དུས་རབས་ཀྱི་ཐོལ་བརྒལ།

                                     --- ཁ་སང་གི་གཏམ་རྒྱུདལ་བལྟས་རྗེས་ཀྱི་མྱོང་ཚོར།

མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ད་ལོའི་ལུགས་རྙིང་ལོ་སར་གྱི་སྐབས་སུ་བསྟན་པའི་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར<<ཁ་སང་གི་གཏམ་རྒྱུད>>ནི་ང་ཚོ་བོད་མི་ཀུན་གྱིས་དགའ་བསུ་ཐོབ་པའི་བརྙན་འཕྲིན་ཟློས་གར་ལེགས་པོ་ཞིག་ཡིན་ལ། དེ་ནི་ལས་ཁུངས་དེའི་སྐུ་ཞབས་རྡོ་གྲགས་གཙོ་བྱས་པའི་བོད་རིགས་ན་གཞོན་སྐོར་ཞིག་གིས་ཕབ་བསྐྲུན་བྱས་པ་ཞིག་རེད། བརྙན་འཕྲིན་ཟློས་གར་དེས་བརྗོད་བྱ་དོན་གྱི་ཆ་དང་རྗོད་བྱེད་འཁྲབ་ཚིག་དང་བརྙན་རིས།  མི་སྣའི་སྣང་བརྙན།  བརྗོད་དོན་གླུ་དབྱངས་སོགས་ཕྱོགས་གང་ཐད་ནས་གསོན་ཉམས་ལྡན་པའི་སྒོ་ནས་ང་ཚོ་བོད་རིགས་འབྲོག་ཁུལ་གྱི་འཚོ་བ་དངོས་མ་ཞིག་སྣང་བརྙན་རང་བཞིན་ཀྱིས་ལྟ་མཁན་ལྷན་རྒྱས་ཀྱི་མིག་ལམ་དུ་བཤམས་པ་་་དང་སྦྲགས།  མི་རིགས་འདིའི་དུས་རབས་རང་བཞིན་གྱི་འཕེལ་འགྱུར་དང་།  འཕེལ་རྒྱས་དེ་དང་བསྡོངས་ཏེ་བྱུང་དང་འབྱུང་བཞིན་པའི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་་་དར་རྒུད་སྐོར་སྔོག་འདོན་བྱས་ཡོད་པས་ཕྲན་གྱིས་དེར་བློ་སེམས་ཅུང་ཞིབ་མོའི་སྒོ་ནས་་་་་་ཐེངས་འགར་བལྟས་པ་ཡིན་ལ།  དེ་དང་ལྷན་ཅིག་རང་ཉིད་ལ་བརྙན་འཕྲིན་ཟློས་གར་དེས་བྱིན་པའི་མྱོང་ཚོར་འགའ་ཡང་ཇི་བཞིན་ཀློག་པ་པོ་ལྷན་རྒྱས་ལ་གླེང་བ་གཤམ་གསལ་ལྟར།

དང་པོ།    བརྗོད་བྱ་དོན་གྱིས་བྱིན་པའི་མྱོང་ཚོར།

  གལ་ཏེ་ཕྲན་ལ་བརྙན་འཕྲིན་ཟློས་གར་འདིའི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་རེད་ཅེས་དྲིས་པ་ཡིན་ཚེ།  ངས་ནི་འདིའི་ཆེས་རིན་ཐང་ཆེ་ས་ནི་བརྗོད་བྱ་དོན་གྱི་ཆ་ཡིན་ཞེས་བཤད་པར་འདོད་དེ།  འཁྲབ་གཞུང་འདིའི་རྩོམ་པ་པོས་ད་ལྟའི་བོད་རིགས་འབྲོག་ཁུལ་གྱི་འཚོ་བ་དངོས་མ་ཞིག་ལ་གཞི་བཅོལ་ཏེ་ཧ་ཅང་གསོན་ཉམས་ལྡན་པའི་འཁྲབ་གཞུང་གི་གཏམ་རྒྱུད་འཕེལ་རིམ་དང་བསྟུན་ནས་བརྗོད་བྱའི་དོན་དུ་མ་ཞིག་དུས་་་་མཉམ་དུ་བཀྲམས་ཡོད་པ་སྟེ།  དེ་ཡང་ཐོག་མར་ཨ་མྱེས་ཉི་མའི་འཛད་མཐའ་མེད་པའི་གནའ་གཏམ་དེ་བརྩམས་ཆོས་ཧྲིལ་བོའི་སྲོག་རྩའམ་བརྗོད་བྱ་གཙོ་བོར་བཟུང་ཡོད་ལ། དེ་ནི་ད་ལྟའི་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་སུ་དོ་སྣང་བྱེད་བཞིན་པའི་དངོས་མིན་རིག་གནས་་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་སྦྲེལ་ཡོད་པས་སྐུད་སྣེ་དེ་བཟུང་བ་ནི་ཤིན་ཏུ་ལེགས་པར་སྙམ་སྟེ།  དུས་རབས་དང་སྤྱི་ཚོགས་ཁོར་ཡུག་གི་གནས་བབ་དང་ཧ་ཅང་འཚམ་པར་བྱས་ཡོད་པས་་་སོ།། ང་ཚོས་ཁང་པ་ཞིག་བཞེངས་པའི་དབང་དུ་བཏང་ན་ཆེས་གལ་ཆེ་བའི་རྨང་རྡོ་བཏིངས་པ་ཤིན་ཏུ་འཁྱོངས་འདུག་པས། དེས་རྗེས་ཀྱི་བརྗོད་བྱ་ཐེར་སྤྱོད་དང་བསམ་བློའི་སྙིང་པོ་སྔོག་འདོན་བྱེད་པ་ལ་རམ་འདེགས་མི་དམན་པ་ཐོན་ངེས་རེད།  ཡང་གཅིག་བཤད་ན།  རང་ཅག་མི་རིགས་འདི་ནི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་ཧ་ཅང་མཐུག་ལ་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་རྒྱུན་ལྡན་པ་ཞིག་ཡིན་པ་མ་ཟད།  མཚར་སྡུག་འོད་སྟོང་འབར་བའི་རིག་གནས་དེ་ནི་རྒྱུན་འཛིན་དང་དར་སྤེལ་གྱི་རིན་ཐང་བླ་ལྷག་གིས་མཐོ་བ་ཞིག་ཀྱང་ཡིན་པ་རེད། ཡིན་ནའང་།  འདི་ལྟའི་མཚར་སྡུག་འབར་བའི་རིག་གནས་གང་དེ་ད་ལྟའི་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་མྱུར་མོ་དང་བསྡོངས་ཏེ།  ཕྱོགས་སོ་སོ་དང་ཟུར་མི་འདྲ་བའི་སྒོ་ནས་ཉམས་དམས་སུ་སོང་དང་འགྲོ་བཞིན་འདུག་པས་ང་ཚོ་ཕྱི་རབས་པ་དག་་གིས་འདི་ལྟའི་ཁ་ཚ་དགོས་གཏུག་གི་གནས་བབ་ལ་དོ་སྣང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་་་ཆེ།  དེས་ན།  བརྙན་འཕྲིན་ཟློས་གར་འདིས་འདི་ལྟའི་དུས་རབས་རང་བཞིན་གྱི་དཀྱོགས་མཚམས་ཤིག་ནས་རང་རེ་མདོ་དབུས་ཁམས་གསུམ་གྱི་བོད་མི་མཆོག་དམན་བར་གསུམ་གྱི་བློ་ཁ་དང་འཚམ་ཞིང་། ཆེས་སྣང་བརྙན་རང་བཞིན་དང་གསོན་ཉམས་རང་བཞིན།  དོན་དངོས་རང་བཞིན་བཅས་ཀྱི་སྒོ་ནས་ད་ལྟ་ཉམས་རྒུད་དུ་འགྲོ་བཞིན་པའི་གནའ་གཏམ་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དོ་སྣང་བྱ་དགོས་པར་འབོད་སྐུལ་ཚ་་བེར་བེར་བ་ཞིག་བཏང་བ་ནི་གནད་དུ་ཐིངས།   དེ་བཞིན་བརྗོད་གཞི་གཙོ་བོ་དེའི་རམ་འདེགས་སུ་བརྗོད་བྱ་ཕལ་བ་འགའ་འང་དུས་མཉམ་དུ་བཀྲམས་ཡོད་པ་སྟེ། བུ་ཆུང་བསོད་ནམས་ཚེ་རིང་གི་ནར་སོན་པའི་བརྒྱུད་རིམ་ནི་ད་ལྟའི་སློབ་གྲྭར་འགྲོ་བཞིན་པའི་བོད་རིགས་ན་གཞོན་དག་གི་བསམ་བློའི་འདུ་ཤེས་དང་།  འགྲོ་འདུག་སྤྱོད་གསུམ་སོགས་གཅིག་སྡུད་ཀྱིས་མཚོན་པའི་རབ་གསལ་གྱི་མེ་ལོང་ཞིག་སྟེ། ཚན་རྩལ་དང་དཔལ་འབྱོར་གྱི་མཐོ་རླབས་འཕྱུར་པའི་དུས་རབས་འདིའི་སྤྱི་ཚོགས་ཁོར་ཡུག་དང་།  རིག་གནས་སློབ་གསོས་ བསྐྱེད་པའི་ད་ལྟའི་བོད་རིགས་ན་གཞོན་དག་གི་འདུ་ཤེས་གསར་པ་ནི་ཕ་མེས་ཡང་མེས་ནས་བརྒྱུད་འོངས་པའི་སྲོལ་རྒྱུན་རིག་གནས་དང་འཚོ་བ་རོལ་སྟངས་སོགས་ལ་སུན་སྣང་དང་ད་ལྟའི་དུས་རབས་གསར་བའི་བྱ་དངོས་དང་གྲོང་ཁྱེར་གྱི་འཚོ་བར་དགའ་མོས་བྱེད་པ་དེའོ།།  དེས་ན་བརྙན་འཕྲིན་ཟློས་གར་འདིས་སྤྱི་ཚོགས་འཚོ་བའི་འཕེལ་འགྱུར་གྱིས་དེད་འོངས་པའི་སྣང་ཚུལ་འདི་ཆེས་སྤྱིར་བཏང་གི་བརྙན་རིས་བརྒྱུད་དེ་སྔོག་འདོན་བྱས་པ་དངོས་འབྲེལ་ལེགས་ལ།  རང་རེ་ལོ་ཆུང་བྱིས་པ་དག་གི་ད་ལྟའི་གནས་བབ་འདི་འདྲ་ནི་མི་རིགས་གང་གི་ན་མཉམ་གཞོན་སྐྱེས་དག་ལའང་ཡོད་པ་ཞིག་ཡིན་སྟབས། འདི་ནི་དུས་རབས་དང་ཡོངས་སུ་འཚམ་པའི་ཆོས་ཉིད་ཅིག་ཡིན་པའི་འགྲིག་མིན་གྱི་བརྡར་ཤ་སུས་ཀྱང་གཅོད་དཀའ་བ་རེད།  ལྷག་པར་དུ་བསོད་ནམས་ཚེ་རིང་གིས་ཨ་མྱེས་ཀྱི་གནའ་གཏམ་ལ་བཟུང་བའི་འདུ་ཤེས་ཀྱི་འགྱུར་ལྡོག་ལས་ཁོའི་བསམ་བློའི་འཕེལ་འགྱུར་མཚོན་པར་བྱས་ཡོད་ལ། དེ་ནི་ད་ལྟའི་རིག་གནས་གསར་བར་འཇུག་བཞིན་པའི་ལོ་ཆུང་བྱིས་པ་ཞིག་ལ་མཚོན་ན་ཧ་ཅང་གནས་ལུགས་དང་མཐུན་པ་ཞིག་ཀྱང་རེད། ཡིན་ནའང་འཁྲབ་གཞུང་རྩོམ་མཁན་གྱིས་འཕེལ་འགྱུར་དེའི་ཤུགས་ནས་ང་ཚོར་གསལ་འདེབས་བྱེད་འདོད་པ་ནི་བོད་མིའི་རིག་གནས་ཤིག་གི་དར་རྒུད་ཡིན་པར་འདོད་དེ། ད་ལྟའི་ན་གཞོན་དག་གིས་སྲོལ་རྒྱུན་རིག་གནས་ལ་བཟུང་བའི་རྣམ་འགྱུར་འདི་ལས་ང་ཚོའི་རིག་གནས་འདིའི་རྒྱུད་འཛིན་དང་དར་སྤེལ་གྱི་སྲོག་རྩ་ཉག་ཇེ་ཕྲ་ནས་ཇེ་ཕྲར་བཏང་ཡོད་པ་གསལ་འདོན་བྱས་ཡོད་པ་རེད།

འོན་ཀྱང་ཡིད་སྤྲོ་བ་ཞིག་ལ།  མཇུག་མཐར་བསོད་ནམས་ཚེ་རིང་གིས་<<ཀུན་འདུས་ཞལ་ཐང་ཆེན་མོ>> ལ་བལྟས་རྗེས་ཁོའི་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  ཨ་མྱེས་ཀྱི་གནའ་གཏམ་ལ་ངོས་ཟིན་གསར་བ་ཞིག་རྙེད་པ་སྟེ།  མ་གཞི་དེ་ནི་རིན་ཐང་ཤིན་ཏུ་ཆེ་བའི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རྟོགས་པས་ཁོ་རང་ནོངས་འགྱོད་ཆེན་པོ་སྐྱེས་ཤིང་།  དེ་ནི་གཏམ་རྒྱུད་འདིའི་དཀྱོགས་མཚམས་གལ་ཆེན་ཞིག་སྟེ།  འདིས་རང་རེ་གསར་སྐྱེས་ན་གཞོན་དག་ལ་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་གཉིས་ཀ་གལ་ཆེ་ཚུལ་དང་། ང་ཚོ་ཕྱི་རབས་པ་དག་གིས་འདི་གཉིས་ཀར་འདྲ་མཉམ་གྱི་ལྟ་ཚུལ་ལེགས་པོ་ཞིག་འཛིན་དགོས་པའི་གནས་ལུགས་ཟབ་མོ་ཞིག་ར་སྤྲོད་བྱས་་་ཡོད་པས་རེད། 

དེ་བཞིན་རྟ་རྡོའི་སྤྱོད་ཚུལ་གྱིས་ཀྱང་ཕྱོགས་གང་ཐད་ནས་ཨ་མྱེས་ཉི་མའི་གནའ་གཏམ་ལ་ཉན་མཁན་ལ་ཚད་བཀག་ཐེབས་ཀྱིན་ཡོད་པས། ཨ་མྱེས་ཉི་མས་ཀྱང་ཁོའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་དགག་གཞག་འཕེན་གྱིན་ཡོད་པ་མ་ཟད།  ཁོར་སེམས་གཏིང་ནས་སྡང་སེམས་ཀྱང་བཅངས་མྱོང་བ་རེད། སྤྱིར་རྟ་རྡོར་མཚོན་ན་དབེན་འཇགས་ཀྱི་འབྲོག་སྡེ་དེ་ལ་སྒྲ་སྡུད་དང་བརྙན་འཕྲིན་སོགས་དེང་རབས་ཅན་གྱི་འཕྲུལ་ཆས་དྲངས་པ་ནི་རང་རེ་འབྲོག་ཁུལ་གྱི་ཕྱུགས་རྫི་ཕལ་བ་ཞིག་ལ་མཚོན་ན་ངོ་མ་བསྟོད་བསྔགས་བྱ་འོས་པ་ཞིག་སྟེ།  ཁོ་བོའི་བསམ་བློའི་འཁོར་སྟངས་དེ་ཁོ་དང་ན་མཉམ་གྱི་ཕྱུགས་རྫི་དག་ལས་ཆེས་ཆེར་འགོངས་འདུག་པས་རེད།  ཡང་གཅིག་བཤད་ན། བསོད་ནམས་ཚེ་རིང་གི་ཐོག་པའི་བྱ་སྤྱོད་ཡིན་ནའང་འདྲ་།  རྟ་རྡོའི་འགྲོ་འདུག་སྤྱོད་གསུམ་ཡིན་ནའང་འདྲ།  ཁོ་གཉིས་ཀྱི་མི་ཚེའི་འགྱུར་ལྡོག་དེས་ཐད་ཀར་ཨ་མྱེས་ཉི་མ་ལ་ཕོག་ཐུག་གཏོང་གིན་འདུག་ལ། དེ་ནི་བརྙན་འཕྲིན་ཟློར་གར་འདིས་ཆེས་ཟབ་ས་ནས་སྔོག་འདོན་བྱེད་འདོད་པའི་བརྗོད་བྱ་གཙོ་བོའང་ཡིན་པར་འདོད་དེ།  མཐར་གཏུག་ན་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་གདོང་ཐུག་རེད་ལ།  ཛ་དྲག་གི་གདོང་ཐུག་དེ་ཇི་ལྟར་ཐག་གཅོད་བྱ་རྒྱུ་སྟེ།   ང་ཚོ་བོད་མི་ལྟ་མཁན་དག་གིས་དེང་རབས་རིག་གནས་ཀྱི་དར་སྤེལ་དང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་་་འཛིན་ལ་ལྟ་ཚུལ་ཡང་དག་ཅིག་ཡོང་རྒྱུ་ནི་བརྙན་འཕྲིན་ཟློས་གར་འདིའི་ཆེས་གཞི་རྩའི་་་་བརྗོད་སྙིང་ཡིན་པར་འདོད་དོ། །

གཞན་ཏེ་ཕྲན་གྱིས་བརྙན་འཕྲིན་ཟློས་གར་འདིའི་བརྗོད་བྱ་ཕལ་བར་འདོད་པ་ནི་ལྟ་་་མཁན་མང་པོ་ཞིག་གིས་གཙོ་བོར་འདོད་པ་དེ་སྟེ།  འབྲོག་ཕྱོགས་ཀྱི་འཚོ་བའི་འགྱུར་ལྡོག་གི་ཆ་དེ་རེད།  ཨ་མྱེས་ཉི་མ་ཚང་གཙོ་བྱས་པའི་འབྲོག་སྡེ་དེའི་ཁྱིམ་གཞིས་ཀྱི་སྐྱས་སྤོར་གྱིས་ཚོ་བ་ཞིག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚོན་པར་བྱས་ཡོད་པ་སྟེ། སྦྲ་ནག་ནས་ཤེལ་ཁང་དང་།  ཞོན་གཡག་ནས་སྦག་སྦག  གནའ་གཏམ་ནས་བརྙན་འཕྲིན།  རྐང་ལམ་ནས་གཞུང་ལམ།  དཀར་མེ་ནས་གློག་སྒྲོན་སོགས་ཏེ།  སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་ཅ་ལག་འདི་དག་གི་རྙིང་ཚབ་གསར་བརྗེ་ནི་དུས་རབས་འདིའི་འགྱུར་ལྡོག་ཆེན་པོ་ཞིག་སྟེ།  རང་རེ་རྒྱལ་ཁབ་ཀྱི་ཏང་གི་མི་རིགས་སྲིད་ཇུས་བཟང་བོས་བོད་རིགས་ས་ཁུལ་ལ་བཞག་པའི་བསིབ་མེད་ཀྱི་འཕེལ་རྒྱས་རེད།  དེ་བཞིན་རྟ་རྡོས་ཁོའི་གྲོགས་པོ་གཉིས་ཀྱིས་མགོ་གཡོག་མགོ་བསྐོར་འོག་མཱ་ཅང་སོགས་བརྒྱབ་སྟེ་སྦག་སྦག་དང་བརྙན་ཕབ་སྟོན་སའི་ཁང་བ།  ཐ་ན་མཛའ་མོ་མཁའ་འགྲོའང་ཤོར་ཞིང་།  སྐྱུག་བྲོ་བའི་གནས་ཚུལ་དེས་དུས་རབས་འདིའི་མི་དང་མིའི་བར་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་སྟེ། རང་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་གཡོ་རྫུན་དང་ཚུལ་མིན་གྱི་བྱ་སྤྱོད་དག་གིས་ཕ་རོལ་པོར་ཆག་སྐྱོན་མི་དམན་པ་བཟོ་བའི་སྣང་་་་ཚུལ་ཐ་ཤལ་བ་དེ་དག་ཐེར་འདོན་བྱས་ཡོད་ལ།  དེ་ནི་དཔལ་འབྱོར་འཚོ་བའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་མིའི་རིགས་ཀྱི་བསམ་བློ་དང་བདེ་ཐང་། བྱ་སྤྱོད་སོགས་ལ་དགོས་མེད་ཀྱི་ངན་ཤུགས་མང་པོ་ཞིག་ཀྱང་མ་སྐུལ་རང་འགུལ་གྱིས་ཐེབས་སྲིད་པའི་ཆོས་ཉིད་་་་་་རང་བཞིན་གྱི་གནས་ལུགས་དེ་ར་སྤྲོད་བྱས་པའང་ཡིན་པས།  དེས་ཀྱང་བརྙན་འཕྲིན་ཟློས་གར་འདིའི་བརྗོད་བྱ་དོན་གྱི་ཆ་ནས་བལྟས་ན་གསེར་གདུབ་ཀྱི་ཕྲ་ལྟར་ནུས་པ་གལ་ཆེན་་་་་ཞིག་ཐོན་ཡོད་པར་སྙམ་མོ།།

        གཉིས་པ།  མི་སྣའི་སྣང་བརྙན་གྱིས་བྱིན་པའི་མྱོང་ཚོར། 

ང་ཚོས་བརྙན་འཕྲིན་ཟློས་གར་འདི་གླེང་མ་ཐག་ཐོག་མར་མིག་ལམ་དུ་འཆར་འོངས་་་པ་ནི་ཨ་མྱེས་ཉི་མ་དང་རྟ་རྡོ།  བསོད་ནམས་ཚེ་རིང་སོགས་ཡིན་ལ།  དེ་ནི་མི་སྣ་འདི་དག་གིས་ཟློར་གར་འདིའི་ཁྲོད་དུ་བཟུང་བའི་གོ་གནས་ཏེ།  ཁོ་ཚོས་འཁྲབ་བསྒྱུར་གྱི་ཆུ་ཚད་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པས་ཡིན་པ་གོར་མ་ཆག   ང་ཚོ་ཚང་མས་ཤེས་གསལ་ལྟར།  ཉེ་བའི་ལོ་འགའི་རིང་ལ་རང་ཅག་བོད་རིགས་ས་ཁུལ་དུའང་བརྗོད་བྱ་བོད་མིའི་འཚོ་བ་དང་།  འཁྲབ་བསྒྱུར་མཁན་བོད་མི་རང་ཉིད་བྱས་པའི་བརྙན་འཕྲིན་ཟློས་གར་དང་གློག་བརྙན་འགའ་རེ་བྱུང་མྱོང་མོད།  འོན་ཀྱང་འཁྲབ་མཁན་གྱི་སྒྱུ་རྩལ་བྱང་ཆ་དང་འཁྲབ་ཚིག་གི་སྒྲ་སྦྱོར་སོགས་ཕྱོགས་གང་ཐད་ནས་ཞན་ཆ་མང་བོ་ཞིག་ཡོད་པས་ལྟ་མཁན་རྣམས་་ལ་ངེས་པ་དོན་གྱིས་ཚོར་སྣང་ཟབ་མོ་ཞིག་སྟེར་ཐུབ་མཁན་ནི་ཉུང་ཉུང་རེད།   ཡིན་ནའང་།  ཅུང་བློ་ཡུལ་ལས་འགོངས་པ་ཞིག་ལ་<<ཁ་སང་གི་གཏམ་རྒྱུད>>ཀྱིས་འདིའི་ཐད་ནས་ཐོད་་་རྒལ་ཆེན་པོ་ཞིག་བྱས་འདུག་པ་སྟེ།  སྤྱིར་བཏང་དུ་བརྙན་འཕྲིན་ཟློས་གར་ཡིན་ནའང་འདྲ།  གློག་བརྙན་ཡིན་ནའང་འདྲ། དེའི་ཁྲོད་ཀྱི་འཁྲབ་སྟོན་མི་སྣ་ཞིག་ལ་མཚོན་ན།  ཆེས་གལ་ཆེ་བ་ནི་རང་ཉིད་ཀྱིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་འཁྲབ་གཞུང་དང་འཁྲབ་ཚིག་གསལ་་བར་བློ་ལ་ངེས་དགོས་པ་མ་ཟད།  འཁྲབ་སྟོན་བྱ་ཡུལ་གྱི་མི་སྣ་གང་དེའི་འགྲོ་འདུག་སྤྱོད་གསུམ་གྱི་ཁྱད་ཆོས་རེ་རེ་ཇི་མ་ཇི་བཞིན་ཡིད་ལ་ངེས་དགོས་ལ། དེ་ལས་ཀྱང་གལ་འགངས་ཤིན་ཏུ་ཆེ་བ་ནི་མི་སྣ་གང་དེའི་སེམས་ཁམས་ཀྱི་ནང་རོལ་དུ་འཛུལ་རྒྱུ་ནི་གནད་ཀྱི་དམ་་་་པའོ། །  དེར་བརྟེན།  འཁྲབ་སྟོན་པས་གནས་སྐབས་དེར་རང་ཉིད་ཀྱིས་རང་ཉིད་ངོ་མ་དེ་བརྗེད་དུ་འཇུག་དགོས་ལ།  དེ་ལྟར་བྱས་ན་རང་ཉིད་དངོས་སུ་འཁྲབ་གཞུང་ཁྲོད་ཀྱི་མི་སྣ་གང་དེའི་བསམ་བློའི་ནང་རོལ་དུ་འཛུལ་བ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། དེ་ནི་རང་ཉིད་འཁྲབ་སྟོན་པ་ཚད་ལྡན་ཞིག་ཏུ་འགྱུར་བའི་གཞི་རྩའི་རྨང་གཞིའང་ཡིན།  སྲ་ཞིང་བརྟན་པའི་རྨང་གཞི་དེ་སྔོན་ལ་འདིང་ཚེ་རང་ལ་འཁྲབ་གཞུང་ཁྲོད་ཀྱི་གཏམ་རྒྱུད་ཀྱིས་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དངོས་མ་ཞིག་སྟེར་ནུས་པས།  དེ་དུས་གཏམ་རྒྱུད་ཀྱི་འཕེལ་འགྲོས་དང་བསྡོངས་ཏེ་དགའ་དུས་དགོད་རྒྱུ་ཡོང་ལ་སྐྱོ་དུས་ངུ་རྒྱུའང་ཡོང་བས་དེ་ནི་གནད་འགག་གཙོ་བོ་ཞིག་གོ །  དེས་ན<<ཁ་སང་གི་གཏམ་རྒྱུད>>ཁྲོད་ཀྱི་མི་སྣ་གཙོ་བོ་དག་གིས་འདིའི་ཐད་ནས་འཁྲབ་སྟོན་པ་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་སྔོག་འདོན་བྱས་པ་ཧ་ཅང་ལེགས་པར་འདོད་དེ།  ཁོ་ཚོས་འཁྲབ་གཞུང་གཏམ་རྒྱུད་ཀྱི་འཕེལ་རིམ་དང་བསྟུན་ཏེ་མི་སྣ་གཙོ་བོ་དག་གི་རང་གཤིས་དང་སེམས་ཁམས། ཕྱི་ཚུལ་གྱི་རྣམ་འགྱུར། བསམ་བློའི་འགྱུར་ལྡོག  བྱ་བྱེད་དང་འགྲོ་འདུག་སྤྱོད་གསུམ་སོགས་ཕྱོགས་གང་ཐད་ནས་མངོན་མཚོན་བྱས་པ་ཕལ་ཆེར་འཁྲབ་གཞུང་གི་ཐོག་མའི་རེ་བ་དང་མཐུན་པར་བྱས་ཡོད་པར་སྙམ་ལ།  ལྷག་པར་དུ་ཨ་མྱེས་ཉི་མ་དང་རྟ་རྡོ།  བྱིས་དུས་ཀྱི་བསོད་ནམས་ཚེ་རིང་བཅས་ཀྱི་འཁྲབ་སྟོན་པ་དག་ནི་དངོས་འབྲེལ་ཆེད་ལས་འཁྲབ་སྟོན་པ་ཞིག་གི་ཚད་ཐིག་དང་སླེབས་ཡོད་ཅེས་བརྗོད་ནའང་འགལ་བ་ཆེན་པོ་མེད་པར་འདོད་དེ།  ང་ཚོས་དུས་རྒྱུན་དུ་ལྟ་བཞིན་པའི་རྒྱ་མི་རིགས་སོགས་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་གློག་བརྙན་དག་གི་འཁྲབ་སྟོན་པ་རྣམས་ཀྱི་སྒྱུ་ཚལ་བྱང་ཆའང་འདི་ལས་ལྷག་པ་ཞིག་ཡིན་པ་ཤེས་ཐུབ་ཀྱིན་མི་འདུག་པས་སོ།།  ཡང་གཅིག་བཤད་ན།  འདི་ནི་བརྙན་འཕྲིན་ཟློས་གར་འདིར་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་ཏེ།  རྒྱུ་མཚན་ནི་མི་སྣ་འདི་དག་གིས་ཆེས་དོན་དངོས་རང་བཞིན་གྱི་བྱ་བྱེད་རེ་རེས་ལྟ་མཁན་མང་པོའི་དགའ་སྐྱོ་་ཆགས་སྡང་གི་བསམ་བློའི་བརྩེ་དུང་དེ་གཅིག་སྡུད་ཀྱིས་སྔོག་འདོན་བྱེད་ཐུབ་སོང་བས་རེད།  རེད་ཡ།  དེ་ནི་བརྙན་འཕྲིན་ཟློས་གར་ཞིག་ལ་མཚོན་ན་ཆེས་གཞི་རྩའི་འོས་འགན་ཡང་ཡིན་ཏེ།  གལ་ཏེ་ལྟ་མཁན་ལ་ཚོར་སྣང་ཅི་ཡང་སྟེར་མི་ཐུབ་པའི་བརྩམས་ཆོས་ཤིག་ཡིན་ན། དེ་ནི་བརྙན་འཕྲིན་ཟློས་གར་ཚད་ལྡན་ཞིག་རེད་ཅེས་ལབ་རྒྱུའང་ཧ་ཅང་ཁག་པོ་ཡིན་པས་་སོ།།   དེ་བཞིན་རྟ་རྡོའི་ཨ་ཕ་འབྲུག་བྱམས་རྒྱལ་དང་ཨ་མྱེས་ཉི་མའི་ཚ་མོ་མཁའ་འགྲོ་སོགས་ཀྱི་སྒྱུ་རྩལ་སྣང་བརྙན་ཡང་ཤིན་ཏུ་ལེགས་པར་སྣང་ཡང་འདིར་གཅིག་ཤེས་ཀུན་་གྲོལ་གྱི་ཚུལ་དུ་རེ་རེ་བཞིན་མ་སྤྲོས་པའོ། །

         གསུམ་པ།  ཁྱད་ཆོས་གཞན་དག་གིས་བྱིན་པའི་མྱོང་ཚོར།

ང་ཚོ་ཚང་མས་ཤེས་གསལ་ལྟར།  བརྙན་འཕྲིན་ཟློས་གར་ནི་ཤོག་ངོས་སུ་འབྲི་བཞིན་པའི་བརྩམས་སྒྲུང་དང་གཏམ་རྒྱུད་སོགས་དང་ཡེ་ནས་མི་འདྲ་སྟེ།  འདི་ལ་འཁྲབ་གཞུང་གི་གཏམ་རྒྱུད་ཁ་ཚང་ཞིག་དགོས་པར་མ་ཟད།  རོལ་དབྱངས་ཀྱི་རམ་འདེགས་དང་།  སྐད་ཆའི་སྒྲིག་སྦྱོར།  མཛེས་རིས་ཀྱི་ཇུས་འགོད།  འཁྲབ་བསྒྱུར་གྱི་མི་སྣ་སོགས་གྲུབ་ཆ་མང་བོ་ཞིག་ཚང་དགོས་ལ།  དེ་དག་ཀྱང་འཁྲབ་ཁྲིད་པས་རང་སྣང་གང་ཤར་གྱིས་བཀོད་སྒྲིག་བྱས་ཆོག་པ་ཞིག་གཏན་ནས་མ་ཡིན་པར།  འཁྲབ་གཞུང་ཧྲིལ་བོའི་བརྗོད་བྱའི་ནང་དོན་དང་། གཏམ་རྒྱུད་ཀྱི་འཕེལ་རིམ།  མི་སྣའི་རང་གཤིས།  བརྙན་རིས་ཀྱི་དགོས་མཁོ་སོགས་ལ་བསྟུན་ཅི་ཐུབ་ཀྱིས་ཁྱད་ཆོས་གང་ལ་གང་འཚམ་གྱིས་བཀོད་སྒྲིག་བྱ་རྒྱུ་ནི་གལ་འགངས་་་་་་ཤིན་ཏུ་ཆེ་སྟེ། འདི་ལྟར་གྲུབ་ཆ་རེ་རེ་ནས་གཅིག་རམ་གཅིག་འདེགས་ཀྱིས་རང་རང་སར་ནུས་པ་མངོན་གསལ་རེ་བཏོན་ཚེ་ད་གཟོད་བརྩམས་ཆོས་ལེགས་པོ་ཞིག་ཏུ་འགྱུར་རྒྱུའི་རེ་་་བ་ཆེ་ལ། འདི་ནི་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན་ཆེས་གནད་འགག་ཆེ་བའི་འོས་འགན་ལྕི་མོ་ཞིག་ཀྱང་རེད།  དེས་ན<<ཁ་སང་གི་གཏམ་རྒྱུད>> ཀྱིས་གྲུབ་ཆ་འདི་དག་འོས་འཚམ་གྱིས་སྡེབ་སྒྲིག་བྱས་པའང་ཅུང་ལེགས་ཤིང་།  དེ་དག་ལས་རེ་གཉིས་ཅུང་དམིགས་བསལ་དུ་གླེང་བ་ལ། ཐོག་མར་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདིའི་བརྗོད་དོན་གླུ་དབྱངས་སམ་གཏམ་རྒྱུད་ཧྲིལ་བོའི་བར་གསིང་དག་ན་སྙན་ལྷིང་ལྷིང་འཇོ་བའི་རམ་འདེགས་གླུ་དབྱངས་དེ་རེད།  མ་གཞི་བརྙན་འཕྲིན་ཟློས་གར་འདི་ནི་གླེགས་བམ་ཞིག་ཡིན་པའི་དབང་དུ་བཏང་ན།  བརྗོད་དོན་གླུ་དབྱངས་འདིས་དབུ་ཁྱུད་ལེགས་པོ་ཞིག་བྲིས་ཡོད་པར་སྙམ་པས་འདི་ནི་གོས་ཆེན་གྱི་གོང་བ་ལྟར་ཟློར་གར་འདིའི་རྒྱན་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  སྤྱིར་<<ཁ་སང་གི་གཏམ་རྒྱུད>>ནི་ཨ་མདོའི་སྐད་ཀྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པས།  ཐོག་མར་གླུ་དབྱངས་ལེན་མཁན་ནི་ཨ་མདོའི་སྐད་ཀྱི་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་ལགས་གདམ་པ་ནི་ཧ་ཅང་ལེགས་ལ། ཁོ་མོའི་འབྲུ་དག་ཅིང་གདངས་སྙན་པའི་གཞས་ཚིག་གི་དབྱངས་རྟ་རེ་རེས་ལྟ་མཁན་ཡོངས་ལ་སྨྲ་བརྗོད་ལས་འདས་པའི་ཚོར་བ་དངོས་མ་ཞིག་སྟེར་ནུས་པས།  དེའང་བརྩམས་ཆོས་འདིར་མཚོན་ན་དགེ་མཚན་གལ་ཆེན་ཞིག་རེད། དེ་བཞིན་གཞས་ཚིག་གི་ནང་དོན་དང་དབྱངས་རྟའི་འདེགས་འཇོག་ཀྱང་འཁྲབ་གཞུང་གི་་་་་་གཏམ་རྒྱུད་ཧྲིལ་བོའི་བརྗོད་བྱའི་འཕེལ་འགྱུར་དང་བསྟུན་ཅི་ཐུབ་བྱས་ཡོད་པས་རྒྱའི་བརྙན་འཕྲིན་ཟློར་གར་ལ་ལའི་བརྗོད་དོན་གླུ་དབྱངས་ཀྱི་གཞས་ཚིག་དང་འཁྲབ་གཞུང་གི་བརྗོད་བྱ་གཉིས་འབྲེལ་མེད་ཡན་གར་དུ་སྣང་བ་ལྟར་ཡེ་ནས་མ་རེད། 

དེ་བཞིན་འཁྲབ་གཞུང་ཁྲོད་ཀྱི་མི་སྣ་སོགས་ཀྱི་སྐད་ཆའི་སྒྲ་སྦྱོར་གྱི་ཐད་ནས་ཀྱང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་སྟེ།  ང་ཚོ་ཚང་མས་ཤེས་གསལ་ལྟར།  སྔོན་ཆད་བྱུང་བའི་བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར་དག་ནི་ཡུལ་ངོས་ནས་བརྙན་རིས་ཕབ་བསྐྲུན་བྱས་རྗེས་མི་སྣའི་སྐད་ཆ་སོགས་རྗེས་སུ་བརྙན་རིས་དེ་དང་བསྟུན་ཏེ་སྒྲིག་སྦྱོར་བྱས་པར་སྣང་ལ།  <<ཁ་སང་གི་གཏམ་རྒྱུད>>ནི་དེ་ལྟ་མ་ཡིན་པར་སྒྲ་གཟུགས་གཉིས་དུས་མཉམ་དུ་ཡུལ་ངོས་སུ་ཐད་ཀར་ཕབ་བསྒྱུར་བྱས་འདུག་པས་འདིའང་ཟློས་གར་འདིའི་ཐོད་རྒལ་རང་བཞིན་གྱི་ཆ་ཞིག་རེད་སྙམ།  སྤྱིར་འདི་གཉིས་ཀྱི་ཁྱད་པར་རམ་དགེ་སྐྱོན་ནི་ང་ཚོ་ལྟ་མཁན་དག་ལ་མཚོན་ནའང་རྟོགས་སླ་བར་སྙམ་སྟེ།  སྔ་མ་ནི་ཕབ་བསྐྲུན་བྱས་ཟིན་པའི་བརྙན་རིས་ལ་གཞི་བཅོལ་ཏེ་ས་གནས་གཅིག་ནས་སྐད་སྒྱུར་བ་དག་གིས་སྐད་སྦྱར་པ་ཡིན་སྟབས་སྐད་ཆའི་སྒྲ་་གདངས་ཀྱི་མཐོ་དམའ་མི་གསལ་བར་འགྲོས་རིམ་གཅིག་གི་སྟེང་ནས་བཤད་བཞིན་པའི་སྣང་བ་སྟེར་བས་དོན་དངོས་ཀྱི་ཆ་དེ་རང་བཞིན་གྱིས་ཇེ་ཞན་ཏུ་སོང་ཡོད་ལ།  ཕྱི་མ་ནི་ཡུལ་དུས་དེར་འཁྲབ་སྟོན་པ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་དང་བསྟུན་་་ཏེ་བྱུང་བའི་སྒྲ་གཟུགས་གཉིས་དུས་མཉམ་དུ་ཇི་མ་ཇི་བཞིན་ཕབ་བསྐྲུན་བྱས་པ་ཞིག་ཡིན་་པས་དོན་དངོས་རང་བཞིན་དང་གསོན་ཉམས་རང་བཞིན་གྱི་ཆ་ནི་སྔ་མ་ལས་བླ་ལྷག་གིས་་མཐོ་བ་རེད། གཞན་ཡང་ཨ་མྱེས་ཉི་མའི་འཛད་མཐའ་མེད་པའི་གནའ་གཏམ་གྱི་མཚོན་དཔེ་ལ་ལོ་ངོ་སྟོག་ཕྲག་མང་པོར་སྐམ་པ་མེད་པའི་རྨ་ཆུ་སྔོན་མོའི་བཞུར་རྒྱུན་བཞག་པ་་་་་་་དང་། རྟ་རྡོས་རང་ཉིད་ཀྱིས་སྒྲ་ཕབ་ཡོད་པའི་གནའ་གཏམ་ལ་རིན་གོང་གཏམས་པ། ཨ་མྱེས་ཉི་མ་ལ་དེ་འདྲའི་ནད་ལྕི་མོ་ཞིག་བྱུང་བའི་རྒྱུ་རྐྱེན་གཙོ་བོ། མཇུག་མཐར་གནའ་གཏམ་ཁ་ཚང་དེ་ཨ་མྱེས་ཉི་མ་རང་གི་ཚ་མོ་ཆུང་བ་སྟེ་བྱིས་པ་སྣབས་ལུག་ཅིག་གིས་སྒྲ་ཕབ་ཡོད་པ་སོགས་བྱེ་བྲག་གི་བརྗོད་དོན་རེ་རེའི་ལྟག་རྒྱབ་ཏུའང་ང་ཚོ་བོད་རིགས་ལྟ་མཁན་་་་་ཡོངས་ལ་གནས་ལུགས་ཟབ་མོ་རེ་བཤད་ཡོད་པས།  དེའང་བརྩམས་ཆོས་འདིའི་ཐུན་མིན་གྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་པར་འདོད་དོ། །

     བཞི་བ།  ཞར་དུ་ཞན་ཆའི་སྐོར་ཅུང་གླེང་བ།

        དེས་ན་བརྙན་འཕྲིན་ཟློས་གར་འདི་ནི་སྐྱོན་ཀུན་བསལ་དང་ཡོན་ཏན་ཀུན་ལྡན་ཞིག་རེད་དམ་ཞེ་ན།  དེ་ནི་མ་ཡིན་པར་འདོད་དེ།  འདིའི་མགོ་མཇུག་བར་གསུམ་ལ་ཞིབ་ལྟ་ཞིག་བྱས་ན་མི་འདང་སའང་འགའ་རེ་ཡོད་པར་སྙམ་སྟེ།  ཐོག་མར་མི་སྣའི་ཐད་ནས་བཤད་ན།  བསོད་ནམས་ཚེ་རིང་དང་མཁའ་འགྲོ་གཉིས་ཀྱི་གཤིབ་བསྡུར་གྱིས་བྱིན་པའི་མྱོང་ཚོར་དེ་ཧ་ཅང་ཟབ།  དེ་ཡང་ཁོ་གཉིས་ནི་མི་སྣ་གཙོ་བོ་ཨ་མྱེས་ཉི་མའི་ཚ་བོ་དང་ཚ་མོ་གཉིས་ཡིན་ལ།  དེ་གཉིས་ལས་བསོད་ནམས་ཚེ་རིང་ནི་སློབ་ལོ་མ་རན་གོང་གི་བྱིས་པ་སྣབས་ལུག་ཅིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བས་མ་མཐའ་ཡང་ལོ་ངོ་བཅོ་་་ལྔ་ལྷག་གི་དུས་ཡུན་འགྱངས་ཡོད་ལ།  འཁྲབ་སྟོན་མི་སྣའང་ཐེངས་གསུམ་ཙམ་ལ་བརྗེ་བ་རེད།  དུས་རིམ་དེར་མཁའ་འགྲོའང་བརྒྱུད་ཡོད་པས་བསོད་ནམས་ཚེ་རིང་ལས་བྱེད་པར་གྱུར་དུས་མོ་རང་ཡང་མ་མཐའ་ལོ་སུམ་བཅུ་ལྷག་ལ་སླེབས་ཡོད་པ་རེད།  ཡིན་ནའང་མོའི་འཚོ་བ་དང་བྱ་བྱེད། ཕྱི་ཚུལ་སོགས་ལ་མགོ་མཇུག་བར་གསུམ་དུ་འགྱུར་ལྡོག་ཆེན་པོ་ཞིག་མ་བྱུང་བ་སྟེ། བསོད་ནམས་ཚེ་རིང་ནི་ལུས་ཤ་དར་ལ་བབས་པའི་ན་གཞོན་ཞིག་ལ་སོན་དུས་མོ་ནི་ད་དུང་བྱིས་ཉམས་ཀྱི་ཁྱད་ཆོས་མ་ཡལ་བར་བསྡད་ཡོད་ལ། ཐ་ན་ཆེས་ཐོག་མ་ནས་གླེང་བཞིན་པའི་མོ་དང་རྟ་རྡོའི་བར་གྱི་གཉེན་དོན་དེའང་ཐག་གཅོད་མ་བྱས་པ་དེ་ནི་བོད་རིགས་འབྲོག་ཕྱོགས་ཀྱི་ཆེས་སྤྱིར་བཏང་གི་འཚོ་བའི་ཆོས་ཉིད་དམ་གཉེན་སྲོལ་གོམས་གཤིས་དང་ཅུང་འགལ་བར་སྙམ། གཉིས་ནས་གཏམ་རྒྱུད་ཀྱི་མཇུག་ཏུ་བསོད་ནམས་ཚེ་རིང་དང་ལས་གྲོགས་དར་རྒྱས་གཉིས་རང་ཡུལ་ལ་ཨ་མྱེས་ཀྱི་གནའ་གཏམ་སྒྲ་ཕབ་ཏུ་ཡོང་དུས་ཨ་མྱེས་ཀྱི་ནད་གཞི་ཧ་ཅང་ལྕི་མོད།  འོན་ཀྱང་ཁོ་རང་ཡུལ་དུ་ཐོན་མ་ཐག་ཨ་མྱེས་གྱི་བདེ་སྡུག་དང་ཤི་གསོན་སོགས་ལ་དོ་སྣང་ཆེན་པོ་མི་བྱེད་པར་ཁྱིམ་དུ་བསྡད་དེ་ཇ་གང་ཡང་མི་འཐུང་བར་གནའ་གཏམ་གྱི་ཆེད་དུ་ཡར་རྒྱུག་མར་རྒྱུག་བྱས་པ་དེའང་སེམས་ཁམས་རིག་པའི་ཐད་ནས་བལྟས་ན་བོད་མིའི་ཤ་རུས་ཉེ་འབྲེལ་གྱི་བརྩེ་འདང་གོམས་སྲོལ་་་གྱི་ཆོས་ཉིད་དང་ཅུང་འགལ་བར་འདོད།  གསུམ་ནས་མི་སྣ་ཕལ་བ་བསོད་ནམས་ཚེ་རིང་གི་ལས་གྲོགས་དར་རྒྱས་དང་མཁའ་འགྲོའི་ཨ་ཕ་སོགས་འཁྲབ་སྟོན་མི་སྣ་འགའི་སྒྱུ་རྩལ་སྣང་བརྙན་གོང་དུ་གླེང་ཟིན་པའི་མི་སྣ་གཙོ་བོ་དག་དང་བསྡུར་ན་ཅུང་མི་འདང་བར་འདོད་དེ།  དར་རྒྱས་ཀྱི་བྱ་བྱེད་དང་ཕྱི་ཚུལ་སོགས་ཀྱིས་རིག་གནས་ལས་གཉེར་བ་ཞིག་གི་ཚོར་སྣང་སྟེར་མི་ཐུབ་པ་དང་།  མཁའ་འགྲོའི་ཨ་ཕས་སྐད་ཆ་སོགས་བཤད་སྐབས་དེ་འདྲའི་རང་བྱུང་ཞིག་མ་ཡིན་པར་བཅོས་མའི་ཉམས་སྣང་ཤིག་ཟ་ཟུར་ནས་མཐོང་ཐུབ་པས་རེད། བཞི་ནས་ཨ་མྱེས་ཉི་མ་ཚང་གཙོ་བྱས་པའི་འབྲོག་སྡེ་དེ་འཚོ་རྟེན་སྦྲ་ནག་ནས་ཐད་ཀར་ད་ལྟའི་དུས་རབས་ཉེར་གཅིག་པར་བོད་རིགས་ཞིང་འབྲོག་ཁུལ་དུ་རྒྱུག་ཆེ་བའི་ཤེལ་་་ཁང་ཞིག་ལ་གནས་སྤར་པ་དེའང་རང་རེ་འབྲོག་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཚོ་བའི་་་འཕེལ་རྒྱས་ཀྱི་གོམ་འགྲོས་དང་ཅུང་མི་འཚམ་པར་འདོད་དེ་།  དེ་གཉིས་ཀྱི་བར་དུ་བར་བརྒལ་གྱི་དུས་ཤིག་ཀྱང་ཡོད་པས་དེའང་ཟ་ཟུར་ཞིག་ནས་མཚོན་པར་བྱས་ན་དེ་ལས་ཀྱང་་ལེགས་པར་སྙམ།  ལྔ་ནས་བརྙན་འཕྲིན་ཟློས་གར་འདི་ནི་ཨམ་སྐད་རྣལ་མའི་བདག་ཉིད་ཅན་ཞིག་ཡིན་པས་ངོ་མ་ལེགས་མོད།  འོན་ཀྱང་མི་སྣའི་ཁ་བརྡའི་ཁྲོད་དུ་ཀྲུའུ་རིན་དང་ཞང་སོགས་རྒྱ་སྐད་རེ་ཟུང་ཡང་གླེང་གིན་འདུག་པ་དེའི་དགོས་པ་ཆེར་མ་མཐོང་བ་བཅས་་སོ། །

      མདོར་ན།  བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་<<ཁ་སང་གི་གཏམ་རྒྱུད>>ནི་རང་ཅག་བོད་ཁུལ་དུ་བྱུང་ཟིན་པའི་བོད་སྐད་རྣལ་མའི་བརྙན་འཕྲིན་ཟློས་གར་དག་ལས་་་ཅུང་ཕུལ་དུ་བྱུང་བ་ཞིག་ཡིན་པར་འདོད་པས།  འདིར་རང་བློས་དཔོག་ཚོད་ཀྱིས་འདི་ལ་གདེང་འཇོག་ཙམ་བྱེད་ཁུལ་བྱས་པ་ཡིན་ཙ་ན་དགོངས་འགལ་མེད་པར་ཤོག་ཅིག་གུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས་ཀྱི་ཐོལ་བརྒལ།

2009-10-02 སྐལ་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།