མི་རབས་ཀྱི་རབ་ཁ་དང་མི་རབས་བཞི་བ།

   གདོད་མ་ནས་བཟུང་ལོ་རྒྱུས་ཀྱི་ཆུ་བོ་མ་ཆད་བསྟར་ཆགས་སུ་མར་མར་བཞུར་ཞིང་།ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོ་དེའི་ཁྲོད་དུ་འགྲོ་བ་མི་ཡི་ཚོགས་ནི་རྟུལ་ཕོད་ཅན་དང་དཔྱོད་ཤེས་ཅན།དཔའ་མཛངས་ཅན་དང་འཇོན་ནུས་ཅན་དུ་ཆགས་ནས་མདུན་དུ་བསྐྱོད་པ་རེད་ལ།སྒེར་ཚུགས་དང་ཚོར་དཔྱོད་དོད་པོའི་སྒོས་ནས་ཡར་ཀྱང་ལངས་པ་ཡིན་པས་ན།ལོ་ངོ་སྟོང་ཕྲག་མང་པོ་ཞིག་འགོར་ཀྱང་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་འཚོལ་དཔྱད་ཞེས་གླེང་དགོས་པའམ།ཡང་ན་མ་ཆད་བསྟར་ཆགས་སུ་གསོན་པོ་གནས་པ་ཡང་ཏག་ཏག་འགྲོ་བ་མི་ཡི་རབ་ཁ་རེ་རེའི་དྲིན་དུ་ངེས་ལ།སྒལ་ཚིགས་ཅན་དང་ཤེས་སྟོབས་འཇོན་ལྡན་གྱི་སྐྱེས་བུ་རེ་རེའང་མི་རབས་ཤིག་གི་ལང་ཚོ་དང་ཚོར་དཔྱོད་ཀྱི་ངར་རྣོའི་རབ་ཁ་འདི་དག་བརྒལ་ནས་མི་རབས་གང་དེའི་སྣེ་འཛིན་ནམ་མི་རིགས་ཤིག་གི་སྲོག་བསྐྱངས་མཁན་བྱས་ཏེ་ཐོན་པ་ཞིག་ཏུ་སྙམ།ཏག་ཏག་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་དག་ལ་ཕྱིར་རྟོག་ཅིག་བྱས་པ་ཡིན་ན།དགྱ་ནག་གི་ལྔ་བཞིའི་ལས་འགུལ་དང་ནུབ་གླིང་གི་བློ་འབྱེད་ལས་འགུལ་སོགས་ཀྱང་ལང་ཚོའི་རྣམ་མཆོག་མ་ཡལ་བའི་མི་རབས་གསར་བ་དག་གི་བསམ་བློའི་ངར་ཁ་ནས་སྨིན་ཞིང་།བློ་སྤོབས་ཀྱི་གཡང་ས་ནས་བརྡར་བ་ཡིན་པ་བདེན་དུ་གྲུབ། རྒྱུ་མཚན་དེ་འདྲ་གྲུབ་ཕྱིན།འོ་སྐོར་ཚང་ཡང་ཏག་ཏག་མི་རབས་གསར་བའི་རབ་ཁ་འདི་དག་གི་འོག་ནས་མི་བུའི་འཚོ་གནས་གཅེས་འཛིན་གྱི་རིག་གནས་ཀྱི་སྡིངས་ཆ་དཀྱེལ་ཡངས་ཅན་ཞིག་བསྐྲུན་པར་འབད་རྒྱུ་ཡང་ཁ་ཚ་དགོས་གཏུག་ཏུ་སྣང་ལ།ཉེ་བའི་ལོ་ངོ་འགའ་ཤས་སྔོན་ནས་བོད་པ་ཚང་གི་འཚོ་གནས་རིག་གནས་ཀྱི་བར་སྟོང་ལམ་ཡང་ན་རྩོམ་རིག་གི་གར་སྟེགས་སུ་མི་རབས་གསར་བའི་རབ་ཁ་ཞིག་བྱེ་བྲག་ཏུ་མཚོན་ཐབས་མི་འདྲ་བའི་སྒོས་ནས་སམ་བསམ་གཞིག་གི་མིག་ངོས་མི་འདྲ་བ་རེའི་ཟུར་ནས་མངོན་གྱིན་པ་ནི་དཔྱོད་ཤེས་ཀྱི་ངོས་ནས་བལྟས་ན་འཕེལ་རྒྱས་ཤིག་དང་།ཚོར་ཤེས་ཀྱི་ངོས་ནས་བལྟས་ན་དགའ་དགོས་པ་ཞིག་ཏུ་ཟད།ཚོར་དཔྱོད་གཉིས་ལྡན་གྱི་མི་རབས་གསར་བའི་རབ་ཁ་དེ་ནི་སྐུ་ཞབས་རང་གྲོལ་གྱི་ལང་ཚོའི་རྦབ་ཆུ་མི་ཡུལ་དུ་བཀྲལ་བ་ནས་འཚོ་གནས་བློས་གཏོང་ངམ་ཐར་བ་དོན་གཉེར་གྱི་བག་ཆགས་ལ་གྱེས་ཙམ་གྱིས་བདག་ཉིད་རྨང་ལ་བལྟ་བའི་མི་རབས་ཤིག་རབ་རིབ་མག་མོག་ཏུ་ཐོན།རབ་ཁ་དེ་རུ་དམ་པ་ལྷ་ཆོས་བསྒྲུབ་བྱེད་དུ་སྙན་ངག་གོ་ཟེར་བའི་སྟོང་བ་ཉིད་དག་ལས་བརྒལ་ཏེ་སྙན་ངག་བདག་ཉིད་ཅན་གྱི་འཚོ་གནས་ལས་གྲུབ་ཅིང་།སྙན་ངག་གིས་འཚོ་གནས་ལ་ཞབས་ཏོ་བསྒྲུབ་པའི་ངེས་ཤེས་ཅིག་གིས་གཏུམས་ཡོད་པར་སྣང་མོད།གང་ལྟར་སྙན་ངག་གི་བརྗོད་དོན་མི་རུ་སྒྲུབ་ཅིང་མི་ཡི་སྤྱི་ཚོགས་ཀྱང་གཙིགས་ཆེན་དུ་བཀུར་བ་སོགས་མི་རབས་ཤིག་གི་རབ་ཁ་གྱུར་བྱེད་ཀྱི་རྒྱུ་རྐྱེན་འགའ་ཞིག་ཡོད་པ་གུས་པོས་འདོད། དེ་ནས་འདི་ནས་ཡར་བརྩིས་ན་ལོ་ངོ་༨ཙམ་གྱི་ཡར་སྔོན་སྟེ་སྤྱི་ལོ༢༠༠༥ལོའི་ཟླ༥བའི་ཚེས༣༠ཉིན་སྐུ་ཞབས་རང་གྲོལ་སོགས་ཀྱི་རབ་ཁ་ལས་ཅུང་བརྒལ་ཏེ་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་པ་ཙམ་ཆགས་པ་སྟེ།སྐུ་ཞབས་སྐྱབས་ཆེན་དང་མདའ་བཙན་པོ་ཁྲི་སེམས་དཔལ་སོགས་གཞོན་སྐྱེས་སྙན་ངག་པ་འགས་ལོ་ཚད་དང་བསམ་བློ་སོགས་ཟུར་ཁ་མི་འདྲ་བ་འགའ་གནད་དུ་བཟུང་ནས་གྲུབ་པའི་ཚོགས་སྤྱི་ཞིག་བསྐྲུན་པ་ཡིན་ལ།ཚོགས་སྤྱི་དེའི་མིང་བྱང་དུ་མི་རབས་གསུམ་པ་ཞེས་བཏགས་ཅིང་།མི་རབས་གསུམ་པའི་དམིགས་དོན་ཡང་རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུས་རྒྱུ་དེ་རེད་སྙམ།ལྟོས་བཅས་ཀྱིས་བཤད་ན་སྙན་ངག་མེ་ལོང་མའི་བསྟོད་རྩོམ་རིང་ལུགས་དག་གམ་ལང་ཚོའི་རྦབ་ཆུ་ལྟ་བུའི་སྐས་ཐེམ་ལས་ཅུང་ཟུར་དུ་བུད་པ་ནི་སྐྱབས་ཆེན་གྱི་༼གླུ་སྐད་སྐྱ་བོ༽དང་རེ་རྐང་གླིང་གི་༼སྨད་འཚོང་མ་སངས་རྒྱས་འཚོ༽མདའ་བཙན་པོའི་༼མཇེའི་སྙན་ངག༽སོགས་ནས་ཚགས་དེབ་དང་དྲ་བ་སོགས་གང་གི་ཆ་ནས་ཀྱང་སྤྱི་ཚོགས་དང་ཉེ་བར་བཅར་བའི་རྩོམ་རིག་གི་སྡིངས་ཆ་ཞིག་བསྐྲུན་དུ་ཡོད་པ་རེད་ལ།ཁོ་བ་ཅག་གི་རྩོམ་གཤིས་ལའང་བོད་རང་གི་རིག་གནས་ཆིག་རྐྱང་བའི་སྣང་ཚུལ་ལས་ཅུང་འཆིང་གྲོལ་གྱི་ཆ་འདུག་ལ།ཕྱི་ཕྱོགས་རྩོམ་རིག་ཚུར་ལེན་གྱི་ཆའང་ཡོད་པ་སྣང་བ་སྟེ།དཔེར་ན།རིག་གནས་རྙིང་གཏུམས་ཀྱི་གཞུང་ལུགས་ཀྱི་ཁྱབ་ཁོངས་དག་ལ་གྱེས་བརྡ་གཏོང་མཁན་ནམ།ལང་ཚོའི་བློ་སྤོབས་འབར་བའི་གཞོན་སྐྱེས་སྙན་ངག་པའི་རབ་ཁ་ནས་དགྱ་ནག་གི་རིག་གནས་སྣང་བརྙན་གྱི་གས་ཁ་དག་ལ་སྨྱོན་གར་རིང་ལུགས་ཀྱི་དགག་བསྒྲུབ་མཛད་པ་སོགས་དགྱ་ནག་གི་རུལ་སུངས་ལྷོད་འཁུམ་གྱི་འཚོ་གནས་རིག་གནས་ཀྱི་བར་སྟོང་དག་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་མཱང་ཁུ༼芒克༽དང་ལིང་ཞའོ་པིན༼梁小斌༽ཀུའུ་ཁྲིན༼顾城༽ཧེ་ཙི༼海子༽སོགས་སམ་ནུབ་གླིང་གི་ཨེའེ་ལུའེ་ཐའེ་ཡི་སྙན་ངག་རིང་མོ་དང་མའོ་ཞི་ཁོ་ཡི་སྙན་ངག་པ་ཕ་ས་སོགས་མི་རིགས་དང་རྒྱལ་ཁབ་གཞན་དག་གི་སྙན་ངག་འབྲི་ཐབས་སོགས་ནས་ཀྱང་ཤན་ཞུགས་མི་ཉུང་བ་ཞིག་ཐེབས་འདུག་མོད།ལྟོས་བཅས་སུ་མི་རབས་གསུམ་པར་སྙན་ངག་གཙོས་བྱས་བསྒྱུར་རྩོམ་དང་སྒྲུང་རྩོམ་སོགས་སྒེར་ཚུགས་དོད་པོ་ཅན་གྱི་བརྩམས་ཆོས་ཐོད་བརྒལ་བ་འགའ་ཡོད་ལ།ཁོ་བ་ཅག་གི་ངར་ལ་སྦྲེལ་བའི་རབ་ཁ་འདིས་བག་ལ་ཉལ་བའི་བོད་ཀྱི་རྩོམ་སྟེགས་ལ་ཚ་རླབས་འཁྱོར་པོ་ཞིག་ཀྱང་བསྐྲུན་སོང་ཞེས་བཤད་ཆོག་པར་སྣང་། དེ་ལྟར་སྐུ་ཞབས་རང་གྲོལ་སོགས་ནས་མི་རབས་གསུམ་པ་སོགས་རབ་ཁ་མི་འདྲ་བ་དག་གླེང་སློང་དུ་བཞག་སྟེ་མདོར་ན་བརྗོད་དོན་དུ་བཤད་འདོད་པ་ནི་ཉེ་སྔོན་མི་རབས་གསུམ་པ་ལ་ལྟོས་ཏེ་གྲུབ་པའི་མི་རབས་བཞི་བ་ཞེས་པའི་སྙན་ངག་གི་དཔུང་སྡེ་འདི་ཡིན། མི་རབས་བཞི་བ་ནི་མི་རབས་གསུམ་པ་ལ་ལྟོས་ན་ལོ་ཚོད་སོགས་ཅུང་གཞོན་པའི་གསར་བུ་སྐོར་ཞིག་གིས་གྲུབ་པ་ཞིག་ཡིན་ཅིང་།དེ་རུ་སློབ་ཆེན་སློབ་མ་དང་མཐོ་འབྲིང་སློབ་མ་སྤྱི་ཚོགས་ཀྱི་ལས་རིགས་སུ་ཞུགས་པའི་གསར་བུ་འགའ་སྟེ།ཐོག་མར་ནུབ་བྱང་ཚང་གི་གསར་བུ་དགེ་ཆོས་དང་ཀེའུ་སོགས་ཀྱིས་འགོ་བྱས་ནས་གྲུབ་པ་ཡིན་པར་སྣང་ལ།༼འདི་ནི་གོ་ཐོས་ཙམ་ལས་ཟླ་ཚེས་ནམ་ཞིག་ལ་གང་ཟག་སུ་ཞིག་གིས་རྩ་འཛུགས་བྱས་པ་གསལ་པོ་ཞིག་མ་ཤེས་ཐལ།དེ་རིང་གུས་པོས་གླེང་འདོད་པའང་དེའི་རིགས་མ་ཡིན་ཕྱིན་འདིར་ཚིག་གི་ལུད་པ་སྤུངས་བའི་ངལ་བ་མི་ཟད་དོ༽མི་རབས་ཀྱི་རབ་ཁ་འདི་ནི་རབ་ཁ་གོང་མ་དག་དང་བསྡུར་ན་ངེས་པར་དུ་མི་འདྲ་བའི་ཁྱད་དམ་མི་བསྟུན་པའི་མདོག་རེ་དགོས་སྟེ།དེ་མེད་པར་ལོ་ཚོད་ཙམ་གྱིས་ཆ་ནས་རབ་ཁ་འདི་དབྱེ་བ་ཡིན་ན་ནི་རབ་ཁ་འདི་རབ་ཁ་གཞན་ཞིག་ཏུ་དབྱེ་ཐུབ་པའི་རིན་ཐང་གི་མཛེས་པའམ་ཡང་ན་དབྱེ་འབྱེད་བྱེད་པའི་ས་མཚམས་ཞིག་རྦད་དེ་མི་འདུག་སྙམ་ལ།མི་རབས་ཀྱི་རབ་ཁ་འདི་ཡང་ལོ་ཚོད་ཙམ་ལས་མི་བུ་སྒེར་གྱི་བསམ་གཞིག་གཏོང་ཕྱོགས།རྩོམ་རིག་བློ་སྦྱོང་གི་ཚད་དམ་རྩོམ་རིག་ལ་མིག་ཤེས་འཛིན་སྟངས་།སྤྱི་བསམ་བློའི་ལངས་ཕྱོགས་སོགས་གང་གིས་ཆ་ནས་ཀྱང་སྔོན་མའི་སྔོན་མ་དག་ལས་བརྒལ་བའི་ཆ་ཞིག་དགོས་པར་གུས་པོས་འདོད། ཡིན་ཡང་མི་རབས་བཞི་བར་འབོད་པའི་སྙན་ངག་གི་དཔུང་སྡེ་འདི་ལ་མི་བསྟུན་པའི་ཁྱད་གཤིས་དང་མི་བསྟུན་པའི་བརྩམས་ཆོས་ཀྱང་ཧ་ཅང་ཉུང་བ་སྟེ་ཕལ་ཆེར་མེད་པས་ཚོད་དུ་གནས་༼དགེ་ཆོས་ཀྱི་རས་ཐུམ་ནང་གི་སྒྲུང་དང་འབྲོག་བུ་དཀོན་བཀྲའི་སྙན་དེབ།ཀེའུའི་དེབ་ཙམ་ནི་ཡོད་ཅིང་།དེ་དག་ནི་རབ་ཁ་མཚོན་བྱེད་ཀྱི་བརྩམས་ཆོས་སུ་འཇོག་རིན་མི་འདུག་སྙམ་པའི་སེམས་ཚོར་ཞིག་གུས་པོ་སྒེར་ལ་གཏན་གཏན་སྐྱེས་སོ།།༽།ལར་གུས་པོས་ནི་མི་རབས་བཞི་བར་གྲུབ་འབྲས་འདི་ལྟ་བུ་དགོས་དང་གྲུབ་འབྲས་མི་འདུག་ཞེས་མཐར་ཐུག་གི་དམིགས་པ་སློང་མི་འདོད་མོད།རྩོམ་རིག་ནི་གསར་གཏོད་ཀྱི་གོ་རིམ་དུ་གནས་པའམ་ཚོར་དཔྱོད་ཀྱི་རྨང་འཐུག་ས་དང་བློ་སྦྱོང་གི་གོ་རིམ་ཞིག་ནས་འཚོལ་འོས་པ་ཞིག་ཡིན་པས་ན།འཚོལ་དཔྱོད་ཀྱི་གོ་རིམ་མེད་པ་འམ་གོ་རིམ་གསོན་སྙིང་ཅན་མེད་ན་ནི་གཞན་ལས་དབྱེ་བྱེད་ཀྱི་མཛེས་པ་ཞིག་དང་རིན་ཐང་ཞིག་མི་འདུག་སྙམ། དྲང་མོ་བཤད་ན་མི་རབས་བཞི་བ་གཞི་གྲུབ་ནས་ད་ལ་ཐུག་གི་བར་ཐུན་མིན་གྱི་ཁྱད་ཆོས་ཅི་ཡང་མི་འདུག་ལ།མི་རབས་མི་བཞི་བ་མི་རབས་བཞི་བར་འགྱུར་བྱེད་ཀྱི་བརྡ་རྟགས་རབ་རིབ་ཙམ་ཡང་མི་འདུག་ཨང། ཏག་ཏག་ཉིན་འགའི་སྔོན་སྟེ་ཟླ༩པའི་ཚེས་༡༣ཉིན་མི་རབས་བཞི་བའི་འདུ་འཛོམས་བགྲོ་གླེང་ཞིག་འདུག་པ་དྲ་ཐོག་ནས་མཐོང་བྱུང་ལ།འདུ་འཛོམས་བགྲོ་གླེང་དེའི་གསར་བསྒྲགས་སུ་ཁོ་བ་ཅག་གིས་དབེན་སིམ་གྱི་མཛེས་པར་འཐམ་གིན་པ་སྟེ།མི་རབས་བཞི་པ་དྲ་ཐོག་དང་དུས་དེབ་སོགས་རིག་གནས་དང་ཚ་རླབས་གང་གི་སྡིངས་ཆ་རུ་ཐོན་མེད་པའི་རྐྱེན་ཡང་ཁོ་བ་ཅག་གིས་ཁ་ཁུ་སིམ་མེར་སྙན་ངག་འབྲི་རྒྱུ་ནི་དབེན་པའི་མཛེས་པ་འཚོལ་སྟངས་ཤིག་གམ་བདེ་བ་སྒོམ་སྟངས་ཤིག་ཏུ་བལྟས་པ་ནས་མི་རབས་བཞི་བའི་སྙན་ངག་འབྲི་མཁན་ཚོར་མྱི་སྐད་མེད་སོང་བ་རེད་ལ།མ་ཟད་བསམ་གཞིག་ཞིག་བཏང་བ་ཡིན་ན་མི་རབས་བཞི་བའི་སྙན་ངག་མཁན་སུ་ཞིག་གིས་དབེན་སིམ་གྱི་མཛེས་པ་བསྒོམ་པའི་སྙན་ངག་ཅིག་བྲིས་ཡོད་སྙམ་ཡོད་པའི་དོགས་པ་ཅིག་གིས་ང་རང་གཏན་གཏན་མནར་ཡོང་།བསམ་གྱིན་བསམ་གྱིན་མི་རབས་བཞི་བས་གཡོ་ཟུར་ལ་བུད་འདོད་ཀྱི་ས་མིག་ཅིག་འཚོལ་གྱིན་འདུག་ལ།ས་མིག་དེ་ཡང་ཁ་གཡར་ས་ཙམ་དུ་ཟད། བྲིས་བྲིས་ནས་མཚམས་འདིར་ཐོན་དུས་ང་ལ་རྩོམ་རིག་གཙང་རྐྱང་གི་སྡིངས་ཆ་འདི་རུ་མི་རབས་བཞི་བ་ཟེར་བ་ཞིག་ཡོད་མེད་ལ་དོགས་པ་སྐྱེས་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་ཀྱི་རབ་ཁ་དང་མི་རབས་བཞི་བ།

2013-12-09 རྣོ་ངར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།