
<<རང་ཁྱིམ་>>ནི་འཇུ་སྐལ་བཟང་གིས་“མི་ཡུལ་འདི་རུ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཞིང་།འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ ”ཡིན་མོད། འོན་ཏེ། <<ཕོར་བ>>ནི་ཀརྨ་ཀུན་ཁྱབ་ཀྱིས་“འདས་པའི་མི་ཚེའི་ནང་དུ་དཀའ་སྡུག་གི་ཐང་ཆེན་སྣ་ཚོགས་ཅི་མི་སྙམ་པའི་སྒོ་ནས་འཕྲེད་ཀྱིས་བཅད་པ་ལས་ཐོབ་པའི་བགོ་སྐལ་ ”ཞིག་ཡིན་མིན་ཅིས་ཀྱང་བཤད་དཀའ། ཡང་ན། <<རང་ཁྱིམ་>>ནི་འཇུ་སྐལ་བཟང་གིས“དགའ་སྤྲོ་མཆུ་སྒྲོས་ཀྱིས་བཏུས་ཏེ་སྡོང་མགོ་རུ་གོར་གོར་དུ་བརྩིགས་པ་ཞིག་ཡིན་ལ། སྐྱོ་ངལ་སྤར་སེན་གྱིས་བྲད་དེ་རི་འདབས་སུ་ཀོང་ཀོང་དུ་བྲུས་པ་ཞིག་ ”ཡིན་ངེས་མོད། འོན་ཏེ། <<ཕོར་བ>>ནི་ཀརྨ་ཀུན་ཁྱབ་ཀྱིས་“དགའ་འཛུམ་གྱི་གསེང་བར་ནས་ཉོས་པའི་ནོམ་པ་འགངས་ཆེན་ཞིག་གམ། སྐྱོ་ངལ་གྱི་ལམ་འཕྲང་ནས་ཐོབ་པའི་ནོར་བུ་ཆུང་ཆུང་ ”ཞིག་ཡིན་མིན་སུས་ཀྱང་རློམ་དཀའ། དེ་བས། <<རང་ཁྱིམ་>>ནི་སུ་ཞིག་གིས་བོད་པའི་རྩོམ་རིག་གི་ཆར་སྨུག་ཁྲོད་ཕུབ་པའི་གཡང་སྦྲ་སྒོ་བཞི་དེ་ཡིན་ལ། <<ཕོར་བ>>ནི་ཏག་ཏག་ཕོར་བ་སེམས་མཁན་འབའ་ཞིག་གིས་ཁོ་རོག་གེར་རུམ་དུ་བཅུག་ནས་<<རང་ཁྱིམ་>>ལ་འོས་མེད་བྱས་པ་ཞིག་གོ།
ག
སྔོན་མར་ང་ཚོས་“ངའི་ཨ་མའི་ཕོར་བ་གཙང་མ་ཡིན་”མིན་ལ་དཔྱད་པ་བཏང་མྱོང་བ་བཞིན། ད་ནི་“<<རང་ཁྱིམ་>>གྱི་<<ཕོར་བ>>་གཙང་མ་ཡིན་”མིན་ལའང་དཔྱད་པ་ཞིག་གཏོང་དགོས་པར་སྙམ་སྟེ། <<ཕོར་བ>>་ཞེས་པའི་ལྷུག་རྩོམ་འདི་ནི་༢༠༡༠ལོའི་<<སྦྲང་ཆར་>>འདོན་ཐེངས་དང་པོར་བཀོད་ཡོད་ཅིང་། རྩོམ་བྱང་འདི་ཉིད་མཐོང་བའི་སྐད་ཅིག་མ་དེར་དེ་ནི་གཞན་དང་མི་མཚུངས་པའི་བརྩམས་ཆོས་ཤིག་རེད་སྙམ་བྱུང་ལ། ཧམ་སེམས་འདྲེས་པའི་དུང་བ་འགོག་མེད་ཅིག་གིས་འབྱོང་ཀློག་ཚར་གཅིག་བྱས་ཙ་ན། བརྩམས་ཆོས་དེ་ནི་དངོས་འབྲེལ་གཞན་དང་མི་མཚུངས་པ་ཞིག་རེད་ཨང་སྙམ་པ་ཞིག་བྱུང་། རྒྱུ་མཚན། འདི་ནི་ལོ་རབས་བརྒྱད་ཅུ་བའི་ཚུན་གྱི་<<སྦྲང་ཆར་>>ལོ་རྒྱུས་སྟེང་། ངས་བཀླགས་སོ་ཅོག་གི་བརྩམས་ཆོས་ཁྲོད་རྩོམ་མཁན་གཞན་གྱི་བརྩམས་ཆོས་དང་ཡོངས་སུ་མཚུངས་པའི་བརྩམས་ཆོས་ཉག་གཅིག་ཡིན་པས་སོ།།
ངོ་མ། <<ཕོར་བ>>་ཞེས་པའི་ལྷུག་རྩོམ་འདི་<<རང་ཁྱིམ་>>ལ་ལད་ཟློས་བྱ་རྒྱུ་ཐལ་དྲགས་པས། སུས་བལྟས་ཀྱང་<<རང་ཁྱིམ་>>གྱི་<<ཕོར་བ>>ཡིན་ལུགས་མིག་ཁར་བཤམས་ཡོད་མོད། འོན་ཏེ། ད་བར་འདིའི་སྐོར་གྱི་རྩོམ་ཡིག་གང་ཡང་མཐོང་མ་བྱུང་བས། ད་ནི་བྱ་མེད་ན་བོང་བུས་ནམ་འཛིན་གྱི་དཔེ་བཞིན་གཟུར་གནས་སྒོས་དཔྱད་པར་འདོད་དོ།།
ང་།
<<ཕོར་བ>>འི་ཚིག་སྦྱོར་སྤེལ་སྟངས་ལ་མཉམ་འཇོག་ཅིག་བྱས་ཚེ། སློབ་ཆུང་སློབ་མ་ཞིག་ལ་དགེ་རྒན་གྱིས་རྩོམ་ཡིག་ལད་འབྲིའི་ལས་བྱ་ཞིག་བགོས་པའམ། ཡང་ན། ཐ་སྙད་ཚིག་སྒྲིག་གི་ལས་བྱ་བགོད་དུས་བརྗོད་པ་འབྲི་བྱེད་ཀྱི་སྤྱི་འགྲོས་ལྟ་བུ་ཞིག་བཀོད་ཅིང་། སློབ་མ་ཚོས་སྤྱི་འགྲོས་དེ་རུ་ཚབ་འཇུག་བྱ་ཅི་ཐུབ་བྱས་ན་ཆོག་པ་ལྟ་བུ་ཞིག་རེད་སྙམ་སྟེ། ལྷུག་རྩོམ་དེའི་མགོ་ནས་མཇུག་བར་དུ་<<རང་ཁྱིམ་>>གྱི་ཚིག་སྦྱོར་སྤེལ་སྟངས་དེ་སྤྱི་འགྲོས་སུ་བཟུང་ནས། དེ་རུ་བརྗོད་བྱ་དང་འོས་འཚམ་གྱི་སྐད་ཆ་རྣམས་ཚབ་འཇུག་བྱེད་ཅི་ཐུབ་བྱས་ཡོད་པས། ཡིད་རྟོན་རུང་བའི་ཕྱིར་གཤམ་རེ་རེ་བཞིན་དགོད་པར་བྱའོ།།
༡ ཚན་པ་དང་པོའི་ལད་ཟློས།
<<ཕོར་བ>>འི་ཚན་པ་དང་པོའི་འགོ་བཙུགས་མ་ཐག་“ཕོར་བ་ནི་གསེར་དངུལ་གྱིས་སྤྲས་པའི་ཤིང་ཕོར་དང་། རི་མོས་མཛེས་པའི་དཀར་ཡོལ་དེ་ཚོ་ཡིན་ལ་དེ་ཚོ་མིན་པའང་ཡོད། ཕོར་བ་ནི་ཁྱུང་འབྲུག་ཁ་སྤྲོད་སོགས་བརྐོས་རིས་ཀྱིས་མཛེས་པའི་ཅོག་ཙེའི་སྟེང་དང་། འཇམ་ཤ་དོད་ལ་ཤིང་རིས་སྣ་ཚོགས་གསལ་བའི་རྒྱ་ཅོག་དག་གི་ཐོག་འགྱིང་བ་དེ་ཚོ་ཡིན་ལ་དེ་ཚོ་མིན་པའང་ཡོད། ”ཅེས་པ་འདི། ཏག་ཏག་<<རང་ཁྱིམ་>>གྱི་ཚན་པ་དང་པོའི་འགོ་བཙུགས་མ་ཐག་གི་“རང་ཁྱིམ་ནི་ཁང་བ་སྦྲ་གར་གྱི་སྡེ་ཚན་དེ་ཚོ་ཡིན་ལ་དེ་ཚོ་ཡང་མིན། རང་ཁྱིམ་ནི་ཅ་ལག་དང་ཡོ་བྱད་ཀྱི་ཚོགས་པ་དེ་ཚོ་ཡིན་ལ་དེ་ཚོའང་མིན་”ཞེས་པའི་ཚིག་རྐང་འདི་གཉིས་ཀྱི་“དེ་ཚོ་ཡིན་ལ་དེ་ཚོའང་མིན”ཞེས་པ་དེ་“དེ་ཚོ་ཡིན་ལ་དེ་ཚོ་མིན་པའང་ཡོད་”ཅེས་པར་བསྒྱུར་ཁུལ་བྱས་པ་ཙམ་ལས། <<རང་ཁྱིམ་>>གྱི་ཚན་པ་དང་པོའི་ཚིག་རྐང་འགོ་མ་དེ་གཉིས་ཀ་སྤྱི་འགྲོས་སུ་བཟུང་ནས་བྲིས་པ་ཤ་སྟག་ཅིག་སྟེ། “༼ ཚེག་བར་གཉིས་ཅན་གྱི་མིང་ཞིག་་༽ནི་་་་་་་་་་དེ་ཚོ་ཡིན་ལ་དེ་ཚོ་ཡང་མིན་”ཞེས་པའི་སྤྱི་འགྲོས་དེར་བཀོད་ཡོད་པར་མ་ཟད། ཐ་ན་<<རང་ཁྱིམ་>>དུ་དེ་ཚོ་ཡིན་ལ་དེ་ཚོའང་མིན་ཞེས་པ་ཐེངས་གཉིས་སུ་བཀོལ་ཡོད་པས་<<ཕོར་བ>>ར་ཡང་ཏག་ཏག་ཐེངས་གཉིས་སུ་མ་གཏོགས་བཀོལ་མི་འདུག་པ་འདི་ནི་ཇི་འདྲའི་བག་འཁུམས་པའི་ལད་ཟློས་ཤིག་རེད་ཨང་།
དེའི་མུར། <<ཕོར་བ>>ར་“ཕོར་བ་ནི་ཁྱོད་དང་ང་ལ་དབང་བའི་རང་སྐལ་ལྡུག་ས་ཞིག་དང་། རང་མོས་སྒོས་སྐལ་ལེན་སའི་གྲུ་ཁ་འཁྲུལ་མེད་དེའང་ཡིན་པས། ་་་་་་་་་་་་་གང་ལྟར་ང་དང་ཁྱོད་ཀྱི་ཕོར་བ་ནི་ཕོར་བ་བགྲང་ལས་འདས་པའི་ནང་ནས་གདམ་བྱས་རུང་མ་བྱས་རུང་ང་དང་ཁྱོད་སོགས་ལ་མཐར་ཐུག་ཏུ་ཐོབ་པའི་རང་སྐལ་ལེན་སའི་གྲུ་ཁ་ངོ་མ་དེ་ཡིན་པས”ཞེས་པ་ནི<<རང་ཁྱིམ་>>དུ་“རང་ཁྱིམ་ནི་མི་ཡི་ས་བཅད་ཆུང་ངུར་བཅད་པའི་མཐར་ཐུག་ཅིག་དང་། རང་མོས་འཛུགས་སྒྲུབ་བྱས་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་ཡིན་ཞིང་།ཁྱིམ་ཚང་གྲངས་མེད་ཀྱི་ནང་ནས་གདམ་ང་མ་བྱས་པར་ཁྱོད་ལ་ལས་དབང་གིས་ཐོབ་པའི་བགོ་སྐལ་ཞིག་ཡིན་”ཞེས་པའི“༼ ཚེག་བར་གཉིས་ཅན་གྱི་མིང་ཞིག་་༽ནི་་་་་་་་་མཐར་ཐུག་ཅིག་་་་་་་རང་མོས་སྒོས་་་་་་གྲངས་མེད་ཀྱི་ནང་ནས་གདམ་ང་མ་བྱས་པར་་་་་”སྤྱི་འགྲོས་འདིར་འགྱུར་བ་དོག་ཙམ་རེ་གཏོང་ཞོར་ཚབ་འཇུག་བྱས་ཏེ་གྲུབ་པ་ཞིག་རེད།
དེའི་འཕྲོར། <<ཕོར་བ>>འི་“དེ་ནི་དགའ་འཛུམ་གྱི་གསེང་བར་ནས་ཉོས་པའི་ནོམ་པ་འགངས་ཆེན་ཞིག་གམ། སྐྱོ་ངལ་གྱི་ལམ་འཕྲང་ནས་ཐོབ་པའི་ནོར་བུ་ཆུང་ཆུང་ཞིག་ ”ཅེས་པ་ནི། <<རང་ཁྱིམ་>>དུ་“དེ་ནི་དགའ་སྤྲོ་མཆུ་སྒྲོས་ཀྱིས་བཏུས་ཏེ་སྡོང་མགོ་རུ་གོར་གོར་དུ་བརྩིགས་པ་ཞིག་ཡིན་ལ། སྐྱོ་ངལ་སྤར་སེན་གྱིས་བྲད་དེ་རི་འདབས་སུ་ཀོང་ཀོང་དུ་བྲུས་པ་ཞིག་ཡིན་ ” ཞེས་པའི་“དེ་ནི་དགའ་སྤྲོ་་་་་་་་་སྐྱོ་ངལ་” ཞེས་པ་འདིར་ཐད་ཀར་ཞུགས་ནས་བྲིས་འདུག་པས་བག་འཁུམས་ཀྱི་ལད་ཟློས་ལ་སྙིང་སྟོབས་ཅུང་ཟད་རྒྱས་སོང་བ་འདྲ། གང་ལྟར་ཚན་པ་དང་པོ་དེ་ལྟར་གྲུབ་སོང་བ་རེད།
༢ ཚན་པ་གཉིས་པའི་ལད་ཟློས།
ཚན་པ་གཉིས་པར་<<རང་ཁྱིམ་>>དུ་ཡང་ན་ཞེས་པའི་མཇུག་ཏུ་ཤད་མ་བཞག་པས་ཚིག་དུམ་བཞིས་གྲུབ་འདུག་ལ། <<ཕོར་བ>>ར་ཡང་ན་ཞེས་པའི་མཇུག་ཏུ་ཤད་བཞག་པས་ཚིག་དུམ་ལྔ་རུ་གྱུར་སོང་བ་མ་གཏོགས་ཚན་པོ་ཧྲིལ་བོ་ཡོངས་སུ་ལད་ཟློས་བྱས་འདུག་སྟེ། <<ཕོར་བ>>ར་“ཕོར་བ་ནི་ས་ཆེན་པོའི་ཁྱོན་འདིར་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་གསེར་མདོག་གི་ཞིང་ཁ་གྲུ་བཞི་ཞིག་ཡིན་ལ། མུ་མེད་པའི་ནམ་མཁར་རང་འོད་ལམ་ལམ་གསལ་བའི་རྒྱུ་སྐར་ཆུང་ཆུང་ཞིག་ཡིན། ཡང་ན། ང་དང་ཁྱོད་སོགས་ཀྱི་ནམ་ཡང་སྒེར་ཚུགས་སྒོས་ཐོབ་དགུ་གཅིག་ཏུ་སྤུངས་སའི་ཁང་ཆུང་ཞིག་དང་། བདེ་སྐྱིད་ལོངས་སུ་སྤྱོད་པའི་གྲུ་ག་གཅིག་པུ་དེ་ཡིན”ཅེས་པ་དེ། <<རང་ཁྱིམ་>>དུ “རང་ཁྱིམ་ནི་རྒྱ་མཚོའི་ཀློང་ན་བསྐྱོད་པའི་གཡོར་གྲུ་དཀར་བོ་ཞིག་ཡིན་ལ། ནམ་མཁའི་དབྱིངས་སུ་འཚེར་བའི་སྐར་ཕྲན་འོད་ཆེན་ཞིག་ཡིན། ཡང་ན་དེ་ནི་རང་དབང་དང་འདྲ་མཉམ་གྱིས་བསྒྲེངས་པའི་དར་ཆ་ཞིག་གམ། དར་ཆ་དེའི་འོག་གི་དམ་བཅའ་དང་བསྒྲགས་གཏམ་ཞིག་ཡིན”ཞེས་པའི་ “༼ ཚེག་བར་གཉིས་ཅན་གྱི་མིང་ཞིག་་༽ནི་་་་་་་་ཞིག་ཡིན་ལ་་་་ཞིག་ཡིན། ཡང་ན་་་་་་་་་་ཞིག་ཡིན་་་་་་་་ཡིན་”ཞེས་པ་འདི་སྤྱི་འགྲོས་སུ་བཟུང་ནས་ལས་བྱུང་བར་མ་ཟད། དཔེ་འགོད་དུས་ཀྱང་འཇུ་སྐལ་བཟང་གི་“ནམ་མཁའི་དབྱིངས་སུ་འཚེར་བའི་སྐར་མ་འོད་ཆེན་”དེ་མ་གཏོགས་ཅི་ཡང་མ་རྙེད་པ་འདྲ་བས། ཁོང་གི་དཔེ་འགོད་དེར་ཐུན་མོང་མ་ཡིན་པའི་དཔེ་ཞིག་བཀོད་པ་དང་འདྲའོ།།
༣ ཚན་པ་གསུམ་པའི་ལད་ཟློས།
<<ཕོར་བ>>འི་ཚན་པ་གསུམ་པའི་འགོ་བཙུགས་མ་ཐག་“ཕྱི་ནས་བལྟས་ཚེ་གསེར་དངུལ་གྱི་བཀྲག་མདངས་འཚེར་བའམ། ཤིང་རིས་ཀྱི་སྣུམ་ཞག་ཐོད་མིན་ཇི་ལྟར་ཡང་། ནང་དུ་ལྟེམས་པའི་ཞིམ་འཇམ་གྱི་བཏུང་བ་དང་”ཞེས་པ་འདི་ནི། <<རང་ཁྱིམ་>>གྱི་ཚན་པ་གསུམ་པར་“རང་ཁྱིམ་ནི་ཕྱི་ནས་བལྟས་ཚེ་སྔོ་ལྗང་ལྗང་དུ་འཕྱུར་བའི་དུ་བ་ཡི་འབོད་པ་ཞིག་ཡིན་ཞིང་། ནང་དུ་བསླེབས་ཚེ་རློན་ཐོལ་ཐོལ་དུ་ལང་བའི་དྲོད་རླངས་ཀྱི་དགའ་བསུ་ཞིག་ཡིན། ” ཞེས་པའི་ “༼ ཚེག་བར་གཉིས་ཅན་གྱི་མིང་ཞིག་་༽ནི་་་་་་་ཕྱི་ནས་བལྟས་ཚེ་་་་་་་་་་་་་་་ནང་དུ་་་་་་་་་”ཞེས་པ་འདི་སྤྱི་འགྲོས་སུ་བཟུང་ནས་བྲིས་འདུག་ལ། ཚན་པ་འདིའི་མཇུག་གི་“ལྟོགས་ན་མཛངས་ཚུལ་གྱི་སྤོབས་པ་དོར་ནས་རྔམ་ཟ་བྱེད་ཆོག་ལ། འགྲངས་ན་ཡོག་འཐུང་གི་ཨུ་ཚུགས་བྱེད་མི་དགོས་པར་བྲོ་བ་ལྷོད་ལྷོད་དུ་མྱོང་ཆོག”ཅེས་པའི་ཚིག་རྐང་དེ་གཉིས་འབྲི་བར་ཡང་། <<རང་ཁྱིམ་>>གྱི་ཚན་པ་དྲུག་པའི་མཇུག་གི་ཚིག་རྐང་གཉིས་སྟེ་“ཡོད་ན་ཚོན་པོ་གཞན་ལ་མི་སྟེར་བར་འདི་ནས་ཟ་ཆོག་ཅིང་། མེད་ན་སྐྱོ་མ་མི་ཡིས་མི་མཐོང་བར་འདི་ནས་ལྡག་ཆོག”ཅེས་པ་འདིས་བློ་སྒོ་ཕྱེ་སོང་བར་ཧ་ཅང་གསལ།
༤ ཚན་པ་བཞི་བའི་ལད་ཟློས།
ཚན་པ་འདིར་“ བྱམས་དུངས་དེ་ཡན་མེད་པའི་ཨ་མ་རྒན་མོས་བླུགས་པའི་འོ་ཇ་དང་། ཆེས་སྙིང་དུ་སྡུག་པའི་ཆུང་མས་བཏེགས་པའི་ཝུ་ཆང་། ཁྱོད་ཀྱི་སེམས་ཁམས་ལ་ཡིད་གར་འོང་བའི་བུས་ཕྲུག་དག་གིས་ཕུལ་བའི་མར་ཟན་ཡོད་ལ།”འདི་ནི། <<རང་ཁྱིམ་>>གྱི་ཚན་པ་བཞི་བར་“མི་ཡུལ་ན་ཆེས་བྱམས་བརྩེ་ལྡན་པའི་དབུ་སྐྲ་དཀར་བོ་ཅན་ཞིག་གིས་འདི་ག་ནས་ཁྱོད་ཀྱི་གོམ་སྒྲ་ལ་ཞིབ་ཉན་བྱེད་བཞིན་སྒུག་ཡོད་ཅིང་། ས་སྟེང་ན་ཆེས་སྙིང་དུ་སྡུག་པའི་མིག་འབྲས་དྭངས་མོ་ཞིག་འདི་ག་ནས་ཁྱོད་ལ་སྔོན་བསུ་བྱེད་པར་རྒྱུག་འོང་ལ། འཇིག་རྟེན་ན་ཆེས་ཡིད་གར་འོང་བའི་འཛུམ་དཀར་གསར་བ་ཞིག་འདི་ག་ནས་ཁྱོད་ལ་སྒོ་གླེགས་ཕྱེ་བར་འོང་། ” ཞེས་པའི་དབུ་སྐྲ་དཀར་བོ་ཅན་ཏེ་ཨ་མ་དང་། མིག་འབྲས་དྭངས་མོ་ཞིག་སྟེ་བུ་ཕྲུག འཛུམ་དཀར་གསར་བ་ཞིག་སྟེ་ཆུང་མ་བཅས་སྔ་གཞུག་གི་གོ་རིམ་ཞིག་བརྗེས་འདུག་པ་མ་གཏོགས་འདི་དག་ལ་ལད་འབྲི་བྱས་པ་ཤ་སྟག་རེད་ལ། ཐ་ན་<<རང་ཁྱིམ་>>གྱི་བྱམས་ཞེས་པ། སྙིང་དུ་སྡུག་པའི་ཞེས་པ། ཡིད་གར་འོང་བ་ཞེས་པ་གསུམ་ནི་སྔ་གཞུག་གི་གོ་རིམ་ཡང་མ་བརྗེ་བར་བཀོེལ་འདུག་པར་བལྟས་ན། རྩོམ་མཁན་གང་དེ་ཆེས་མ་མཐའི་རྒྱུན་བཀོལ་བརྡ་ཆད་ཀྱིས་ཀྱང་དབུལ་ཞིང་ཕོངས་པར་མངོན་འདུག་གོ།
༥ ཚན་པ་ལྔ་བའི་ལད་ཟློས།
ཚན་འདིར་ཚན་པ་གཞན་དག་དང་འདྲ་བར་མངོན་སུམ་འཛེམ་མེད་ཀྱིས་<<རང་ཁྱིམ་>>ལས་གསུངས་པ་ལ་མངོན་པར་བསྟོད་དོ་བྱས་མེད་ཀྱང་། ཚན་པ་འདི་བྲིས་པའི་ཐོག་མའི་འཆར་སྒོའམ་བློ་བསྐྱེད་འབྱུང་ས་ནི་<<རང་ཁྱིམ་>>གྱི་ཚན་པ་ལྔ་བའི་ཐིག་ཕྲེང་བཞི་བར་“གསོལ་ཇ་ཚ་མོ་ཕོར་བ་གང་འཐུང་བའི་ཞར་ལ་དེ་རིང་གི་བྱུང་བ་ཐམས་ཅད་ལྷག་མེད་དུ་ཐེངས་ཤིག་བརྗོད་ཚེ། མིག་ཟུར་གྱིས་གོས་པའི་མནོལ་གྲིབ་ཡོད་ཚད་རང་ཤུགས་ཀྱིས་སངས་ཏེ་འགྲོ་ཞིང་། ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་ཡོད་ཚད་རང་ཤུགས་ཀྱིས་སོས་ཏེ་འགྲོ་”ཞེས་པ་དེ་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་འོང་སྟེ། “ཕོར་བ་དེ་ལས་ཁྱེད་ཀྱིས་རང་གི་ཐོབ་ཆ་ལྟར་ཞོགས་པར་ཞིམ་མངར་ལྡན་པའི་འོ་ཇ་ཚ་མོ་གང་རེ་འཐུངས་པས་མཚན་གང་རྨ་ལམ་འཁྲུགས་ཀྱང་ད་ནི་དེ་ཡིས་བསྐྱེད་པའི་སེམས་ངལ་བསལ་འགྲོ་ལ། དགོང་མོ་རླངས་པ་འཐུལ་འཐུལ་གྱི་བག་ཐུག་ཕོར་བ་དོ་ཡིས་ཉིན་གང་བོའི་དཀའ་སྡུག་གི་གདུང་བ་ཤུལ་མེད་དུ་བཏང་བ་གྲངས་ཀྱིས་མི་ཆོད་”ཅེས་བྲིས་པ་འདི་ཐེངས་གཅིག་བཀླགས་ཚེ། གང་ཞིག་སངས་འགྲོའམ་ཅི་ཞིག་སོས་འགྲོ་བ་ཞེས་པའི་བརྗོད་སྟངས་དེར་ལད་མོར་བྱས་པའི་རང་གཟུགས་ངོ་མ་དེ་མངོན་ནས་འོང་།
༦ ཚན་པ་དྲུག་པའི་ལད་ཟློས།
ཚན་པ་འདི་ཏག་ཏག་ཚིག་རྐང་གསུམ་གྱིས་གྲུབ་ཡོད་དེ། “ཕོར་བ་དེ་རུ་བཀང་བའི་ཀ་ཟས་ནི་ཁྱོད་ཁོ་ན་ལ་ད་ལྟ་ཉིད་དུ་དབང་བ་ཞིག་ཡིན་པས་གཞན་ལ་སྐལ་བ་སྦྱིན་མི་དགོས་པར་མ་ཟད། སང་ཉིན་ཟ་རྒྱུའི་ལྷག་མ་ཡང་འཇོག་མི་དགོས་པས་བཅུད་ཟས་ཡོད་ན་ལྷོད་ལྷོད་དུ་བྲོ་བ་མྱོང་ཆོག་ལ། ཇ་ཐང་སྐྱོ་ལྡུར་ཡིན་རུང་ཁྱོད་ཁོ་ནས་འཐུང་རྒྱུ་ལས་ཅི་”ཞེས་པ་འདི་རེད། ཚིག་རྐང་དེ་གསུམ་ནི་<<རང་ཁྱིམ་>>གྱི་ཚན་པ་དགུ་བ་སྟེ། “ཡང་ན་རང་ཁྱིམ་ནི་ཁྱོད་ལ་དབང་བའི་ཤོག་དཀར་ཐ་གང་སྟེ། དེ་ལ་ཁྱོད་ཀྱིས་ཇི་ལྟར་འབྲི་བའམ་ཇི་ལྟར་འགོད་པའམ། གང་ལྟར་གསུབ་ཀྱང་ཆོག་སྟེ། ཁ་བྱང་གཏན་ཁེལ་མེད་ཅིང་ཐོབ་སྐར་རྒྱག་མཁན་ཡང་མེད་ ”ཅེས་པ་འདི་གཞིར་བཟུང་ནས་བྲིས་པར་ཡིད་གཉིས་ཀྱི་ངལ་བ་ཅི་ཡང་སྐྱེ་དགོས་མེད་མོད། འོན་ཀྱང་ཚན་པ་གཞན་དག་གི་ཚིག་སྦྱོར་ལ་ལད་ཟློས་ཀྱི་ཆའང་སྣང་སྟེ། “སང་ཉིན་ཟ་རྒྱུའི་ལྷག་མ་ཡང་འཇོག་མི་དགོས་པས་བཅུད་ཟས་ཡོད་ན་ལྷོད་ལྷོད་དུ་བྲོ་བ་མྱོང་ཆོག་”ཅེས་པ་འདི་ནི་<<རང་ཁྱིམ་>>གྱི་ཚན་པ་བརྒྱད་པའི་ “གསོག་འདོད་ན་གསོག་ཆོག་ལ་བརླག་འདོད་ན་བརླགས་ཀྱང་ཆོག”ཅེས་པའི་བརྗོད་སྟངས་དེས་ཤུགས་རྐྱེན་ཅུང་ཙམ་རེའང་ཐེབས་འདུག་ལ། “ཇ་ཐང་སྐྱོ་ལྡུར་ཡིན་རུང་ཁྱོད་ཁོ་ནས་འཐུང་རྒྱུ་ལས་ཅི་”ཅེས་པ་འདི་ནི་<<རང་ཁྱིམ་>>གྱི་ཚན་པ་དྲུག་པའི་ “མེད་ན་སྐྱོ་མ་མི་ཡིས་མི་མཐོང་བར་འདི་ནས་ལྡག་ཆོག”ཅེས་པ་ལས་ཀྱང་བློ་བསྐྱེད་ཅིག་བྱུང་ཡོད་པར་རྩོམ་གང་གིས་ཁས་ལེན་དགོས་པ་ཞིག་རེད་སྙམ།
༧ ཚན་པ་བདུན་པའི་ལད་ཟློས།
ཚན་པ་འདིའང་ཚན་པ་དང་པོ་ནས་བཞི་བ་དང་འདྲ་བར་<<རང་ཁྱིམ་>>གྱི་ཚན་པ་བཅུ་བར་ཇི་མ་ཇི་བཞིན་གྱིས་ལད་ཟློས་བྱེད་ཅི་ཐུབ་བྱས་འདུག་སྟེ། “ཨ་ལ། དེ་ཉིད་མེད་ན་ཁྱོད་དང་ང་སོགས་ནི་མྱ་ངམ་ཐང་ཆེན་ནས་གནས་གོས་མ་རྙེད་པའི་འགྲུལ་བ་ཞིག་ཡིན་ལ། ཆུ་ལུད་བྲལ་བའི་ཞིང་ཐང་སྐྱ་མོ་ཞིག་གམ། གཟན་ཆས་མེད་པའི་གླང་རྒན་ཁོག་རྡིབ་ཅིག་དང་འདྲ། དེས་ན། དེ་ནི་ཁྱོད་དང་ང་སོགས་ཀྱིས་འཁོར་བའི་རྒྱ་མཚོ་ནས་བཙལ་བཙལ་པའི་མཐར་རྙེད་པའི་གཡོར་གྲུ་ཆུང་ཆུང་དེ་ཡིན་ལ། བྱེ་ཐང་སྐྱ་མོའི་ཁྲོད་དུ་སོང་སོང་བའི་མཐའ་མར་རྙེད་པའི་དྭངས་གཙང་གི་ཆུ་མིག་དེ་ཡིན་” ཞེས་པ་འདི་<<རང་ཁྱིམ་>>གྱི་ཚན་པ་བཅུ་བར་ “ཀྱེ་མ། འདི་ཉིད་མེད་ན་ཁྱོད་ནི་ནམ་ཡང་འདྲ་འབག་གྱོན་པའི་གར་མཁན་ཞིག་ཡིན་ཞིང་། འདི་ཉིད་མེད་ན་ཁྱེད་ནི་གཏན་དུ་ལྕོགས་སྒྲོག་ཏུ་ཚུད་པའི་བཙོན་མ་ཞིག་ཡིན། དེས་ན། འདི་ནི་ཁྱེད་ཀྱིས་མི་ཡུལ་འདི་རུ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཞིང་། འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ལགས་”ཞེས་བྲིས་འདུག་པ་དང་ཨ་ན་མ་ན་ཡིན་ལུགས་ཡིག་ངོ་ཟིན་ནོ་ཅོག་གིས་ཝ་ལེར་རྟོགས་འོང་ངོ་།།
༨ ཚན་པ་བརྒྱད་པའི་ལད་ཟློས།
ཚན་པ་འདི་ནི་<<ཕོར་བ>>ཞེས་པའི་ལྷུག་རྩོམ་འདིས་ལད་ཟློས་བྱེད་ཐེངས་ཆེས་མཐའ་མ་དེ་རེད་ལ། རྩོམ་པ་པོས་ཀྱང་ལད་ཟློས་ཀྱིས་མགོ་བརྩམས་ནས་དེ་ཡིས་མཇུག་བསྡུ་དགོས་པར་བསམས་པ་ཡིན་ལོས་ཆེ། <<རང་ཁྱིམ་>>གྱི་མཇུག་མཐའི་ཚན་པར་ “འོ་ན། ཁྱོད་ལ་འཇིག་རྟེན་ཁམས་ཀྱི་རྙེད་པ་ཆུང་ཆུང་འདི་གཏན་དུ་འཐོབ་པའི་རྟེན་འབྲེལ་ཞིག་ཞུ་ཞིང་། ཆེས་མཐའ་མཇུག་གི་རང་དབང་ཕྲན་བུ་འདི་དང་ཡུན་རིང་མི་འབྲལ་བའི་སྨོན་ལམ་ཞིག་ཀྱང་འདེབས་སོ་”ཞེས་མཇུག་བསྡུས་པ་བཞིན། <<ཕོར་བ>>འི་མཇུག་མཐའི་ཚན་པའི་ཚིག་རྐང་མཐའ་མ་དེ་གཉིས་སུའང་“མཚམས་འདི་ནས་མིའི་རིགས་ཀུན་ལ་ལྟ་ན་སྡུག་པའི་གསེར་ཕོར་ལོངས་སུ་སྤྱོད་པའི་སྨོན་འདུན་ཞུ་བ་དང། མཛེས་སྡུག་ལྡན་པའི་གསེར་ཕོར་ཐོབ་པ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་ཡང་ཞུས་པའོ།། ”ཞེས་བདེན་ཅོག་ཅོག་གིས་མགོ་བོ་ཡར་དགྱེས་ཏེ་སྨྱུག་རྩེ་ཡར་བཀྱགས་པ་ཡིན་ལོས་ཆེ།
ཅ།
སྤྱི་འགྲོས་ཤིག་གིས་སྤྱི་འགྲོས་གང་དེའི་ཆོས་ཉིད་དང་མཐུན་པའི་རྩིས་གཞི་རིགས་གཅིག་མ་གཏོགས་བརྩི་མི་ཐུབ་པ་བཞིན། <<ཕོར་བ>>ཡང་དེ་བཞིན་རེད། བརྩམས་ཆོས་ཧྲིལ་བོའི་ནང་དོན་རྗོད་བྱེད་ཀྱི་སྤྱི་འགྲོས་གཞན་ཞིག་ཏུ་ཚུད་སོང་བས། མཐའ་མའི་བརྗོད་སྙིང་དབབ་ས་དེའང་<<རང་ཁྱིམ་>>དང་གཅིག་ཏུ་གྱུར་འདུག འོན་ཏེ། <<ཕོར་བ>>འི་མཇུག་མཐའི་ཚན་པ་དེར་“ཕུགས་བསམ་དང་མིག་རྒྱང་རིང་བོའི་སྐྱེས་བོ་ཚོས་མཛེས་སྡུག་ལྡན་པའི་གསེར་ཕོར་རེ་རྙེད་སྲིད་ལ། ནམ་རྒྱུན་ལེ་ལོའི་ཚང་མལ་ནས་རང་རིག་གི་བསམ་པ་མེད་པའི་སྐྱེ་བོ་ཚོས་དབྱིབ་ཕོར་ཁ་ཆག་ཅིག་ལས་རྙེད་དཀའ་བས། ཕོར་བ་ལེགས་པོ་ཞིག་རྙེད་མིན་ནི་ང་དང་ཁྱོད་སོགས་ཆུང་དུས་ནས་མགོ་བཙུགས་ཏེ་འབད་འབུངས་བྱེད་དགོས་པ་ལ་རག་ལས་ཡོད་”ཅེས་བཀོད་ཡོད་པ་འདིར། <<རང་ཁྱིམ་>>དང་མི་འདྲ་བའི་ཆ་ཙམ་ཡོད་ཀྱང་འདི་ནི་བརྩམས་ཆོས་ཧྲིལ་བོའི་ལེགས་ཆ་ཞིག་ཏུ་མི་འགྱུར་བར་དེ་ལས་ལྡོག་སྟེ་སྐྱོན་ཆ་ཞིག་ཏུ་གྱུར་འདུག་སྟེ། གཅིག་ནས་<<རང་ཁྱིམ་>>དང་<<ཕོར་བ>>གང་ཡིན་ཡང་། རྗོད་བྱེད་ཚིག་སྦྱོར་གྱི་མཛེས་ཉམས་དོད་པོས་རང་ཁྱིམ་དང་ཕོར་བའི་དགེ་མཚན་བརྗོད་པའི་ཤུགས་ནས། དགེ་མཚན་དེ་དག་དང་ལྡོག་ཟླར་གྱུར་བའི་སྤྱི་ཚོགས་འཚོ་བའི་གནད་དོན་གང་མང་ཞིག་ངང་གིས་གདོན་འདོད་པ་ཡིན་མོད། འོན་ཀྱང་གོང་གསལ་གྱི་ཚིག་དུམ་དེ་ནི་ཁ་གསལ་རྒྱུ་མང་དྲགས་པ་དང་ཐད་ཀ་ཡིན་རྒྱུ་ཆེ་དྲགས་པས། བྱིས་བློའི་གཞུང་དྲང་ཞིག་ལས་སྒྱུ་རྩལ་གྱི་སྒྱུ་ཞེས་པ་དེ་མི་འདུག་སྙམ། གཉིས་སུ་ཚིག་སྦྱོར་འདི་ནི་<<ཕོར་བ>>འི་རྩོམ་མགོ་དག་ཏུ་བཀོད་པའི་“གདམ་ང་བྱས་རུང་མ་བྱས་རུང་”ཞེས་པ་དང་། “ལྟོགས་ན་མཛངས་ཚུལ་གྱི་སྤོབས་པ་དོར་་་་་་་འགྲངས་ན་ཡོག་འཐུང་གི་ཨུ་ཚུགས་བྱེད་མི་དགོས་་་་་་་” “གཞན་ལ་སྐལ་བ་སྦྱིན་མི་དགོས་་་་་་་་སང་ཉིན་བཟའ་རྒྱུའི་ལྷག་མ་ཡང་འཇོག་མི་དགོས་་་་”ཞེས་པ་སོགས་ཐོབ་ཤོར་དང་། འཕྲལ་ཕུགས། མཆོག་དམན་སོགས་ལ་དོ་སྣང་མི་བྱ་མི་དགོས་བསྟན་པའི་སེམས་དཀྱེལ་དེ་དང་། བློ་ཁོག་ཡངས་པའི་བརྗོད་བྱ་དེར་དེ་འདྲའི་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ་མོ།
གཞན་ཡང་། འཇུ་སྐལ་བཟང་གི་ཚིག་སྦྱོར་སྤེལ་སྟངས་ལ་ལད་མོ་བྱ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མེད་མོད། འོན་ཀྱང་། <<ཕོར་བ>>འི་རྩོམ་པ་པོས་དེ་འདྲའི་ཨུ་ཚུགས་ཤིག་བྱས་སོང་བས་རང་ཉིད་ཀྱི་བརྩམས་ཆོས་སུ་འཇུ་སྐལ་བཟང་གི་རྩོམ་ཉམས་ཐོན་པ་ཕར་ཞོག ཐ་ན་བྱ་ཚིག་གི་དུས་གསུམ་དང་ཕྲད་ཀྱི་སྦྱོར་སྟངས(ལྷག་པར་དུ་ལ་དོན་གནས་གཞིའི་ཕྲད)སྐད་ཆའི་བཤད་སྟངས་སོགས་ཀྱི་ཐད་ནས་ཀྱང་མ་འཁྱོངས་མ་འདང་ས་མང་དུ་མཆིས་པ་ང་ལྟ་བུ་ཞིག་གིས་ཀྱང་རྙེད་ཐུབ་གཤིས། འདི་ནི་རྩོམ་པ་པོ་རང་ཉིད་གཙོ་བྱས་ཁར་རྩོམ་སྒྲིག་པ་དང་། རྒྱ་ཆེ་ཀློག་མཁན་ཡོངས་ཀྱིས་དོ་སྣང་བྱ་དགོས་པ་ཞིག་རེད་སྙམ། འོན་ཏེ། ལད་ཟློས་འདི་ལ་རྩོམ་ཡིག་འབྲི་སྦྱོང་གི་དགེ་མཚན་ཞིག་ཀྱང་མེད་པར་ངས་ཅིས་ཀྱང་ཁས་བླངས་མེད་དོ།།
ཆ།
བོད་ཀྱི་རྩོམ་སྟེགས་ལ་བདག་གཉེར་ལེགས་པོ་ཞིག་འཁྱོངས་དགོས་ན། ཆེས་ཐོག་མར་གཙང་སྦྲ་ལེགས་པོ་ཞིག་འཁྱོངས་དགོས་པར་སྙམ་ལ། གཙང་སྦྲ་ལེགས་པོ་ཞིག་འཁྱོངས་ཚེ་འཕེལ་རྒྱས་གོམ་གང་བྱུང་ཡང་དེ་ནི་ཕྱི་གཙང་ནང་གཙང་གི་འཕེལ་རྒྱས་ཤིག་ཡིན་ངེས་ན། བོད་ཀྱི་ཀློག་པ་པོ་དང་། རྩོམ་སྒྲིག་པ། དེ་བས་ཀྱང་རྩོམ་པ་པོ་རྣམས་ལ་དེ་འདྲའི་བྲེལ་བ་ཞིག་མ་ལངས་པར་“བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ་”ན་བཟང་བར་བསམས།

རྩོམ་ཁུངས། ངེད་དྲ་བ།