ར་ལོར་ཅི་ཁག

       ཚེ་རིང་དོན་འགྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ་<<ར་ལོ>>ཞེས་པ་ནི་དོན་གྱི་བྱུང་རིམ་ཀྱག་ཀྱོག་ཆེ་ལ་མི་སྣ་གསར་
བཞེངས་གསོན་ཉམས་ལྡན་པ། ཟུར་་ཟའི་ཤུགས་ནུས་ཆེ་བ་སོགས་དགེ་མཚན་དུ་མས་ཕྱུག་ཅིང༌། དཔྱད་བརྗོད་ལ་སྤྲོ་བའི་མི་
ལ་ལས་རྒྱ་ནག་པ་ལུའུ་ཞུན་གྱི་བརྩམས་ཆོས་་ནང་གི་ཁུང་དབྱི་ཅི་དང་ Q གཉིས་མཉམ་སྦྱོར་གྱི་མི་སྣ་ཞིག་ཏུ་གྱུར་ཡོད་ཚུལ་
སོགས་ཁ་ཕོ་ཆེན་པོས་ཤོད་ཀྱིན་འདུག ལར་སྒྱུ་་རྩལ་བརྩམས་ཆོས་གང་ཞིག་ཡིན་རུང་སྤྱི་ཚོགས་འཚོ་བའི་དངོས་དོན་མཚོན་
ཤུགས་ཇི་ལྟར་ཆེ་ན་ཡིད་འགུག་གི་ནུས་པ་དེ་ལྟར་ཆེ་ལ། ཡིད་འགུག་གི་ནུས་པ་ཇི་ལྟར་ཆེ་ན་སྒྱུ་རྩལ་གྱི་རིན་ཐང་ཡང་དེ་ཙམ་
གྱིསམཐོ་བོ་ཡོད། <<ར་ལོ་>>སྤེལ་ནས་མིག་སྔའི་བར་དུ་བོད་ཀྱི་ཤེས་ལྡན་མི་སྣ་སྐོར་ཞིག་གིས་ར་ལོ་ནི་ཕན་ཚུན་ལ་ཀུ་རེ་རྩེ་བྱེད་
དམ་གཞན་ལ་ངན་མཚང་འབྲུ་བྱེད་ཀྱི་འཐུས་གཟུགས་ཤིག་གམ་ར་ལོར་དམའ་འབེབས་དང་རྒོལ་གཏམ་ཁོ་ན་གཏོང་བ་
ལས་སྡུག་གི་མཚོ་མོ་བརྒལ་བའི་ར་ལོའི་ལས་དབང་ལ་གདུང་སེམས་བཅངས་མཁན་དང་མུན་ནག་གི་འཚོ་བར་རྒོལ་ལན་སྤྲོད་
མཁན་ཤིན་ཏུ་ཉུང༌། ཀློག་པ་པོ་ཞིག་ལ་ཆ་མཚོན་ནས་བཤད་ན། སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྲོད་ནས་རང་གི་དགའ་ཚོར་མྱོང་
རྒྱུ་ཁོ་ན་མིན་པར་དེ་འབྲེལ་གྱི་གནད་དོན་འཚོལ་རྒྱུ་དང་རང་གི་ ཤེས་ནུས་ལ་བརྟེན་ནས་བློ་ཞིབ་མོས་དབྱེ་ཞིབ་དང་ཡང་
དག་གི་ཐབས་ལམ་ཞིག་བསྙེགས་པ་ཡིན་ན་ཀློག་པ་པོས་ལས་འགན་ཡང་ཡོངས་སུ་གྲུབ་པར་བཤད་ཆོག
  ཁོ་བོས་བསམས་ན། <<ར་ལོ>>ནི་འཚོ་བ་གསལ་བའི་མེ་ལོང་ཞིག་སྟེ། ར་ལོ་ལྟ་བུའི་ཕ་མས་ར་ལོ་ལྟ་བུའི་བུ་ཕྲུག་བསྐྱེད་
བསྲིངས་བྱས་བ་དང་ར་ལོ་ལྟ་བུའི་དགེ་རྒན་གྱིས་ར་ལོ་ལྟ་བུའི་སློབ་མ་གསོ་སྐྱོང་བྱས། ར་ལོ་ལྟ་བུའི་མི་གང་མང་ཞིག་གིས་ར་
ལོར་མཛུབ་ཀེར་གྱིས་འཕྱ་བཞིན་ར་ལོར་སློབ་སྦྱོང་བྱེད། མི་གང་མང་ཞིག་འཇིགརྟེན་དུ་སྐྱེས་པའི་སྐབས་ནས་བཟུང་དབང་
བོའི་ནུས་ཁྱད་ཡོད་ནའང་སྐྱེས་བ་ཉིད་ནས་སྨྱོན་པར་གྱུར་བ་ཉུང་ཕྱིར་སྤྱི་ཚོགས་འཚོ་བའི་གནོན་ཤུགས་ཀྱིས་བདེ་ཐང་གི་མི་
རྣམས་ཀྱང་སྨྱོ་བར་བྱེད་སྲིད།
    
      ཁྱིམ་གྱི་དྲོད་ཁོལ་མ་རེག་པའི་ར་ལོ།
     ཕ་མ་ནི་འཇིག་རྟེན་གྱི་ཆེས་ཐོག་མའི་དགེ་རྒན་ཡིན་ལ། ཕ་མའི་ཀུན་སྤྱོད་ཀྱིས་བྱིས་པའི་གཤིས་རྒྱུད་ལ་ཤུགས་རྐྱེན་ཟབ་མོ་
ཐེབས་སྲིད་དེ། བྱིས་པ་ཞིག་བདེ་ཐང་ངང་འཚར་ལོངས་བྱུང་བར་གཏན་འཇགས་ཀྱི་ཁྱིམ་གཞི་དྲོན་མོ་ཞིག་ངེས་བར་མཁོ་བས་
ཕ་མའི་བྱམས་བརྩེ་དང་བྲལ་ཚེ་ལྗང་མྱུག་ཉི་འོད་ལས་བྲལ་བ་དང་ཀུན་ནས་མཚུངས་ཤིང༌། ཕ་མ་ནི་ཁྱིམ་གཞི་གང་དེའི་གདུང་
འདེགས་ཀྱི་ཀ་བ་ལྟ་བུ་ཡིན་ལ་བྱིས་པའི་སེམས་ཀྱི་བརྟེན་སོ་དང་བརྟན་བརྗིད་ཀྱི་རྒྱབ་རི་ལྟ་བུའང་ཡིན་པས་མི་བུ་སུ་ཞིག་
དཀའ་ཁག་ལ་འཕྲད་པའི་སྐབས་སུ་ཆེས་ཐོག་མར་ཡིད་ལ་དྲན་པའང་ཕ་མ་ཡིན། ནམ་ཞིག་ཁྱོད་རང་ཕ་མར་གྱུར་བའི་སྐབས་
ནས་བཟུང་ཁྱོད་ལ་རང་གི་བྱིས་པ་གཉོར་སྐྱོང་གི་འགན་ཁུར་ཡོད་ནའང་བྱིས་པའི་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་དབང་ཆ་
གཏན་ནས་མེད་ཅིང་དེ་ཁྱོད་ ཀྱིས་ཤ་ལས་ཆད་པའི་བུ་ཕྲུག་ཡིན་ཡང་སྤྱི་ཚོགས་ཀྱི་གྲུབ་རྒྱུ་གལ་ཆེན་ཞིག་ཀྱང་ཡིན་པས་གསོ་
འདོད་ཚེ་གསོ་རྒྱུ་དང་་འདོད་ཚེ་གཡུགས་ཆོག་པ་ཞིག་ཀྱང་གཏན་ནས་མིན།
     ཕ་མས་རང་གི་བུ་ཕྲུག་ལ་ཤ་ཚ་བ་ལས་ཀྱང་ཤ་ཚ་ཤེས་རྒྱུ་གལ་ཆེ་ཞེས་པ་ནི་དོན་ལ་གནས་བའི་གཏམ་མོ།། ཡིན་ན་ཡང༌། སྐྱེས་
པ་ཉིད་ནས་དྭ་ཕྲུག་ཏུ་ལུས་པའི་ར་ལོ་ལ་མཚོན་ན། རང་གི་ཨ་ཕ་སུ་ཡིན་ཤེས་རྒྱུ་ནི་སེམས་ཀྱི་གཏིང་རིམ་དུ་མྱུལ་བའི་དྲི་རྟགས་
ཆེན་པོ་ཞིག་ཡིན་པ་དང་རང་གི་ཨ་ཕ་ཤེས་འདོད་ཀྱི་འདུན་པ་མེ་རི་བཞིན་འཇགས་ཐབས་བྲལ་བ་ཞིག་ཡིན་ཡིན་པས་དོན་ངོ་
མར་རང་གི་ཨ་ཕ་སུ་ཡིན་ཤེས་རྒྱུའི་དབང་ཆ་མི་བུ་སུ་ལའང་ཡོད་མོད༌། དོན་དེ་གླེང་ཐེངས་རེར་ར་ལོའི་འགྲམ་ལྕག་ཚ་བོ་རེ་
མྱོང་བའང་རང་གི་ཨ་མས་ཐལ་སྤྱོད་ཀྱི་མཇུག་འབྲས་ཏེ་ཕ་ངེས་བཟུང་མེད་པས་ལན་པ་རེད། དམིགས་ཡུལ་དང་གྲྭ་སྒྲིག་ཅི་
ཡང་མེད་པར་རང་ཉིད་ཀྱི་ཆགས་སྤྱོད་ཟློག་མ་ནུས་པར་མི་འདོད་བཞིན་དུ་བཙས་བའི་ར་ལོའི་ཨ་མར་མཚོན་ན་དེ་ནི་འགྱོད་
གདུང་གི་ན་ཟུག་ཆེན་པོ་ཞིག་ཡིན་ནའང་རང་ཁོ་ནའི་འཚོ་ཐབས་དང་འཇིག་རྟེན་སྣང་བའི་ཆེད་དུ་བུ་ཕྲུག་གི་ཡོད་ཚད་རྩིས་
མེད་དུ་བོར་སྟེ་རང་དང་འབྲེལ་བ་ཅི་ཡང་མེད་པའི་སྐྱེས་པ་ཞིག་ལ་ཨ་ཕར་འབོད་དགོས་པའི་རེ་བ་བཏོན་ཡང་ར་ལོས་
འབོད་འདོད་མ་བྱུང་བ་ནི་ར་ལོའི་རྒྱུན་ལྡན་གྱི་སེམས་ཁམས་མངོན་སྟངས་ཤིག་གམ་འཇིག་རྟེན་གྱི་མི་གཞན་དག་དང་འདྲ་
བར་རང་བཀུར་གྱི་འདུ་ཤེས་མཁྲེགས་པའི་སྤྱོད་སྟངས་ཤིག་ཡིན་ཡང་མ་བུའི་འབྲེལ་བ་དཔང་བཞག་གིས་བཙན་གྱིས་སྐུལ་བ་
ནི་འཇིག་རྟེན་མ་ཡུམ་གྱི་སྤྱོད་ཚུལ་ལས་རིང་དུ་འགོངས་བ་ཞིག་མ་ཡིན་ནམ།
     ར་ལོས་བྱིས་པ་བསམ་མེད་ཅིག་གི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྱིམ་གཞི་འདི་ལ་ཞབས་ཞུ་གང་ལེགས་སྒྲུབ་ཀྱང་ལས་
རོགས་མེད་པའི་ལས་དགྲ་རུ་སེམས་པའི་ཕ་གཡར་གྱི་སེམས་ཁོང་ན་ཁོ་ནི་དུས་ནམ་ཡང་ཕུང་གསུམ་པ་ཞིག་དང་སྡུག་གསེང་གི་
ལན་ཆགས་སུ་སྙམ་པའི་ཨ་མའི་སེམས་ཁོང་ན་ཁོ་ནི་རང་གི་བྱས་འབྲས་ཀྱི་གསང་བ་བརྟོལ་བྱེད་ཀྱི་རྔ་མ་ཞིག་གམ་བརྩེ་དུང་གི་
བཀག་རྡོ་ཞིག་ཏུ་གྲུབ་ཕྱིར་དེ་འདྲའི་འཚོ་བའི་གནོན་ཤུགས་འོག་གི་ལོ་ན་ཆུང་བའི་ར་ལོར་མཚོན་ན་སློབ་གྲྭ་ནི་ཞི་ འཇམ་གྱི་
ཁྱིམ་གཞི་ཞིག་གམ་འདུ་ལོང་གི་རྩེད་ར་ནང་བཞིན་སྤྲོ་བས་འཇུག་འདོད་ལ་རང་དབང་ཐར་ལམ་ཉག་གཅིག་ཀྱང་རེད།
 
     སློབ་གསོས་བློ་ཁ་མ་སྒྱུར་བའི་ར་ལོ།
     སློབ་ཆུང་གི་གནས་སྐབས་ནི་བྱིས་པ་རྣམས་ཀྱི་ཡོད་ཚད་ལ་འགྱུར་ལྡོག་གཏོང་འགོ་ཚུགས་པའི་སྐབས་དང་ཕྱིས་འབྱུང་གི་
འཚོ་བར་རྨང་འདིང་བའི་སྐབས་ཤིག་ཡིན་པས་སློབ་མའི་སེམས་ཁམས་ལ་སྤྲོ་སྣང་དང་ངར་ཤུགས་ཀྱིས་བརྟས་ཡོད་ལ། དེ་འང་
སློབ་སྦྱོང་ལ་མོས་པའི་འདུན་པ་ཁོ་ནས་བསྐྱེད་པ་མ་ཡིན་པར་གཙོ་བོ་འཚོ་བ་གསར་བ་ཞིག་གི་འགོ་བརྩམས་པ་དང་ཁྱིམ་ཚང་
དང་སློབ་གྲྭ་ཐུན་མོང་གིས་བསྐྱེད་པའི་ངར་ཤུགས་ཡིན། འོན་ཀྱང་ར་ལོར་མཚོན་ན། རིག་གནས་ཡོན་ཏན་དང་མ་འོངས་འཚོ་
བ་ཞེས་པ་ནི་གླེང་མ་མྱོང་ལ་གོ་ཡང་མ་མྱོང་བའི་ལྐོག་གྱུར་གྱི་འདྲི་གཞི་ཞིག་ཏུ་ གྱུར་ཡོད་ལ། ཐ་ན་སློབ་སྦྱོང་གི་རྣམ་འགྱུར་ཙམ་
ཡང་གཏན་ནས་ཤེས་མི་སྲིད་ལ་ལྟོགས་གྲང་གི་དཀའ་ངལ་ཁོ་ནས་མི་ཚེའི་རྒྱུན་ཐག་དཀྲིས་ཡོད་པ་རེད། བདག་མེད་དྭ་ཕྲུག་
ཅིག་ལ་མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད་དུ་བྱམས་བརྩེ་ལས་ཀྱང་གལ་ཆེ་བ་ཞིག་དང་གསེར་དངུལ་ལས་ཀྱང་བྲིན་ཆེ་བ་ཞིག་
ཡོད་པ་ནི་སྙིང་རུས་དང་ལ་རྒྱ་ཡིན་ཞིང༌། རང་དབང་དང་འདྲ་མཉམ་ཡིན། རང་ཉིད་ཁོ་ནར་བརྩི་བཀུར་བྱས་པས་མི་ཆོག་
པར་ཕ་རོལ་བའི་མི་གཤིས་དང་ཐོབ་ཐང་ལའང་བརྩི་འཇོག་བྱེད་དགོས་པ་ཡིན་ཡང་ར་ལོར་སློབ་སྦྱོང་བྱེད་དགོས་པའི་འབོད་
སྐུལ་བཏང་བ་དང་ར་ལོ་ང་རྒྱལ་སྐྱེས་ནས་རྗེས་སུ་ལུས་པ། ར་ལོར་སློབ་སྦྱོང་བྱེད་མི་འོས་པའི་ཁྲིམས་ཀྱིས་གཅུན་པས་ར་ལོ་སློབ་
བྱོལ་དུ་སོང་བ། གད་སྙིགས་ཁྲོད་ཀྱི་དུ་སྣེ་བཏུས་པའི་ར་ལོ། དགེ་རྒན་རྣམས་ཀྱི་གཡོག་པོར་གྱུར་བའི་ར་ལོ་སོགས་ར་ལོའི་སློབ་
སྦྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་དུ་དགེ་རྒན་ཚོས་གཞན་གྱི་མི་གཤིས་དང་ལ་རྒྱ་རྩིས་མེད་དུ་བོར་སྟེ་བདེ་ཐང་གི་མི་བུ་ཞིག་ལ་སྨྱོན་
པའི་གཤིས་རྒྱུད་ཆགས་སུ་བཅུག་པ་མ་གཏོགས། ར་ལོ་ཐོག་མའི་དུས་སུ་སློབ་སྦྱོང་ལ་ཧ་ཅང་བཟང་བ་དང་སྒྲིག་ལམ་བརྩི་བའི་
སློབ་མ་ཡ་ རབས་ཤིག་ཡིན་པ་ར་ལོ་སློབ་སྦྱོང་གི་མིག་དཔེར་གྱུར་མྱོང་བས་རྟོགས་ཐུབ་པ་དང༌། དགེ་རྒན་ཞིག་གི་འོས་འགན་
ནི་འདྲ་མིན་སློབ་མ་མང་བོ་བདེ་ཐང་དང་གཙང་སྤྱོད། གཤིས་བཟང་གི་ལམ་དུ་ཁྲིད་དེ་འདྲ་མཉམ་གྱི་སློབ་གསོ་མྱོང་དུ་བཅུག་
སྟེ་མ་འོངས་སྤྱི་ཚོགས་འཚོ་བར་འཇོན་ནུས་ཐོན་ཁུངས་འདོན་སྤྲོད་བྱེད་རྒྱུ་ཡིན་ཡང༌། བདག་མེད་གཉོམ་ཆུང་ཐལ་བཞིན་
དོར་ཞིང་མི་གཤིས་རྩ་འཇོམས་གཏོང་བའི་བོད་ཀྱི་སློབ་གསོ་བྱ་བའི་ཁྲོད་དུ་ར་ལོ་ལྟ་བུའི་སློབ་མ་ཅི་འདྲའི་མང་ཞིང་འཚོ་བའི་
དམིགས་འབེན་བོར་ཞིང་ཆགས་སྤྱོད་གྱི་ཞེན་ཁ་ཟློག་མ་ནུས་པའི་བོད་ཡུལ་ན་ར་ལོ་ལྟ་བུའི་དྭ་ཕྲུག་ཅི་འདྲའི་མང་ཨང༌།

      སྤྱི་ཚོགས་གྱིས་ཕྱིར་འབུད་བཏང་བའི་ར་ལོ།
      ཆུང་དུས་ཀྱི་དུས་ཚོད་ཕལ་ཆེར་སློབ་ཆུང་ནས་བསྐྱལ་བའི་ར་ལོའི་ཕྱིའི་ལུས་གཟུགས་དང་ལོ་ན་ཚོད་ཇི་ལྟར་ཆེ་རུང་ནང་
སེམས་ཀྱི་འཁོར་ཕྱོགསསྔར་བཞིན་བྱིས་བློས་སྦགས་ཡོད་པས་སྣ་མང་རྙོག་འཛིང་གི་སྤྱི་ཚོགས་འཚོ་བར་ཞུགས་ཏེ་རང་ཁ་རང་
གསོའི་ཁྱིམ་ཐབ་སྐྱོང་རྒྱུ་ནི་གྲྭ་སྒྲིག་མེད་པར་གཡུལ་ལ་ཆས་པ་དང་ཅིས་མི་མཚུངས། ཆུང་དུས་ནས་ཁེར་རྐྱང་དུ་གྱུར་བའི་ར་
ལོར་ཤ་ཉེ་རིང་ཅི་ཡང་མེད་པའི་ཁར་ཤིང་ཐུར་ཆ་གཅིག་གི་ཤུལ་རྫས་ཡང་མེད་ལ། ཐ་ན་དགའ་དུས་སྙིང་གཏམ་བཤད་ས་ཞིག་
དང་སྐྱོ་དུས་སྡུག་ཡུས་འདོན་ས་ཞིག་ཀྱང་མེད་པས་འཇིག་རྟེན་ཧྲིལ་བོ་ཁོ་དང་རྒྱབ་འགལ་དུ་གྱུར་བ་འདྲ་ཞིང༌། ཡ་ང་བའི་སྤྱི་
ཚོགས་འཚོ་བའི་ཁྲོད་དུ་ཁོ་ཉིད་མི་བུ་ལྷག་མ་ཞིག་ཏུ་གྱུར་ལ། སྣ་མང་འཚོ་བའི་མདུན་དུ་ཁོ་ཉིད་ཁེར་རྐྱང་མགོན་མེད་ཀྱི་ཉེས་
ཅན་ལྟ་བུར་གྱུར་བས་འདི་ འདྲའི་འུ་ཐུག་གི་འཚོ་བའི་མནར་གཅོད་འོག་ཏུ་གསོན་པ་ལས་འཆི་ན་དགའ་བའི་སྣང་བ་སྟེར་
ཡང༌། ཅི་ཡང་མེད་ལ་ཅི་ཡང་མི་ནུས་པའི་ར་ལོར་མཚོན་ན་རང་ཉིད་ཀྱི་ཤི་གསོན་ཡང་ཁོ་རང་ཉིད་ལ་མི་དབང་བའི་སེམས་ཁྲལ་
ལྕི།
      ར་ལོས་ཤེས་པ་ནི་ཀ་ཁའི་མགོ་རྔ་ཙམ་ཡིན་པས་འདི་ཙམ་གྱིས་རང་ཁ་གསོ་ཐུབ་པའི་ལས་ ཤིག་གང་ན་ཡོད། སྔ་འདང་
ཕྱིར་འདང་ཅི་ལྟར་རྒྱབ་རུང༌། དགོན་པ་ནི་ར་ལོས་གནས་མལ་ཉག་ཅིག་ཏུ་མཐོང༌། ར་ལོ་དགོན་པར་ཆས་པ་ནི་ཁོ་ལ་མི་བཤིག་
པའི་དད་པ་བརྟན་པོ་ཞིག་དང་ངེས་འབྱུང་སེམས་ཀྱིས་བསྐུལ་བ་ག་ལ་ཡིན་ཡང༌། བདག་གིས་ནི་ར་ལོ་ལ་སྐྱོན་འཛུགས་དང་
དགག་བཞག་ཡེ་ནས་བྱེད་མ་ཐུབ། རྒྱུ་མཚན་ནི། འཚོ་བའི་འཇིགས་ཉེན་ལ་འཕྲད་པའི་མི་བུ་དག་གནས་འཇིག་གི་གནད་འགག་
ལ་ཐུག་དུས་ནམ་ཡིན་ཡང་གསོན་པ་ལ་རེ་བས་སོ།། མ་ཟད། བོད་གྱི་གྲྭ་བ་སྟོང་ཕྲག་མང་བོའི་ཁྲོད་ན་བསྟན་པའི་ངང་ཚུལ་ཤེས་
ནས་སྟོན་པ་ལ་ཡིད་ཆེས་རྙེད་པས་རབ་ཏུ་བྱུང་བ་ཡོད་སྲིད་ཀྱང༌། འཇིག་རྟེན་འཚོ་བའི་ཁྲོད་དུ་བརྩེ་དུང་ལ་ཕམ་ཁ་བྱུང་བ་དང༌།
ཁྱིམ་ཚང་གི་གནས་ཚུལ་ཐབས་རྡུགས་སུ་གྱུར་བ། དབང་བོའི་ནུས་ཁྱད་ཤོར་བ། མི་ཤི་རྟ་འགྱེལ་བྱུང་བ་སོགས་སྐྱོ་སྡུག་གི་གཏིང་
རུམ་དུ་ལྷུང་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་སྐབས་དགོན་པར་འཚང་བའང་མི་ཉུང་བ་ཞིག་ཡོད་ངེས་པས་ར་ལོས་རབ་བྱུང་སྒྲུབ་
པ་ནི་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཡིན་པ་སྨོས་ཅི་ དགོས། ཡིན་ནའང༌། ར་ལོས་རབ་བྱུང་སྒྲུབ་པའང་ར་ལོ་སློབ་གྲྭར་འགྲིམ་པ་
ནང་བཞིན་ལང་ཚོ་སྟོང་ཟད་དང་དུས་ཚོད་ཆུད་ཟོས་སུ་བཏང་བ་ཙམ་ལས་དོན་གྱི་སྙིང་བོ་བྲལ་བ་སོགས་ངན་ཁག་ཐམས་ཅད་
ར་ལོ་གཅིག་པུར་བཀལ་ན་ཅི་ལྟར་འགྲིག

     བརྩེ་དུང་གིས་སྟོང་བསླུས་བྱས་བའི་ར་ལོ།
     འདོད་ཆགས་ནི་སེམས་ཅན་ཀུན་ཀྱི་གཤིས་རྒྱུད་ལ་ལྷན་སྐྱེས་སུ་གྲུབ་པ་ཞིག་ཡིན་ལ་དེ་འཇོམས་བྱེད་ཀྱི་རྩ་བ་ནི་ཤེས་རབ་
ཁོ་ན་ལས་མ་འདས། ཕྱི་ཚུལ་གྱི་བྱ་སྤྱོད་ཙམ་ཡང་སྒྱུར་ཏུ་མ་ནུས་པའི་ར་ལོ་སློབ་གྲྭའི་སློབ་གསོ་དང་དགོན་སྡེའི་སློབ་གསོ་གཉིས་
ཆར་འགྲིམས་ཡང་བསམ་བློ་དང་ཀུན་ སྤྱོད་གང་གི་ཐད་ནས་ཀྱང་འགྱུར་བ་སྤུ་ཙམ་མ་བྱུང་བའི་ཁར་དགེ་རྒན་དང་སློབ་
དཔོན་གང་གིས་ཀྱང་སྣང་མེད་དུ་བསྐྱུར་ཏེ་བསམ་གཞིགས་དང་རྟོགས་སད་ཀྱི་བློ་སྒོ་མ་ཕྱེས་བས་ར་ལོས་དུས་ནམ་ཡང་འཚོ་
བའི་ཕྱོགས་གཅིག་ཁོ་ན་མ་གཏོགས་མཐོང་མི་ཐུབ་པ་དང༌།དེ་ནི་ལྷན་སྐྱེས་ཀྱི་ཤེས་པར་བརྟེན་ནས་མིག་མདུན་གྱི་འཚོ་ངོས་སྣ་
གཅིག་པུ་ཉིད་ཡིན་ཕྱིར་ར་ལོའི་མཐོང་སྣང་གི་འཇིག་རྟེན་ནི་ཁ་གང་ལ་འཁོར་ན་གོམ་པ་སྤོ་རྐྱང་དང་ཟོག་ཟོབ་དང་གཡོ་སྒྱུ་
བྲལ་བའི་དྲང་རྐྱང་གི་འཇིག་རྟེན་ཞིག་ཡིན་པས་ཕ་རོལ་བའི་གཡོ་འོག་ཏུ་ཚུད་པ་ཤིན་ཏུ་སླ། ར་ལོས་སྡོམ་པ་ཤོར་བའང་ཁོས་
འཁྲིག་སྤྱོད་ཀྱི་འདོད་ཆགས་གནོན་མ་ཐུབ་པ་ཁོ་ན་མིན་པར་སློབ་དཔོན་གྱི་ཤ་ཚའི་གཏམ་དང་བྲལ་བ་རྐྱེན་བྱས་གཡོ་སྒྱུའི་དྲི་
མས་མ་གོས་པའི་ར་ལོའི་སེམས་རྒྱུད་དྲང་མོའི་མེ་ལོང་དུ་ཤར་བ་ནི་འཇིག་རྟེན་གྱི་སྐྱེས་བོ་གཞན་རྣམས་ཀྱང་རང་ཉིད་དང་
འདྲ་བར་དྲང་རྐྱང་གིས་འཚོ་བའི་ཡིད་ཆེས་ཀྱིས་མཛེས་སྡུག་ལྡན་པའི་ནོར་འཁྲུལ་ཞིག་གི་འགོ་བརྩམས་པ་རེད་ལ། ནོར་འཁྲུལ་
དེའི་ཁྲོད་དུ་ར་ལོའི་ཡིད་སེམས་གཏོད་སའི་ཡུལ་ནོར་སོང་བ་མ་གཏོགས་ར་ལོའི་ལྷག་བསམ་རྣམ་དག་གི་བརྩེ་དུང་དེ་གཏན་
ནས་ ནོར་མེད་པ་ཁ་ཚོན་བཅད་ཆོག་མོད། ར་ལོ་གློ་བུར་དུ་གཉེན་སྒྲིག་བྱས་པ་དེས་ཁོས་ཀྱང་རང་གི་ཨ་མ་ནང་བཞིན་
དམིགས་མེད་ཧོལ་རྒྱུགས་ཀྱི་གླེན་རྟགས་ཤིག་བསྟན་པ་དང་མཉམ་དུ་འབྲས་མེད་དོན་གྱིས་སྟོང་བའི་ངལ་བ་བརྒྱ་ཕྲག་གི་སྡུག་
ལས་ཤིག་གི་ས་བོན་ཡང་གཏོར་བ་རེད།

    ཁྲིམས་ཀྱི་རྒྱ་རུ་ཚུད་པའི་ར་ལོ།
    ཁྲིམས་ལུགས་ནན་ཏན་སྒོས་གཞིར་བཟུང་ནས་བལྟས་ན། ངན་པ་ལག་སྦྲེལ་གྱིས་ར་ལོ་བཙོན་དུ་བསྐྱལ་བའི་དོན་རྐྱེན་འདི་
ནི་གཉོམ་ཆུང་མི་ལ་བརྙས་བཅོས་བྱས་པ་ཞིག་སྟེ། གཉེན་སྒྲིག་ཐོ་འགོད་བྱས་ཟིན་པའི་བུད་མེད་ཅིག་གང་འདོད་ལྟར་སྐྱེས་པ་
གཞན་དང་ལུས་འབྲེལ་བྱུང་ཞིང་ཁྱིམ་ཐབ་གཅིག་ཏུ་འཛོམས་ནའང་ཁྲིམས་ལུགས་ཀྱི་རྒྱ་མའི་སྟེང་དུ་གཡོ་འགུག་བྱེད་མཁན་
ལས་གནོད་པ་མྱོང་མཁན་གྱི་ཉེས་པ་ལྕི་བར་བསྙད་དེ་བཙོན་འཇུག་བྱས་པར་བརྗོད་པ་ནི་རྩོམ་པ་པོར་ཁྲིམས་ལུགས་ཤེས་བྱའི་
ཆུ་ཚད་དམན་པའི་ཤུལ་རྗེས་ཙམ་ཞིག་འདུག་ཀྱང༌། དངོས་ཡོད་འཚོ་བའི་ཁྲོད་དུའང་མི་བདག་མེད་གཞན་གྱི་རྐང་འོག་དང་
བུ་རྒྱུ་མེད་ཨ་ཁུའི་གཡོག་པོར་འགྱུར་བའི་ཡ་ང་བའི་གནས་ཚུལ་མངོན་སུམ་དུ་གནས་ཡོད་པས་ཁྲིམས་ལུགས་ཀྱི་རྒྱ་མ་དེ་འང་
དེ་འདྲའི་དྲང་མོ་ཞིག་ག་ལ་འོང། མདོར་ན་བདག་འཛིན་དང་ཕན་ཁེ་ཡིས་གཏམས་པའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནུས་མེད་
གཉོམ་ཆུང་གི་མི་རྣམས་འཚོ་བས་ཁྱུར་མིད་དུ་གཏོང་སྲིད་ལ་གནས་ལུགས་དང་དྲང་བདེན་ཟེར་བའང་ཁས་ལེན་དཀའ་བའི་
ཚོད་དུ་གདའ་འོ།
    སྤྱིར་སྒྲུང་གཏམ་ནི་བློ་བཀལ་ཆོག་པའི་དངོས་དོན་འཚོ་བ་མིན་ཡང༌། དེའི་ས་བོན་དུ་གྱུར་བའི་དངོས་དོན་ཕྲན་ཚེགས་དང་
རྟོགས་བཏགས་ཀྱི་བྱུང་རིམ་ཕྲ་མོའི་བར་བར་དག་ན་བདེན་པའི་གནས་ལུགས་ཤིག་ཀྱང་ངང་གིས་བརྟོལ་བཞིན་ཡོད་པ་
བསྙོན་མེད་ཡིན། དེང་རབས་བོད་ཀྱི་དཔྱད་བརྗོད་པ་དག་གིས་ར་ལོ་ནི་རང་ཚུགས་བྲལ་ཞིང་འཚོ་བའི་བྲན་འཁོལ་དུ་གྱུར་བའི་
མི་བུ་ཐ་ཤལ་བ་དག་གི་མཚོན་བྱེད་དུ་བཀོལ་ཏེ་སྨད་པའི་མཆིལ་ཞགས་འཕེན་པར་བྲེལ་ལ་ཁོ་ཚོས་ངན་ཁག་ཡོད་ཚད་ར་ལོར་
དཀྲིས་ཏེ་དུས་རབས་ཤིག་གི་རྗེས་བསྙེགས་ཏེ་མི་དང་སྤྱི་ཚོགས་མཐུན་འཇུག་བྱེད་དགོས་བའི་འབོད་སྐུལ་བཏང་བ་ཙམ་ལས་
འཚོ་བའི་གནོན་ཤུགས་དང་མི་ཚེའི་འགལ་ཟླ། རིག་གནས་སེམས་ཁམས་སོགས་རྩ་བ་ནས་ཚོར་གྱིན་མི་འདུག་པར་མིག་མདུན་
དུ་བསྟར་བའི་ཆུ་ཐིགས་ཙམ་ལས་ར་རོས་སྦགས་པའི་མཚོ་མོ་དེ་གཏན་ནས་མཐོང་གིན་མེད་པ་རེད། མི་བུ་སུ་ཞིག་ལའང་ཐོག་
མ་ཉིད་ནས་རང་རྐྱ་འཕེར་བའི་ཚིགས་ཐུབ་ཀྱི་གཤིས་ཀ་ཞིག་མེད་པར་བཤད་ཆོག་ལ། མི་ གཤིས་ཞེས་པ་དེ་འང་མི་བུ་གང་དེ་
འཚར་ལོངས་བྱུང་སའི་ཁྱིམ་རྒྱུད་གྱི་ཁོར་ཡུག་དང་རིག་གནས་སེམས་ཁམས་ཀྱིས་བསྐྱེད་འབྲས་ཤིག་ཡིན་པས་ར་ལོར་རང་
ཚུགས་མེད་པར་བརྗོད་པ་ལས་བོད་ཀྱི་སློབ་གསོའི་ཕམ་ཁ་ཞིག་ཏུ་བཤད་ནའང་མི་འོས་པའི་ཆ་གང་ཡང་མེད་པར་འདོད་དེ།
སློབ་གསོའི་རྩ་བའི་འགན་ནུས་ནི་མི་ཡིས་ཤ་ཚུགས་དེ་ལ་མི་ཡིས་བསམ་བློ་ཆ་ཚང་ཞིག་སྤྲད་དེ་མིའི་རིགས་ཀྱི་སྤྱི་ཚོགས་སུ་བདེ་
ལེགས་ངང་མཐུན་འཇུག་བྱེད་རྒྱུ་དེ་ཡིན་པས་སོ། །
     གལ་ཏེ་བདག་གིས་ར་ལོའི་མི་ཚེ་ཧྲིལ་བོར་སྐད་ཆ་ཚིག་གཅིག་གིས་གདེང་འཇོག་གམ་སྡོམ་ཚིག་ཅིག་འཇོག་དགོས་ཚེ་ར་
ལོར་ཅི་ཁག་ཅེས་པ་དེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ར་ལོར་ཅི་ཁག

2009-02-25 མེ་འཁྱེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།