《ལོ་བརྒྱའི་ཁེར་ཧྲེང》ཞེས་པའི་མཚར་སྒྲུང་བཀླགས་པ།

           གཅིག  རྩོམ་པ་པོ་ངོ་སྤྲོད།
  མཚར་སྒྲུང་མཁན་པོ་རྒ་ཞི་ཡ་མར་ཁེ་ཟི(Gabdel Garcia Marquez)མཆོག་ནི་ཁོ་ལོམ་པི་ཡའི་མིང་དུ་གྲགས་པའི་བརྩམས་སྒྲུང་འབྲི་མཁན་དང་ཐོལ་རྩོམ་འབྲི་མཁན་ཡིན་པར་མ་ཟད། གསར་འགྱུར་དང་གློག་བརྙན་གྱི་བྱ་བར་འཇུས་མྱོང་མཁན་ཞིག་ཀྱང་ཡིན། རྩོམ་པོ་ཁོང་ནི་1927ལོའི་ཟླ3པའི་ཚེས6ཉིན་ཁོ་ལོམ་པི་ཡའི་མངའ་ཁོངས་ཀྱི་ཅཱ་ལི་པེ་མཚོ་འགྲམ་དུ་ཆགས་པའི་ཨ་ཁཱ་ལ་ཐི་ཁཱ་ཞེས་པའི་གྲོང་རྡལ་དུ་སྐུ་བལྟམས། ལོ་ངོ་བརྒྱད་ལ་མ་བུད་པའི་ཡར་སྔོན་དུ་རྩོམ་པོ་ཁོང་སྤོ་བོའི་ཁྱིམ་དུ་གཏན་སྡོད་བྱས་པ་རེད། ཁོང་གི་སྤོ་བོ་ནི་སྙིང་རྗེ་ཆེ་ལ་ངང་རྒྱུད་བརྟན་ཞིང་བསམ་བློ་གུ་ཡངས་མོ་ཅན་གྱི་མི་ཞིག་ཡིན་པ་དང་། ཁོང་གི་རྨོ་མོ་ནི་མཚར་སྒྲུང་བཤད་པར་ཤིན་ཏུ་མཁས་པས། རྨོ་མོས་རྒྱུན་པར་བྱིས་དུས་ཀྱི་རྩོམ་པོ་ཁོང་ལ་འདྲེ་དང་འབྲེལ་བའི་མཚར་སྒྲུང་གང་མང་བཤད་པ་དེ་ནི་ཕྱིས་ཀྱི་ཁོའི་སྒྱུ་འཕྲུལ་ལུགས་ཀྱི་གྲགས་རྩོམ་དེའི་ཚོར་བའི་ཕབ་རྩི་དང་གཏམ་སྦྱོར་སྤེལ་སྟངས་ཀྱི་རུལ་རྩི་ལྟ་བུར་གྱུར་བར་མ་ཟད། འཛམ་གླིང་རྩོམ་རིག་རླབས་རྒྱུན་ཁྲོད་ཀྱི་ཡན་གར་བའི་གྲུབ་མཐའ་དེ་མི་ཡུལ་ནས་འཕྱུར་ཐུབ་པའི་ནང་གནས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་ཡང་གྱུར་བ་རེད། རྩོམ་པོ་ཁོང་ཉིད་ཆུང་དུས་ནས་རྩོམ་རིག་དང་གསར་རྩོམ་ལ་ཐུགས་མཉེས་ཆེན་པོ་ཡོད་པས། འཛམ་གླིང་རྩོམ་རིག་གི་གྲགས་རྩོམ་ཇི་སྙེད་ཅིག་བཀླགས་པ་ན་གཞི་ནས་རྩོམ་རིག་གི་རྒྱུན་ཤེས་སུ་གྱུར་བའི་འཚོ་བཅུད་གྱ་ནོམ་པ་ཞིག་རང་རྒྱུད་དུ་བསྡུ་ལེན་བྱེད་ཐུབ་སོང་བ་རེད།
   ཁེར་ཧྲེང་གི་སྐུད་རྒྱུན་དེས་ཐོག་མཐའ་བར་དུ<<ལོ་བརྒྱའི་ཁེར་ཧྲེང་>>གི་སྒྲུང་གཏམ་ཁྲོད་མངོན་པའི་ཁྱིམ་རྒྱུད་དེའི་ལོ་རྒྱུས་ཧྲིལ་བོ་སྐུད་སྣེ་གཅིག་ལ་དམ་པོར་སྦྲེལ་ནས་ཡོད། བརྩམས་སྒྲུང་འདིས་པི་ཨིན་ཏི་ཡ་ཞེས་པའི་ཁྱིམ་རྒྱུད་ཀྱི་མི་རབས་བདུན་ལྷག་གི་འཕེལ་འགྲིབ་དང་ཡང་ན་མཱ་སུང་ཏོ་གྲོང་རྡལ་གྱི་དར་བ་ནས་རྒུད་པའི་བར་གྱི་གོ་རིམ་ཆ་ཚང་བྲིས་པ་བརྒྱུད། ཁོ་ལོམ་པི་ཡ་དང་ཡང་ན་དེ་ལས་ཕན་གྱི་ལ་ཏིང་མེ་གླིང་ཧྲིལ་བོའི་ལོ་རྒྱུས་ཀྱི་རིམ་འགྱུར་དང་དངོས་ཡོད་འཚོ་གནས་བཅས་གཏིང་ཟབ་ཅིང་འཐུས་སྒོ་ཚང་བའི་ངང་མངོན་པར་མཚོན་ཡོད་པ་ཕུད། ལ་ཏིང་མེ་གླིང་སྟེང་གི་གཞིས་ཆགས་མི་རིགས་ཀྱི་རིག་གནས་ནང་སྙིང་དང་བསམ་པའི་འཁྱེར་སོ་ཅི་རིགས་གསེད་འགྲོལ་བྱས་ཁར། གདོད་ནས་མི་རིགས་དེའི་ཁྲག་རྩའི་སྦུབས་སུ་འཐིམས་ཡུན་རིང་བའི་ནད་རྙིང་སྟེ།ཁེར་ཧྲེང་གི་སེམས་ཁམས་དང་ཁེར་ཧྲེང་འདྲེས་མ་ཡི་བསམ་པའི་འཆར་སྒོ་དེ་ནི་ཁ་རུབ་ཀྱི་སྤྱི་ཚོགས་དེ་ཉིད་འཕེལ་རྒྱས་སུ་འགྲོ་བར་བཀག་བྱེད་པའི་ནང་རྐྱེན་གཙོ་བོ་ཡིན་པ་བསྟན་ཡོད་ལ། རྩོམ་པོ་ལོ་རྒྱུས་ཀྱི་མཐོ་ས་ནས་འགྲེང་སྟེ་ལ་ཏིང་མེ་གླིང་གི་སྐམ་ས་ཆེན་པོའི་གཞིས་ཆགས་མི་རིགས་སོ་སོའི་ལས་དབང་ལ་དོ་ཁུར་དང་བསམ་གཞིག་གཏོང་བའི་རྣམ་འགྱུར་ཡང་ཞོར་ལ་བསྟན་ཡོད།

          གཉིས། བརྩམས་སྒྲུང་གི་ནང་དོན་མདོར་བསྟན་པ།
   སྒྲུང་རིང་གྲགས་ཅན<<ལོ་བརྒྱའི་ཁེར་ཧྲེང>>གིས་པི་ཨིན་ཏི་ཡ་ཁྱིམ་རྒྱུད་དེའི་མི་རབས་བདུན་ལྷག་གི་ཁྱད་མཚར་ཉམས་འགྱུར་གྱིས་ཕྱུག་པའི་ཀྱག་ཀྱོག་གི་ལས་དབང་ཞིབ་འབྲི་བྱས་པ་དང་། ཁོ་ལོམ་པི་ཡའི་མངའ་ཁོངས་ཀྱི་མཁར་གྲོང་ཆུང་ཆུང་སྟེ་མཱ་སུང་ཏོ་ཞེས་པའི་གྲོང་རྡལ་དེ་ཉིད་ཐང་རྒོད་དང་འདམ་གཞོང་གི་ཁྲོད་གསར་དུ་ཆགས་པ་ནས་དར་བ། འཕེལ་རྒྱས་ཀྱི་རྩེ་མོར་སླེབས་པ་ནས་མཐར་རླུང་འཚུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཞིག་གིས་གྲོང་རྡལ་གྱི་ས་དང་བཅས་པ་བཀོག་སྟེ་ནམ་མཁར་དྲངས་རྗེས་ཤུལ་ཙམ་ཡང་མ་ལྷག་པའི་འདྲ་རིས་ཆེན་པོ་ཞིག་བྲིས་པ་བརྒྱུད། དུས་རབས་བཅུ་དགུ་བའི་དུས་མགོ་ནས་དུས་རབས་ཉི་ཤུ་བའི་དུས་དཀྱིལ་བར་གྱི་ལ་ཏིང་མེ་གླིང་ཧྲིལ་བོའི་ལོ་རྒྱུས་ཀྱི་རིམ་འགྱུར་དང་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་དེ་རྗེན་པར་མཚོན་ཐུབ་ཡོད། མཱ་སུང་ཏོ་གྲོང་རྡལ་ནི་ཁོ་ལོམ་པི་ཡའི་སྤྱི་ཚོགས་འཕེལ་འགྲིབ་ཀྱི་བསྡུས་གཟུགས་ཡིན་པ་མ་ཟད་ལ་ཏིང་མེ་གླིང་ཧྲིལ་བོའི་ལོ་རྒྱུས་མངོན་པར་མཚོན་ནུས་པའི་བསྡུས་གཟུགས་ཤིག་ཀྱང་ཡིན།
   བརྩམས་སྒྲུང་འདི་ནི་ཨ་ཁེ་ཏི་ཨོ་པི་ཨིན་ཏི་ཡ་དང་ཁོའི་མ་སྤུན་སྲིང་མོ་བོའུ་སོལ་ལཱ་གཉིས་གཉེན་སྒྲིག་བྱས་པ་ནས་གླེང་བསླངས་འདུག གཉེན་ཉེ་ཚང་མས་མི་ཆོས་ཀུན་སྤྱོད་དང་རྒྱབ་ཀྱིས་ཕྱོགས་པའི་གཉེན་སྒྲིག་འདི་ལ་ངོ་རྒོལ་ཚད་མེད་བྱེད་ཀྱིན་ཡོད། ངོ་རྒོལ་བྱེད་རྐྱེན་དོན་ཡང་སྔོན་ཆད་བོའུ་སོལ་ལཱའི་ཨ་ནེ་ཞིག་དང་པི་ཨིན་ཏི་ཡའི་ཁུ་བོ་ཞིག་ཕན་ཚུན་གཉེན་ཚན་དུ་གཏོགས་ཀྱང་མི་ཁར་མ་འཛེམས་པར་གཉེན་སྒྲིག་བྱས་མཐར། ཁོ་གཉིས་ལ་ཕག་གི་རྔ་མ་ཡོད་པའི་བྱིས་པ་ཞིག་སྐྱེས་མྱོང་བས་རེད། དེ་བས་བོའི་སོལ་ལཱས་ཀྱང་རང་ཉིད་ལའང་བྱིས་པ་དེ་ལྟ་བུ་ཞིག་སྐྱེས་ངེས་པར་ཁོ་མོ་དུས་རྒྱུན་སེམས་ཁྲལ་གྱིས་མནར་བཞིན་ཡོད་པར་མ་ཟད། གཉེན་སྒྲིག་བྱས་རྗེས་ཀྱི་ལོ་ངོ་གཅིག་ཙམ་གྱི་རིང་ལ་ཁོ་མོ་རང་གི་ཁྱོ་ག་པི་ཨིན་ཏི་ཡ་དང་ལྷན་དུ་ཉལ་ཁྲི་གཅིག་གི་སྟེང་ནས་ཉལ་མ་ཐུབ་པ་རེད། དོན་དག་དེ་རིམ་གྱིས་སྡེ་བའི་ནང་དུ་ཁྱབ་པ་ན། སྡེ་མི་ཚོས་པི་ཨིན་ཏི་ཡའི་ཕོ་མཚན་ལ་གནད་དོན་འདུག་ཅེས་ཁོར་མཚང་འབྲུ་དང་བསྙད་བརྐོ་འདྲ་མིན་བྱས།
   ཐེངས་ཤིག་གི་བྱ་འཛིང་འགྲན་བསྡུར་ཁྲོད་པི་ཨིན་ཏི་ཡ་ཁོའི་ཁྱིམ་མཚེས་ཏེ་མིང་ལ་ཨ་ཅུ་མོ་ཨར་ཟེར་བའི་མི་དེ་ལས་རྒྱལ་བ་ན། ཕམ་པའི་དབང་གིས་ཨ་ཅུ་མོ་ཨར་ངོ་ཚ་དང་ཁོང་ཁྲོ་དྲག་པོ་ལངས་ནས་པི་ཨིན་ཏི་ཡའི་འཁྲིག་པ་སྤྱོད་ཤེས་ཀྱིན་མི་འདུག་ཅེས་ཕ་རོལ་བོ་ངོ་ཚ་ཆེན་པོར་གཏད་པས། པི་ཨིན་ཏི་ཡས་ཁོང་ཁྲོ་གནོན་མ་ཐུབ་པར་སྐད་ཅིག་དེ་ཉིད་ལ་མདུང་རིང་ཞིག་གིས་བསྣུན་ནས་ཨ་ཅུ་མོ་ཨར་རྐྱེན་ལམ་དུ་བརྫངས་པ་རེད། དོན་རྐྱེན་དེ་བྱུང་རྗེས་བསད་ཟིན་པའི་ཨ་ཅུ་མོ་ཨར་འདྲེ་རུ་གྱུར་ནས་འདས་པོའི་རྣམ་ཤེས་ཀྱིས་དུས་ཡུན་རིང་བོར་ཁྱིམ་ཚང་དེ་ཟང་ཟིང་དུ་བཟོས་པས། འཇིགས་སྐྲག་གི་ཉེན་འོབས་དེ་ལས་གཡོལ་ཆེད། པི་ཨིན་ཏི་ཡས་ཁོའི་གཉེན་ཚན་དང་སྡེ་མི་ཚང་མ་ཁྲིད་ནས་ལོ་ངོ་གཉིས་ཙམ་གྱི་རིང་ལ་རི་ཀླུང་དང་གཙང་བོ་མང་པོ་ཞིག་བརྒལ་རྗེས། མཐར་མི་མེད་ས་སྟོང་གི་གཙང་འགྲམ་ཞིག་ནས་ཁོ་ཚོ་གཞིས་ཆགས་པ་རེད། གཙང་འགྲམ་དེར་སླེབས་པའི་དགོང་མོར་པི་ཨིན་ཏི་ཡའི་རྨི་ལམ་དུ་གཙང་འགྲམ་དེ་གར་འུར་ཟིང་གི་ཀློང་དུ་བྱིངས་པའི་གྲོང་ཁྱེར་ཆེན་པོ་ཞིག་རྔམ་བརྗིད་ཀྱིས་ཆགས་པ་རྨིས་པར་མ་ཟད། རྨི་ལམ་ཁྲོད་དུ་ཁོས་མི་རྒྱུས་མེད་ཅིག་གིས་གསལ་ལ་མི་གསལ་བའི་ངང༼མཱ་སུང་ཏོ༽ཞེས་འབོད་ཀྱིན་པའི་སྒྲ་ཡང་ཐོས་པ་རེད། དེ་རྗེས་ཁོ་སད་པ་ན་གནས་དེ་གར་གཏན་སྡོད་བྱ་རྒྱུར་སེམས་ཐག་བཅད་ནས་སྡེ་མི་ཚང་མས་འདུག་ཁང་ལས་པ་མ་ཟད། སྡེ་བའི་མིང་ལའང་མཱ་སུང་ཏོ་ཞེས་བཏགས་པ་རེད། མཱ་སུང་ཏོའི་གྲོང་རྡལ་དེ་རིམ་གྱིས་འཕེལ་རྒྱས་བྱུང་ནས་ཁོའི་ཁྱིམ་རྒྱུད་ཀྱི་མི་རབས་བདུན་གྱིས་ལོ་ངོ་བརྒྱ་ཙམ་ལ་གནས་དེ་གར་འཚོ་བ་བསྐྱལ་བ་རེད།
  ལོ་ངོ་མང་པོ་ཞིག་འདས་རྗེས་པི་ཨིན་ཏི་ཡ་གློ་བུར་དུ་སྨྱོས་པ་ན། མི་ཚོས་ཁོ་ར་སྐོར་ནང་གི་ཤིང་འབྲས་ལི་ཙིའི་སྡོང་བོ་ཞིག་གི་སྟེང་བཀྱིགས་ནས་བཞག་པ་དང་། དེ་ལྟར་ཁེར་སྡུག་མྱོང་བཞིན་དུས་རབས་ཕྱེད་ཙམ་འགྱངས་པ་ན་གཞི་ནས་ཁོའི་ཚེ་ཡི་འདུ་བྱེད་རྫོགས་པར་གྱུར། ཁོའི་ཆུང་མ་བོའི་སོལ་ལཱ་གཟུགས་གཞི་ཐང་བོ་ཡིན་པས་ལོ་ངོ་བརྒྱ་ཙམ་ལ་འཚོ་གཞེས་གནང་ཐུབ་པ་བྱུང་ལ། མོས་ཁོར་བུ་གཉིས་དང་བུ་མོ་ཞིག་ཀྱང་བཙས་པ་རེད། བུ་ཆེ་བ་ཧི་ཟེ་ཨ་ཁེ་ཏི་ཨོ་ཉིད་གནས་སྤོའི་ལམ་བར་ནས་སྐྱེས་པ་དང་།ཁོ་ནར་སོན་རྗེས་ཡུལ་ནས་བསྡད་དེ་མཐར་མོ་འདེབས་ཤེས་པའི་བུ་མོ་ཕི་ལཱ་ཐི་ནེ་ལཱ་དང་གཉེན་བསྡེབས་ནས་བུ་ཞིག་སྐྱེས་པའི་མིང་ལ་ཨ་ཁེ་ཏི་ཨོ་རུ་འབོད། ནང་འཁྲུག་གི་སྐབས་སུ་ཨ་ཁེ་ཏི་ཨོ་སྲིད་གཞུང་གི་དམག་གིས་བཟུང་ནས་མེ་མདས་སྲོག་བཅད་བཏང་།
   པི་ཨིན་ཏི་ཡའི་བུ་ཆུང་བའི་མིང་ལ་ཨོ་ལེ་ལིན་ནོ་ཟེར་ཞིང་ཁོ་ནི་མཱ་སུང་ཏོ་ནས་ཐོག་དང་པོར་སྐྱེས་པའི་བྱིས་པ་ཡིན། རྗེས་ནས་ཨོ་ལེ་ལིན་ནོ་སྲིད་གཞུང་གིས་གྲོང་རྡལ་གྱི་མགོ་གཙོར་མངགས་པའི་ཀྲིན་ཀྲང་དེའི་བུ་མོ་སྟེ།མིང་ལ་མོ་ཁི་ཐུ་ཞེས་པ་དང་གཉེན་བསྒྲིགས། གཉེན་མ་སྒྲིག་པའི་སྔ་རོལ་ཏག་ཏག་ལ་ཨོ་ལེ་ལིན་ནོ་མིང་ལ་ཕི་ལཱ་ཐི་ནེ་ལཱ་ཞེས་པའི་བུ་མོ་ཞིག་དང་ལུས་འབྲེལ་བྱུང་ལ། བུ་མོ་དེས་ཁོར་མིང་ལ་ཨོ་ལེ་ལིན་ནོ་ཧི་ཟེ་ཞེས་པའི་བུ་ཞིག་བཙས། དགོང་མོ་ཞིག་ལ་མོ་ཁི་ཐུ་ཅི་ཡིན་འདི་ཡིན་མེད་པར་གློ་བུར་རྐྱེན་ལམ་དུ་ཤོར།
   པི་ཨིན་ཏི་ཡའི་བུ་མོའི་མིང་ལ་ཨ་མ་ལན་ཐཱ་ཟེར། པི་ཨིན་ཏི་ཡ་ཁྱོ་ཤུག་གཉིས་ཀྱིས་ད་དུང་བུ་མོ་དྭ་ཕྲུག་ཅིག་གསོ་སྐྱོང་བྱས་པའི་མིང་ལ་ལཱ་ཕེད་ཁ་ཟེར་ལ། ད་དུང་བུ་མོ་དེ་ནི་ཁོ་གཉིས་ཀྱི་གཉེན་ཚན་དུ་གཏོགས་པར་ལབ་ཀྱང་། ཁོ་གཉིས་ཀྱིས་བུ་མོ་དེ་དང་འབྲེལ་བའི་གཉེན་ཚན་ཞིག་ཡོད་པར་དྲན་སོས་ཐུབ་ཀྱིན་མེད།བུ་མོ་དེར་ས་འདམ་དང་རྡོ་ཐལ་ཟ་བའི་དགའ་ཕྱོགས་ཡན་གར་བ་ཞིག་ཡོད་ལ། ནར་སོན་པ་ན་འདོད་ཐོག་ཏུ་སྨིན་པའི་བརྩེ་དུང་ཞིག་ཐོབ་མ་ཐུབ་པར། མཐར་པི་ཨིན་ཏི་ཡའི་བུ་ཆེ་བ་ཧི་ཟེ་ཨ་ཁེ་ཏི་ཨོ་དང་བཟའ་སྒྲིག་བྱས། ཁྱིམ་རྒྱུད་ཀྱི་མི་རབས་གསུམ་པར་ཨོ་ལེ་ལིན་ནོ་ཧི་ཟེ་ཕུད་ད་དུང་པི་ཨིན་ཏི་ཡའི་བུ་ཆུང་བ་ཨོ་ལེ་ལིན་ནོ་ནང་འཁྲུག་ཏུ་ཞུགས་སྐབས་བུ་མོ་ཞིག་དང་སྟེས་དབང་གིས་ལུས་འབྲེལ་བྱུང་ནས་སྐྱེས་པའི་བུ་ཞིག་ཀྱང་ཡོད།
   ཁྱིམ་རྒྱུད་ཀྱི་མི་རབས་བཞི་བ་ནི་སྲིད་གཞུང་གི་དམག་གིས་འཇུ་བཟུང་བྱས་རྗེས་མེ་མདས་སྲོག་བཅད་བཏང་བའི་བུ་ཆེ་བ་ཧི་ཟེ་ཨ་ཁེ་ཏི་ཨོ་ཡི་བུ་རབས་ཚ་རྒྱུད་ཡིན། མཛེས་སྡུག་ཡིད་འོང་གི་ཁོའི་བུ་མོའི་མིང་ལ་ཆོ་ལཱེ་རྨི་ཐེ་ཟི་ཟེར། ད་དུང་ཁོར་བུ་མཚེ་མ་གཉིས་ཡོད་ལ། དེ་གཉིས་ཀྱི་མིང་ལ་སོ་སོར་ཧི་ཟེ་ཨ་ཁེ་ཏི་ཨོ་གཉིས་པ་དང་ཨོ་ལེ་ལིན་ནོ་གཉིས་བར་འབོད། བུ་མཚེ་མ་དེ་གཉིས་ཀྱི་གཟུགས་གཞི་ཕན་ཚུན་ཧ་ཅང་འདྲ་ཆེ་བར་མ་ཟད་ད་དུང་དེ་གཉིས་ཀྱི་སྤྱོད་ལམ་ཡང་བག་མེད་བྱུང་རྒྱལ་ལྟ་བུར་གནས་པས། གཉིས་ཀས་མིང་ལ་ཁི་ཐི་ཟེར་བའི་བུ་མོ་དེ་དང་མཉམ་དུ་འཚོ་བ་བསྐྱལ།
   ཁྱིམ་རྒྱུད་འདིའི་མི་རབས་ལྔ་བ་ནི་ཚང་མ་ཨོ་ལེ་ལིན་ནོ་གཉིས་བའི་རྒྱུད་པ་ཡིན་ལ། ཁོའི་བུ་ཡི་མིང་ལ་ཧི་ཟི་ཨ་ཁེ་ཏི་ཨོ་དང་བུ་མོ་གཉིས་གའི་མིང་ལ་སོ་སོར་ལེ་ནཱ་ཐི་ལཱེ་རྨི་ཐེ་ཟི་དང་ཨ་མཱ་ལན་ཐ་བོའི་སོལ་ལཱ་རུ་འབོད། ཁྱིམ་རྒྱུད་འདིའི་མི་རབས་དྲུག་པར་བུ་གཅིག་ཡོད་ལ་དེ་ནི་ལེ་ནཱ་ཐི་ལཱེ་རྨི་ཐེ་ཟི་ཡི་བུ་ཡིན་ཞིང་མིང་ལ་ཨོ་ལེ་ལིན་ནོ་པི་ཨིན་ཏི་ཡ་ཟེར། བུ་དེ་ཁོའི་ཨ་ནེ་ཨ་མཱ་ལན་ཐ་བོའི་སོལ་ལཱ་ཟེར་བར་ཞེན་ཆགས་ནས་གཉེན་སྒྲིག་བྱས་རྗེས་མཐར་ཁོ་གཉིས་ལ་ཕག་གི་རྔ་མ་ཡོད་པའི་བྱིས་པ་ཞིག་བཙས་ལ། དེ་ནི་ཁྱིམ་རྒྱུད་འདིའི་མི་རབས་བདུན་པ་ཡིན་ལ་ཆེས་མཐའ་མཇུག་གི་མི་རབས་དེའང་ཡིན། བྱིས་པ་དེ་བཙས་མ་ཐག་ཁོའི་སྐྱེད་མ་ཁྲག་བཞུར་ཚད་ཐལ་ནས་ཤི་སོང་།
བྱིས་པ་དེ་རིང་བོ་མ་ལོན་པར་ཀོ་བ་ཞིག་ཏུ་གྱུར་འདུག ཨོ་ལེ་ལིན་ནོ་པི་ཨིན་ཏི་ཡ་ཏབ་ཅིག་སྒོར་སོང་ནས་ཕྱིར་ཁང་བའི་ནང་དུ་འོང་བ་ན།གྲོག་མའི་ཚོགས་ཀྱིས་ཁོའི་བྱིས་པ་དམར་འབྱར་གྲོག་ཚང་ཁར་འཁྱེར་ནས་ཡོངས་སུ་ཟོས་ཚར་འདུག་པ་མཐོང་། ཁོ་རང་དུས་རྒྱུན་དེ་སྔོན་ཅི་པོ་ཟད་མི་མེ་ཨར་ཅཱ་ཏི་ཟི་ཡིས་ལུག་པགས་ཀྱི་ངོར་ལེགས་སྦྱར་གྱི་སྐད་ལྟར་ཁོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཤིག་བྲིས་ཡོད་པ་དེར་ཞིབ་འཇུག་བྱེད་པར་ཤིན་ཏུ་སྤྲོ། དུས་རྒྱུན་ཡིན་ན་ཞིབ་འཇུག་ཇི་ལྟར་བྱས་ཀྱང་ཡིག་ཚགས་དེའི་གསང་བའི་མཐིལ་བརྟོལ་ཐབས་བྲལ་མོད། སྐབས་དེར་ཁོས་སྐད་ཅིག་དེ་ཉིད་ལ་ཡིག་ཚགས་དེའི་གསང་བ་རྟོགས་པ་རེད།བརྗོད་སྙིང་དུ་གྱུར་བའི་ཡི་གེ་འགའ་མངོན་པ་ནི༼ཁྱིམ་རྒྱུད་འདིའི་མི་རྒྱུད་ཐོག་མ་སྡོང་བོའི་སྟེང་དུ་བཀྱིགས་ནས་ཤི་འགྲོ་བ་དང་ཁྱིམ་རྒྱུད་ཀྱི་མི་མཐའ་མ་དེ་གྲོག་མས་ཟོས་ནས་ཤི་ངེས༽ཞེས་བྲིས་འདུག་པ་མཐོང་བ་ཐག  རླུང་འཚུབ་འུར་འུར་དུ་ལྡང་བྱུང་ལ་ཁོས་མུར་བཀླགས་པ་ན་སྐབས་དེར་མཱ་སུང་ཏོ་ལ་སྔར་གཡུག་མ་མྱོང་བའི་རླུང་འཚུབ་དྲག་པོ་ཞིག་ལྡང་ནས་ས་རྡུལ་དང་རྫ་ལེབ་ཀྱི་ཆག་གྲུམ་མང་པོས་བར་སྣང་བཀང་བས། ཁོས་དུས་ཚོད་དམ་འཛིན་གྱིས་ཤོག་ངོས་འགའ་མ་བལྟས་པར་ཕར་སློག་ནས་ཤོག་ངོས་བཅུ་གཅིག་པར་བལྟས་ཙ་ན་ད་ལྟ་བྱུང་གིན་པའི་དོན་དེ་བྲིས་ཡོད། ཕྱོགས་གཅིག་ནས་དངོས་ཡོད་ཀྱི་སྒང་ན་ཁོས་སྣང་ཚུལ་དེ་འདྲ་དངོས་སུ་མྱོང་གིན་ཡོད་ལ། ཕྱོགས་གཅིག་ཏུ་ཡིག་ཚགས་ངོར་བྱུང་གིན་པའི་སྣང་ཚུལ་དེ་ཇི་བཞིན་བྲིས་ཡོད་པས། ཁོས་ཡིག་ཚགས་དེ་ནི་ཁྱིམ་རྒྱུད་ཀྱི་མ་འོངས་ལུང་བསྟན་ཡིན་པ་ཤེས་པའི་མོད་ལ། ཁྱིམ་རྒྱུད་འདིའི་འདས་སོང་གི་དོན་བྱ་ཡོད་ཚད་ནི་དཔེར་ན་ཁོས་མེ་ལོང་ནང་དུ་འཆར་བའི་རང་གི་གཟུགས་བརྙན་ལ་བལྟ་ཞོར་རང་གིས་རང་གི་བརྙན་རིས་ལ་ཆིག་ལབ་རྒྱག་པ་དང་འདྲ་བའི་སྣང་བ་ཞིག་བཅོས་མིན་དུ་ཁོའི་སེམས་ངོར་སྐྱེས་སུ་བཅུག
   ཁོས་མྱུར་མོར་ཡིག་ཚགས་ཀྱི་མཇུག་སློག་ནས་རང་ཉིད་ཀྱི་འཆི་རྐྱེན་དང་ཡིག་ཚགས་བྲིས་པའི་ཟླ་ཚེས་ལ་བལྟ་བསམ་པ་ན། ཁོའི་སྣང་ངོ་ཞིག་ལ་ཁོས་མཇུག་གི་ཤོག་ལེ་བཀླགས་རུང་རང་ཉིད་ཁང་མིག་འདི་ལས་གོམ་གང་ཡང་བྲལ་མི་རུང་བ་ཚོར་བར་མ་ཟད། མེ་ལོང་གིས་གྲུབ་པའི་མཁར་གྲོང་དེ་བསྐལ་བའི་འཐོར་རླུང་གིས་ས་དང་བཅས་པ་བཀོག་ནས་འཁུར་འགྲོ་བར་མ་ཟད། མིའི་རིགས་ཀྱི་དྲན་ཤེས་ཁྲོད་ནས་གྲོང་རྡལ་དེའི་རྗེས་ཤུལ་ཙམ་ཡང་མི་སྣང་བར་གཏན་དུ་ནུབ་འགྲོ་བའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་པ་རེད། འདི་ལྟར་བྲིས་པ་ན་བསྐྱར་བཟློས་ཀྱིས་བསྐྱལ་བཞིན་པའི་མཱ་སུང་ཏོའི་འཚོ་བ་དེ་དང་ཆ་འདྲ་བ་ཞིག་མི་ཡུལ་དུ་བསྐལ་བ་མ་སྟོང་བར་སླར་རོལ་མི་སྲིད་པའི་ཁར། ༼ཁེར་ཧྲེང་དང་སྡུག་ཡུས་ཀྱིས་མནར་བཞིན་པའི་རིགས་རྒྱུད་དེ་ཉིད་ས་ཡི་གོ་ལ་རིལ་མོ་འདིའི་སྟེང་ནས་ཡང་བསྐྱར་མངོན་མི་སྲིད་པར་ལས་ཀྱིས་བསྐོས༽ཡོད་པ་བསྟན་ཡོད། གྲོང་རྡལ་ཤུལ་མེད་དུ་བུད་སོང་བ་དང་ལྷན་དུ་ཁྱིམ་རྒྱུད་དེ་ཡང་རྩ་སྟོངས་ལ་བུད་སོང་། དེ་ལྟར་བརྩམས་སྒྲུང་གི་མཇུག་ཀྱང་བསྡུས་འདུག་གོ

             གསུམ།    ཀློག་འགྲེལ་དང་ཞར་བྱུང་སེམས་ཚོར།
   <<ལོ་བརྒྱའི་ཁེར་ཧྲེང>>གི་ནང་དོན་ལ་རྒྱུན་ལྡན་དང་མི་འདྲ་བའི་སྣ་མང་ཕུན་ཚོགས་ཀྱི་ཆ་དང་གཏིང་ཟབ་ཉོག་ཟིང་གི་ཆ་ལྡན་པས། བླ་ན་མཐོ་བའི་བསམ་བློའི་རིན་ཐང་ལྡན་དོན་ཡང་གཤམ་གྱི་མཐོང་སྣེ་གཉིས་ན་མངོན་འདུག
ཐོག་མར<<ལོ་བརྒྱའི་ཁེར་ཧྲེང>>གི་ཁྲོད་མངོན་པའི་མཱ་སུང་ཏོ་གྲོང་རྡལ་དེ་ཆགས་པ་ནས་དར་བ། དར་བ་ནས་རྒུད་པའི་ཡུན་གྱི་ལོ་ངོ་དུ་མའི་རིང་གི་འགྱུར་ལྡོག་ཆེན་པོ་དེས་དུས་རབས་བཅུ་དགུ་བའི་དུས་མགོ་ནས་དུས་རབས་ཉི་ཤུ་བའི་དུས་དཀྱིལ་བར་གྱི་ལ་ཏིང་མེ་གླིང་ཧྲིལ་བོའི་ལོ་རྒྱུས་ཀྱི་རིམ་འགྱུར་དང་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་དེ་རྗེན་པར་མཚོན་ཐུབ་ཡོད།
   གཉིས་ནས་བརྩམས་སྒྲུང་གི་བཞེངས་སྐྲུན་བྱ་ཡུལ་དུ་གྱུར་བའི་ཁྱིམ་རྒྱུད་ཀྱི་མི་ཚང་མར་ཐུན་མོང་ལ་ཡོད་པའི་གཤིས་ཀ་ཞིག་བྲིས་ཡོད་ཅིང་། དེ་ནི་གྲོང་རྡལ་གྱི་མི་ཚང་མའི་རྒྱུད་དུ་སྔར་ནས་གྲུབ་ཚར་བའི་ཁེར་རྐྱང་དང་སུན་སྣང་། ཁེར་ཧྲེང་གི་ཚོར་བ་བཅས་ཡིན། ཁྱིམ་རྒྱུད་ཀྱི་མི་རབས་ཐོག་མ་སྟེ་ཨ་ཁེ་ཏི་ཨོ་པི་ཨིན་ཏི་ཡ་དང་ཁོའི་མ་སྤུན་སྲིང་མོ་བོའུ་སོལ་ལཱ་གཉིས་གཉེན་སྒྲིག་བྱས་རྗེས། ཁོ་རྒྱུན་པར་ཕག་གི་རྔ་མ་ཡོད་པའི་བྱིས་པ་ཞིག་སྐྱེས་པར་སྐྲག་ནས་ཆུང་མ་དང་ལྷན་དུ་མལ་ཁྲི་གཅིག་གི་སྟེང་ནས་ཉལ་ཐུབ་ཀྱིན་མེད་པར་མ་ཟད། ཁོར་ངོ་མཚང་འབྲུ་མཁན་གྱི་མི་དེ་ཁོས་མདུང་གིས་བསྣུན་ནས་བསད་ནའང་། ཤི་བོའི་རྣམ་ཤེས་འདྲེ་རུ་གྱུར་ནས་དེས་ཁོའི་འཚོ་བར་འཇིགས་སྣང་སྐུལ་མཐར། ས་ཆ་གཞན་པ་ཞིག་ལ་གནས་མི་སྤོར་ཐུ་མེད་དུ་གྱུར་བ་རེད། དེ་ལྟར་ཚེ་མཇུག་ཏུ་ཁོ་རང་སྨྱོ་ནད་ཀྱིས་ཟིན་པ་ན་ཁྱིམ་མི་ཚོས་ཁོ་ཤིང་སྡོང་ཞིག་གི་སྟེང་བཀྱིགས་ཏེ།མཐར་ཁེར་སྡུག་མྱོང་བཞིན་ཤི་སོང་བ་རེད།
   ཁྱིམ་རྒྱུད་ཀྱི་མི་རབས་གཉིས་པ་སྟེ་དམག་སྤྱི་ཨོ་ལེ་ལིན་ནོ་ཡིས་མི་ཚེ་གང་བོར་གཡུལ་འཐབ་ནས་རྒྱལ་ཁ་མང་པོ་བླངས་ཀྱང་།ཁོས་ཡང་སྙིང་སུ་ཞིག་གི་ཆེད་དུ་སྲོག་བསྡོས་བྱེད་ཀྱིན་པར་བསམ་བློ་འཁོར་ཐུབ་ཀྱིན་མེད་ལ། ལས་འཁྱུར་ངལ་གསོ་བྱས་རྗེས་ཁོས་རང་ཉིད་ཁང་བ་ཞིག་གི་ནང་བཅུག་ནས་དེ་གར་གསེར་བཞུས་ནས་ཉ་གཟུགས་བཟོས་ཏེ་ཉི་མ་འཁྱོལ་ཐབས་བྱས་པ་དང་། གསེར་ཉ་ལས་ནས་འགྲུབ་ནའང་གསེར་ལས་བྱས་པའི་ཉའི་ཕུང་བོ་ཡོངས་སུ་བཞུས་རྗེས་ཡང་བསྐྱར་ཉ་གཟུགས་གསར་བ་ལས་སྣོན་བྱས། དེ་ལྟར་བསྐྱར་བཟློས་ཀྱི་ངལ་ལས་ཁྲོད་ཁོས་རང་ཉིད་ཀྱི་སེམས་པར་ནམ་ཞར་འབྱེད་ཐབས་བྲལ་བའི་སྒོ་གཏན་ཞིག་རྒྱབ་པ་རེད།
   ཁྱིམ་རྒྱུད་ཀྱི་མི་རབས་གཉིས་པ་ཨ་མ་ལན་ཐཱ་ཡིས་གནག་སེམས་བཅངས་ནས་གཞན་གྱི་བདེ་སྐྱིད་ལ་གཏོར་བརླག་བྱས་པར་མ་ཟད། ཡ་ང་སྙིང་རྗེ་མེད་པར་རང་ཉིད་ཀྱི་གཉེན་སློང་མཁན་དང་ལེན་མ་བྱས་པར། ཁོ་མོས་ཉིན་རྒྱུན་རང་ཉིད་ལ་འཆི་ཁར་གོན་ཆོག་པའི་གྱོན་པ་ཞིག་བཟོ་བཞིན་ཁེར་རྐྱང་ངང་འཆི་བདག་གི་ཕོ་ཉ་ནམ་ཡོང་ལ་སྒུག་ནས་བསྡད་ཡོད་པ་དང་། མི་རབས་བཞི་བའི་ཁྲོད་ཀྱི་བུ་མོ་ཆོ་ལཱེ་རྨི་ཐེ་ཟི་ནི༼འཇིག་རྟེན་འདིའི་སྟེང་བྱུང་མྱོང་བའི་མི་ཞིག༽དང་རྩ་བ་ནས་འདྲ་གིན་མེད། ཁོ་མོས་དུས་རྒྱུན་ཁྲུས་གཞོང་གི་ནང་ནས་ལུས་པོ་འཁྲུད་ཞོར་དུས་ཚོད་དང་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་པར་མ་ཟད།མཐའ་མར་ཁོ་མོ་ཉལ་རས་ཤིག་ལ་འཇུས་ནས་ནམ་མཁར་འཕུར་སོང་བ་རེད།
   འདི་ལྟའི་ཁེར་རྐྱང་གི་སྤྱོད་ལམ་ངན་པ་ཁྱིམ་རྒྱུད་འདིའི་ཚེ་ཚེ་རབས་རབས་སུ་བརྒྱུད་སྤྲོད་བྱས་ཡོད་པར་མ་ཟད། སེམས་ཁམས་དེས་ཕྱི་འོང་གི་རིག་གནས་གསར་བ་དང་བྱ་དངོས་གསར་བ་དང་ལེན་བྱེད་པར་གཟུགས་མེད་ཀྱི་མཁར་གྱང་ཞིག་བསླངས་ཡོད་ལ། དེས་ཕྱི་རོལ་འཇིག་རྟེན་དང་འབྲེལ་ཐག་གཅོད་བྱེད་ཀྱིན་ཡོད། ཁེར་ཧྲེང་གི་སེམས་གཤིས་དེའི་དབང་གིས་མཱ་སུང་ཏོའི་སྡེ་མི་ཚང་མས་བསམ་བློ་ནང་འདྲེན་མི་བྱེད་པར་རང་ཉིད་ཁ་རུབ་ཅན་དུ་བསྒྱུར་ནས་ཁྱུ་བྲལ་ཁེར་སྡོད་ངང་འཚོ་བ་བསྐྱལ་དགོས་པའི་གནས་སུ་གྱར། ཁེར་ཧྲེང་གི་སེམས་ཁམས་དེས་ཁྱིམ་རྒྱུད་དེའི་མི་ཀུན་པོ་བླུན་རྨོངས་རྗེས་ལུས་དང་བག་འཁུམ་རེངས་པོར་སྒྱུར་བ་རེད། རྩོམ་པོས་ཁེར་ཧྲེང་གི་སེམས་ཁམས་དེ་ནི་ནད་ཡམས་བཞིན་ལ་ཏིང་མེ་གླིང་གི་མི་ཡོད་དོ་ཅོག་གི་བསམ་བློའི་ནང་དུ་སིམ་འཛུལ་བྱས་ཚར་ཡོད་པ་མ་ཟད། དེ་ནི་མི་རིགས་ཡར་ཐོན་དང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་བཀག་རྐྱེན་བཟོ་བའི་འདུ་ཤེས་འཛིན་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
   འདི་ལྟའི་ཁེར་རྐྱང་གི་རྩ་བ་ནི་མི་རྣམས་ཀྱིས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མ་ནུས་པར་འཚོ་བར་རེ་ཐག་ཆད་པ་དང་སྤྱི་ཚོགས་ལ་དོ་ཁུར་མི་བྱེད་པ། མིའི་འཚོ་སྡོད་ཀྱི་གནས་བབ་དང་རྒྱང་དུ་གྱེས་པ་བཅས་ཀྱིས་བསྐྲུན་པ་རེད། ཁེང་རྐྱང་གི་ནད་རྙིང་དེ་ནི་ཁྱིམ་རྒྱུད་རྒུད་བྱེད་དང་མི་རིགས་རྗེས་སུ་ལུས་བྱེད། རྒྱལ་ཁབ་འཇིག་པའི་རྩ་བ་ཡིན། བརྩམས་སྒྲུང་གི་མཇུག་ཏུ་ཁྱིམ་རྒྱུད་དེ་དང་མཱ་སུང་ཏོ་གྲོང་རྡལ་འཐོར་རླུང་དྲག་པོ་ཞིག་གིས་ནམ་མཁར་དྲངས་སོང་བ་བྲིས་ཡོད་ལ།་དེས་ཁེར་རྐྱང་གི་སེམས་ཁམས་ཀྱིས་སྤྱི་ཚོགས་རྒུད་ངེས་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པ་སྒྱུ་རྩལ་གྱི་རྣམ་པས་གཏིང་ཟབ་ངང་ཀེར་ཐུབ་ཡོད།

           བཞི།  སྒྱུ་འཕྲུལ་ལུགས་ཀྱི་མངར་ཁ་གཞིབས་པ།
   བརྩམས་སྒྲུང་འདིས་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་གྲུབ་འབྲས་བླ་ན་མཐོ་བ་བླངས་སྟེ། ཕྱིས་ཀྱི་རྩོམ་པོ་མང་པོས་ཁ་མིག་ཡར་ལྟ་བྱེད་ཡུལ་དུ་གྱུར་ཡོད་ལ།སྒྱུ་རྩལ་བློས་བསླངས་ཁྲོད་སྒྱུ་འཕྲུལ་རང་བཞིན་གྱི་འབྲི་ཐབས་བཀོལ་བ་ནི་གཙོ་སྙིང་དུ་ཆགས་འདུག བརྗོད་བྱའི་མཐོང་སྣེ་ཁོ་ན་ནས་བལྟས་ཀྱང་བརྩམས་སྒྲུང་འདིའི་མགོ་མཇུག་བར་གསུམ་དུ་འཇིགས་སྐྲག་གི་སེམས་ཁམས་ཞིག་གིས་བཏུམས་ཡོད་པར་མ་ཟད། འཇིགས་སྣང་གི་སེམས་ཁམས་དེས་ཁྱིམ་རྒྱུད་ཀྱི་མི་རབས་རེ་རེའི་བསམ་སྦྱོར་ལ་ལྡོག་ཕྱོགས་ཀྱི་ནུས་པ་འདོན་གྱིན་ཡོད། དེ་ནི་ཁྱིམ་རྒྱུད་ཀྱི་མི་རབས་དང་པོ་སྟེ་ཨ་ཁེ་ཏི་ཨོ་པི་ཨིན་ཏི་ཡ་དང་ཁོའི་མ་སྤུན་སྲིང་མོ་བོའུ་སོལ་ལཱ་གཉིས་གཉེན་སྒྲིག་བྱས་རྗེས་ཕག་གི་རྔ་མ་ཡོད་པའི་བྱིས་པ་ཞིག་བཙའ་བར་སྐྲག་གིན་པ་ནས་འཇིགས་སྣང་དེ་ཁྱིམ་རྒྱུད་ཀྱི་མི་རབས་ཚང་མར་བརྒྱུད་སྤྲོད་བྱས་པ་རེད།
   བརྩམས་སྒྲུང་འདིའི་ཆེས་ཡིད་འགུགས་ཀྱི་ཆ་ནི་གཏམ་རྒྱུད་བྱུང་རིམ་ཁྲོད་ཀྱི་སྒྱུ་འཕྲུལ་རང་བཞིན་དེ་ཡིན། གཏམ་རྒྱུད་མང་ཆེ་བ་ནི་ཁུངས་མེད་ཁྱད་མཚར་ཀྱི་ཤས་ཆེ་བས་ཀློག་མཁན་ཚོར་ཧ་ལས་ངོ་མཚར་ཆེར་བསྐྱེད་ལ།ཀློག་པའི་མོད་ལ་འཁྲུལ་སྣང་ཟ་ཟི་ཞིག་གི་ཁྲོད་ངང་ངམ་ཤུགས་ཀྱིས་དྲངས་འགྲོ་བ་དཔེར་ན། བརྩམས་སྒྲུང་ཁྲོད་ཀྱི་བྱུང་རིམ་གལ་ཆེན་ཞིག་སྟེ། ཅི་པོ་ཟད་མི་མེ་ཨར་ཅཱ་ཏི་ཟི་དང་འབྲེལ་བའི་ཁྱད་མཚར་གཏམ་རྒྱུད་དེའི་བྱུང་རིམ་ལྟ་བུ། མེ་ཨར་ཅཱ་ཏི་ཟི་དང་ཨ་ཁེ་ཏི་ཨོ་པི་ཨིན་ཏི་ཡའི་ཁྱིམ་ཚང་གཉིས་བར་འབྲེལ་བ་ཡག་པོ་ཡོད་པ་དང་མེ་ཨར་ཅཱ་ཏི་ཟི་ཡིས་པི་ཨིན་ཏི་ཡའི་ཁྱིམ་ལ་བློ་སྒོ་འབྱེད་པའི་ཤེས་བྱ་ཁྲིད་ཀྱིན་ཡོད་ལ། མེ་ཨར་ཅཱ་ཏི་ཚ་ནད་ཀྱིས་བཀྲོངས་རྗེས་བེམ་པོ་རྒྱ་མཚོའི་ནང་དུ་འཕངས་མོད། ཤི་སོང་བའི་མེ་ཨར་ཅཱ་ཏི་ཡིས་ཁེར་སྡུག་བཟོད་མ་ནུས་པར་ཕྱིར་མི་ཡུལ་དུ་འདས་ལོག་རྒྱབ་ནས་མཱ་སུང་ཏོ་གྲོང་རྡལ་ལ་ཡོང་བ་དང་། གྲོང་རྡལ་དེ་གའི་མི་ཡོངས་ཀྱི་བརྗེད་ངེས་ཚ་བའི་ནད་ལ་གསོ་བཅོས་བྱས་པ་རེད། དེ་ནས་རིང་བོ་མ་སོན་པར་ཁོ་ཡང་བསྐྱར་ཆུའི་ནང་དུ་བྱིངས་སྟེ་ཤི་བ་དང་། པི་ཨིན་ཏི་ཡ་ཁྱིམ་རྒྱུད་ཀྱིས་ཁོ་རང་དུར་འཇུག་བྱས་ནའང་། ཁོའི་རྣམ་ཤེས་རྒྱུན་པར་ཁྱིམ་རྒྱུད་དེའི་གྲུ་ཟུར་གང་རུང་ན་རྒྱུ་བཞིན་ཡོད་པར་མ་ཟད། ད་དུང་ཁྱིམ་རྒྱུད་འདིའི་ལོ་རྒྱུས་མཚོན་པའི་ལྐོག་གྱུར་གྱི་ཡིག་ཚགས་དེ་ལུག་པགས་ཀྱི་སྟེང་བྲིས་ནས་ཤུལ་བཞག་ཏུ་བསྐྱུར་བ་རེད། དེ་མིན་ད་དུང་ཉལ་རས་ལ་འཇུས་ནས་ནམ་མཁར་འཕུར་སོང་བ་དང་། མཱ་སུང་ཏོ་ལ་ལོ་ངོ་བཅུ་བཞིར་བསྟུད་མུར་ཆར་བ་བབས་པ། ཨ་མ་ལན་ཐཱས་རྒྱུན་པར་གཤིན་རྗེ་དང་ཁ་བརྡ་གློད་པ་སོགས་ལྟ་བུ་བྱུང་རིམ་མཚར་བོ་བགྲང་ལས་འདས་པ་ཡོད་མོད། འདིར་ཡིག་ཚོགས་སྐྱུངས་ཕྱིར་རེ་རེ་བཞིན་ཕྱིར་བཏོན་ནས་ཞིབ་ཚགས་ལ་མ་རྒྱབ།

《ལོ་བརྒྱའི་ཁེར་ཧྲེང་》གི་ནང་དུ་མཚོན་དོན་དང་འུད་བརྗོད་ཀྱི་སྒྱུ་ཐབས་མཚོན་ཐབས་འདི་གཉིས་པོ་རྒྱ་ཁྱབ་ཀྱིས་སྤྱད་འདུག་ལ། སྒྲུང་གཏམ་འདིའི་སྤྱོད་སྟངས་དང་རྩོམ་རིག་གི་གྲུབ་མཐའ་གཞན་པའི་སྤྱོད་སྟངས་གཉིས་རྦད་དེ་མི་འདྲ། མི་འདྲ་དོན་ཡང་། མཚོན་ཐབས་དེ་གཉིས་ཀྱི་ནང་དུ་སྒྱུ་འཕྲུལ་གྱི་ཚོན་མདངས་འདྲེས་ཡོད་པས་ཡིན། དཔེར་ན། བརྩམས་སྒྲུང་ཁྲོད་མདོག་སེར་པོ་ནི་འཆི་བ་དང་ལྟས་མི་ཡག་པའི་མཚོན་དོན་དུ་གྱུར་ཡོད་པ། ཨ་ཁེ་ཏི་ཨོ་པི་ཨིན་ཏི་ཡས་འཆི་ཁར་སྒེའུ་ཁུང་ཕྱི་རོལ་དུ་ཆར་ཟིམ་སེར་པོ་ཞིག་འབབ་ཀྱིན་པ་མཐོང་ལ། མཚན་གང་བོར་མེ་ཏོག་སེར་པོ་དྲག་ཆར་གྱི་རྒྱུན་བཞིན་གྲོང་རྡལ་གྱི་མཁའ་དབྱིངས་ནས་དལ་བ་དལ་བུར་བབ་སྟེ། སྐྱ་མདའ་བཀྱགས་པ་ན་གྲོང་རྡལ་ཧྲིལ་བོར་སེར་མདོག་གི་གོས་གདན་ཞིག་བཏིངས་པ་དང་འདྲ། དེ་མིན་ད་དུང་མཱ་སུང་ཏོའི་མི་ཀུན་པོར་གཉིད་ཡེར་བའི་རིམས་ནད་ཞིག་བྱུང་བར་མ་ཟད། ནད་དེ་བྱུང་བའི་མིས་དྲན་ཤེས་བརྟེན་མི་ཐུབ་པར་གྱུར་འགྲོ  གྲོང་མི་ཚོས་འཚོ་གནས་སྔར་བཞིན་བསྐྱལ་ཆེད་དངོས་པོ་རེ་རེའི་སྟེང་དུ་མིང་བྲིས་ནས་ངོས་འཛིན་བྱེད་པར་སྟབས་བདེ་བསྐྲུན། འདི་ལྟ་བུའི་དཔེ་བརྩམས་ཆོས་ཁྲོད་དུ་མང་པོ་ཡོད་མོད། འདིར་རེ་རེ་བཞིན་འགོད་པའི་ངལ་བ་བརྟེན་མི་དགོས་སྙམ།
   བརྩམས་སྒྲུང་འདི་བཀླགས་མྱོང་མཁན་ཞིག་ཡིན་ན་སྒྲུང་གཏམ་གྱི་དབུར་མངོན་པའི་སྐད་ཆ་དང་དེའི་བརྗོད་པ་སྤེལ་སྟངས་དེས་ཡིད་སེམས་རྨང་ནས་འཕྲོག་ཡོད་པ་གདོན་མི་ཟ། རྩོམ་པོས་ལ་ཏིང་མེ་གླིང་གི་དངོས་ཡོད་ཁེར་ཧྲེང་གི་སེམས་ཁམས་མཚོན་བྱེད་དུ་དུས་ཚོད་ཀྱི་འདུ་ཤེས་གསར་བ་ཞིག་དང་མཚོན་སྟངས་གསར་བ་ཞིག་སྤྱད་ཡོད་ལ། རྩོམ་པོའི་བསམ་པར་དྲག་ཏུ་ཤར་རྒྱུགས་བྱེད་ཀྱིན་པའི་དུས་ཚོད་ཀྱི་གཙང་བོ་གང་ལ་ཏིང་མེ་གླིང་ནས་བཞུར་མཚམས་བཞག་པར་མ་ཟད། ཡོད་ཚད་ཁ་རུབ་ཀྱི་དུས་ཚོད་འཁྱུད་མོའི་ཁྲོད་བསྐྱར་བཟློས་བྱས་པ་ཙམ་དུ་སྣང་བར་བཞེད། སྒྲུང་གཏམ་གྱི་མགོ་ཚིག་འདིས་བསླངས་ཡོད་དེ། ༼མི་ལོ་མང་པོ་ཞིག་གི་རྗེས་སུ།དམག་སྤྱི་ཨོ་ལེ་ལིན་ནོ་ཡིས་སྲོག་གཅོད་མཁན་རུ་ཁག་དེར་གདོང་གཏོད་སྐབས། ཁོས་དུས་ཡུན་རིང་པོའི་ཉིན་དེའི་ཕྱི་དྲོ་ཡིད་ལ་དྲན་ངེས་པའི་མོད་ལ། ཁོའི་ཕ་རྒན་གྱིས་ཁོ་འཁྱགས་དར་ལ་བལྟ་རུ་ཁྲིད་པའི་ཕྱི་དྲོ་དེར་དྲན་སོས་འོང་ངེས༽ཞེས་པའི་དུས་ཚོད་ཞིབ་བརྗོད་ཀྱི་འབྲི་སྟངས་འདིས་བརྩམས་ཆོས་ཧྲིལ་བོ་གདངས་དབྱངས་གཅིག་ལ་སྦྲེལ་ཡོད་པ་མ་ཟད། ལྷུག་བརྗོད་བྱེད་མཁན་དེ་དུས་ཚོད་ཀྱི་དབྱེ་མཚམས་མི་གསལ་བའི་ད་ལྟའི་དུས་ཀྱི་ངོས་ནས་འགྲེང་སྟེ། འདས་ཟིན་པའི་དུས་ཡུན་རིང་པོའི་ཉིན་དེར་དྲན་སོས་ཐུབ་པར་གྱུར་བ་རེད། ཚིག་དུམ་ཧྲིལ་བོ་གཅིག་གི་ཁྲོད་དུ་འདས་མ་ད་གསུམ་འདུས་ཡོད་པར་བྱས་ནས། དུས་ཚོད་ཀྱི་འཁྱུད་མོ་ཞིག་བཞེངས་སྐྲུན་བྱས་ཡོད། འདི་ལྟ་བུའི་དུས་ཚོད་ཀྱི་བསྐྱར་བཟློས་ཀྱིས་ལ་ཏིང་མེ་གླིང་ལ་ཁེར་ཧྲེང་གི་སེམས་ཁམས་སྐྲུན་པ་དང་། སོར་གནས་འཕེལ་མེད་ཀྱི་རང་བཞིན་ཅི་རིགས་རྗོད་པ་སྤེལ་སྟངས་འདིའི་ཁྲོད་མངོན་ཡོད་ལ།ཕྱིས་སུ་དུས་ཚོད་ཞིབ་འབྲི་བྱེད་ཐབས་འདི་ནི་ད་ལྟའི་དཔྱད་བརྗོད་པ་ཚོས་སྒྱུ་རྩལ་མཚོན་ཐབས་བཀྲ་བོ་ཞིག་དུ་བསྙད།

            ལྔ།  མཇུག་བསྡུ་བའི་གཏམ།
   བརྩམས་སྒྲུང་འདིའི་ཤན་སྟོབས་དང་ལུགས་འདིར་ཞུགས་མཁན་གྱི་རྩོམ་པོའི་གྲགས་ཚད་ལས་གསལ་བཤད་བྱས་ཡོད་པ་ནི། རྩོམ་པོ་ཁོང་ཉིད་འཛམ་གླིང་ཡོངས་ཁྱབ་འགྲོ་མིའི་སྐྱིད་སྡུག་དང་ལས་དབང་གི་མཐོ་ས་ནས་འགྲེང་སྟེ། ལ་ཏིང་མེ་གླིང་གི་མི་རིགས་རང་བཞིན་དང་འཛམ་གླིང་རང་བཞིན། སྲོལ་རྒྱུན་དང་དེང་རབས་བཅས་ཀྱི་འགལ་འབྲེལ་ལ་མཐོང་སྣེ་ཡན་གར་བ་ཞིག་དང་མིག་དབང་གསར་བ་ཞིག་གིས་བལྟ་ཐུབ་སོང་བས། ད་གཟོད་རྩོམ་པོ་ཁོང་གིས་རང་ཉིད་ལ་ཐུན་མིན་དུ་བདོག་པའི་རྩོམ་གཤིས་དང་ལ་ཏིང་མེ་གླིང་གི་དངོས་ཡོད་སྤྱི་ཚོགས་གཉིས་འོ་ཆུ་བཞིན་འདྲེས་པར་སྦྱར་ནས། དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་འབྲི་ཐབས་དེ་འཛམ་གླིང་རྩོམ་རིག་གི་ཡང་རྩེར་བསྐྱལ་ཡོད་པར་སུ་ཡིས་བསྙོན། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ལོ་བརྒྱའི་ཁེར་ཧྲེང》ཞེས་པའི་མཚར་སྒྲུང་བཀླགས་པ།

2013-07-10 སྒྲེན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།