གར་མའི་སྒེག་འགྲོས་ལ་ཤོར་བའི་སེམས་པ།

ཀྱེ་ཕུར་མཆོག་གསུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-28

  མདང་ནུབ་སློབ་གྲོགས་ཤིག་གིས་ཕྲན་ལ་སྙན་དེབ་ཅིག་རིན་མེད་གཟིགས་འབུལ་བྱས་སོང་། སྤྱིར་ན་བདག་ནི་དཔེ་དེབ་རིག་རིག་ཡོད་ཚད་ཉོ་རྒྱུར་དགའ་བའི་མིའི་གྲས་སུ་ཡོད་ལ། ཉོས་ཉོས་ཡོད་ཚད་བཀླགས་ཏེ་མཇུག་རྫོགས་མིན་རང་ཉིད་ཁོ་ནར་གསལ། དེའི་ཕྱིར་དཔེ་དེབ་ཅིག་ལག་ཏུ་སོན་པ་ནི་ཧ་ཅང་དགའ་བའི་གནས་སུ་འཁུམས་པས་དེ་མ་ཐག་ནས་དཔེ་དེབ་ཀྱི་ཕྱི་ཤུལ་ལ་ཞིབ་ལྟ་ཞིག་བྱས་པ་ཡིན། ཕྱི་ཡི་ཇུས་འགོད་ཚད་དང་རན་པའི་དཔེ་དེབ་དེ་ནི་དེང་སྐབས་ཀྱི་ན་གཞོན་སྙན་ངག་པ་འབྲོག་བུ་དཀོན་བཀྲའི་བཅད་རྩོམ་གསར་མའི་དེབ་གསར་གར་མ་ཞེས་པ་དེ་ཡིན་འདུག དེབ་གསར་དེ་སྔོན་ནས་དྲ་ཐོག་གི་མཚམས་སྦྱོར་མཐོང་སོང་ལ་དེ་རིང་དངོས་སུ་ལག་འབྱོར་ཡང་བྱུང་བས་ཅུང་དགའ་ཚོར་གྱིས་མགོ་ནས་ཞིབ་ཏུ་ཀློག་མགོ་བརྩམས་པ་ཡིན།
  དང་པོ། དཔེ་དེབ་མཚམས་སྦྱོར།
   ཤོག་ངོས་བརྒྱ་དང་སོ་བརྒྱད་དང་བཅད་རྩོམ་ལྔ་བཅུས་གྲུབ་ཡོད་ལ་ཕྱི་ཤུལ་ན་མྱོས་བུམ་སྒེག་ཅིང་ཐོར་ཅོག་མཛེས་པའི་གར་མ་ཞིག་གི་འདྲ་རིས་ཀྱིས་བརྒྱན་པ་དེས་དེབ་ཀྱི་ཕྱི་ངོས་ལ་བཀྲག་མདངས་གཞན་ཞིག་ལྐོགས་གྱུར་གྱིས་བཤམས་འདུག་ཅིང་འདོད་ལྡན་ཀློག་པ་པོ་དག་གི་སེམས་ཀྱི་ཉ་མོ་ངང་གིས་འགུག་པའི་ལྕགས་ཀྱུ་ཞིག་ཁྱོན་ནས་ཡིན་འདུག དེར་ཁྲ་ཁྲ་རིག་རིག་གི་མཛེས་རིས་ཀྱི་ཡོངས་སུ་བཀླུབས་ཏེ་ནར་མ་སོན་པའི་བྱིས་པའི་སྤྱོད་ཚུལ་ཞིག་ཕྱི་རུ་བསྟན་མེད་ལ་རྒྱ་བོད་དབྱིན་གསུམ་གྱི་ཁ་བྱང་མང་དུ་བཀོད་དེ་རྙོག་དྲ་ཡང་བཟོས་མི་འདུག་པར་ངེས་པ་དོན་གྱི་དེང་རབས་ཀྱི་གར་མ་ཞིག་གི་སྒེག་འགྲོས་དེ་སྙིང་ལ་སིམ་སོང་།
  གཉིས་པ། རྩོམ་པ་པོའི་རྒྱབ་ལྗོངས་ཀློག་པ།
  དེབ་འདིའི་རྩོམ་པ་པོ་ནི་ད་ལྟ་བདག་གནས་སའི་སློབ་གླིང་འདིའི་ཁོར་ཡུག་ནས་རིག་པའི་ཁོ་ལག་རྒྱས་པའི་སློབ་བུ་རྩོམ་དགའ་ཞིག་རེད་ལ། དེ་སྔ་བདག་སློབ་གླིང་འདིའི་རྩོམ་རིག་དུས་དེབ་རླབས་སྒྲའི་རྩོམ་སྒྲིག་པ་ཡིན་དུས་སློབ་རའི་སྙན་ངག་པའི་ཐོབ་ཐང་བསྩལ་བའི་སྙན་པ་གཉིས་ཀྱི་གཅིག་རེད།ཁོ་ནི་ད་ལྟའི་བཅད་རྩོམ་གསར་མའི་ལས་ལ་རྔུལ་ཆུ་དང་ཟུངས་ཁྲག་གཉིས་ཀས་འཇུག་གིན་པའི་གཞོན་སྐྱེས་སྙན་ངག་པ་འབྲོག་བུ་དཀོམ་བཀྲ་རེད། འདི་ནི་ཁོའི་སློབ་སྦྱོང་གི་ཞོར་ལ་སེམས་ཀྱི་གཏིང་དང་དྲན་པའི་མཐོ་ས་ནས་བཏུས་པའི་སྙན་ངག་ཅེས་པའི་ཚིག་གི་སྦྱོར་བ་སྤེལ་བའི་དེབ་ཕྲེང་གཉིས་པ་རེད།རྒྱ་ཆེའི་ཀློག་པ་པོ་དག་གིས་བོད་ཀྱི་རྩོམ་རིག་དུས་དེབ་གངས་རྒྱན་མེ་ཏོག་གཙོ་བྱས་པའི་རྩོམ་རིག་གི་གཤིན་ས་དག་ནས་ཁོའི་སྙན་ངག་གི་མེ་ཏོག་སྟེ་པདྨ་དང་ཨུཏྤལ་སོགས་ཀྱི་མཛེས་པ་ཉམས་སུ་མྱངས་ཡོད་སྲིད་ལ་དྲི་ཞིམ་གྱི་ཚོར་བ་གཞན་ཞིག་ཀྱང་བསྣམས་ཡོད་པ་གདོད་མི་ཟ།
  གསུམ་པ། སྙན་ངག་གི་ཤ་གསེང་རུས་གསེང་ལ་མྱུལ་བ།
  མདང་ནུབ་བདག་གིས་སྙན་དེབ་འདི་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན་ལ་ནང་གི་སྙན་ངག་རེ་རེའི་བརྩེ་དྲོད་ལ་སེམས་པའང་གླན་པ་ཡིན། དེབ་འདིའི་སྙན་ངག་ལྔ་བཅུ་ཐམ་པ་སྲད་བུ་གཅིག་ལ་བརྒྱུས་ནས་ཕྲེང་བསྐོར་གཅིག་ཏུ་བཅོས་ན་དེ་ནི་དམར་ཆུང་གི་བྱུ་རུ་ཏག་ཏག་མཡིན་ལ། གཟུ་དང་མུ་ཏིག་ཏག་ཏག་ཀྱང་མ་ཡིན་པར་གཡུ་དང་ཁྲ་མེན། སྤོས་ཤེལ་དང་མ་ནོ་སོགས་རྩ་ཆེའི་རྒྱན་ཆ་ཏག་ཏག་སྤྲས་པའི་གར་མ་འཕྱོར་བོ་ཞིག་ཡིན་པ་ཚོར་ཡོང་།གལ་ཏེ་དེབ་འདིའི་རྨ་ཆུའི་ཉིན་ཐོ་ལས་དུག་དང་ཚེར་མའི་ཁག་ལྟ་བུ་སུན་འབྱིན་གྱི་སྤུས་ཚད་མཐོ་ཞིང་བདེན་ངེས་ཀྱི་ཁྲག་རྩ་ལྡང་བའི་དམར་ཆུང་གི་བྱུ་རུ་ཡིན་ན། ལན་ཀྲུ་ནས་རྨ་ཆུ་དྲན་པ་ལྟ་བུ་གདུང་སེམས་ཀྱི་ན་ཟུག་ལྕི་བའི་གཟུ་ཁྲ་ཞིག་གི་རིན་དོད་ཅི་ལ་མིན། ད་དུང་ང་ནི་བོད་ཀྱི་མིག་ཆུ་ཡིན་ལྟ་བུ་སྙིང་སྟོབས་ཀྱི་དྲུག་ཞེང་བསྐྱེད་པའི་སྙ྄ན་ངག་ནི་མུ་ཏིག་དང་མུ་མེན་སོགས་ལ་ཅི་ནས་མི་རྩི་ཨང་། ཆུང་འདྲིས་རོགས་ལོ་བས་མཐའི་གྲོང་ནས་དྲན་ལྟ་བུ་གཞོན་ནུ་ཞིག་ལ་ངེས་པར་དུ་ཡོད་དགོས་པའི་བརྩེ་དུང་གི་ཤ་སྐྱི་འདྲེས་པའི་ཚོར་བ་འདིས་ཀྱང་གཡུ་ཆུང་དྲུག་དཀར་ཞིག་གི་མིག་ཟུང་ལ་ཆུ་དང་འོ་མའི་གཏམ་རྒྱུད་ཅིག་བསྐྱིལ་མི་འདུག་གམ།
  གོང་གི་འདི་དག་དཔེ་རུ་བཀོད་ནས་གླེང་འདོད་པ་ནི་རྩོམ་པ་པོའི་སེམས་ཀྱི་གཏིང་ནས་ཤག་ཤག་གིས་བཞུར་བའི་སྙན་ངག་གི་ཚིག་འགྲོས་དག་རེད་ལ་ཚིག་འགྲོས་དེ་དག་གིས་ངའི་སེམས་ཀྱི་བརྟན་པ་འཕྲོག་ནས་རྒྱང་རིང་རྒྱང་རིང་ལ་བྱེར་སོང་། སྙན་ངག་ལ་བདེན་དོན་མཁོ། སྙན་ངག་ལ་སྒྱུ་རྩལ་མཁོ། སྙན་ངག་ལ་བླ་སྲོག་མཁོ། ཚིག་གི་ཕྲེང་བ་བསྟར་ལ་བརྒྱུས་ཏེ་དོན་གྱི་སྙིང་བོ་འོད་དུ་འཚེར་བ་ནི་སྙན་ངག་རེད། འཚོ་བའི་སྒ་རྣག་ཚང་ནས་བྲུས་ཤིང་དུས་ཀྱི་ཝ་མོ་མདའ་ཡིས་བསད་པ་ནི་སྙན་ངག་རེད། སྟོབས་ཆེན་དཔོན་པོ་ཁྲི་ནས་གཡུག་སྟེ་ཉམ་ཆུང་འབངས་མི་སེམས་ཀྱིས་གཉོར་བ་ནི་སྙན་ངག་རེད། སྙན་དེབ་འདི་ལས་ངས་བདེན་པའི་བུ་ཆུང་ཞིག་གཅེར་བུར་ཕུད་དེ་ཞིབ་གཟིགས་གནང་ཐུབ་སོང་།སྙན་དེབ་འདི་ལས་ངས་འཚོ་བའི་སྒོག་ཤུན་ཞིག་ཡང་ཡང་བཤུས་ནས་འཆའ་དམུར་བྱེད་ཐུབ་སོང་།
  རྒྱ་ཆེ་བའི་ཀློག་པ་པོ་ལགས། འདི་ན་འབྲོག་བུ་ཞིག་གི་སེམས་པ་ལ་ཕྱི་ནང་མེད་པར་བཤམས་སྟོན་བྱས་འདུག འདི་ན་འབྲོག་བུ་ཞིག་གི་དོན་སྣོད་ལ་སྦ་གསང་མེད་པར་ཕྱིར་སྔོག་བྱས་འདུག ཁྱེད་ཚོས་ཀྱང་འཚོ་བ་ཞེས་པའི་འཐབ་ར་དེར་རེ་ཞིག་གྱེས་ཕྱག་ཕུལ་ཏེ། འཁོར་བ་ཞེས་པའི་འདམ་མྱགས་དེར་རེ་ཞིག་བྱིལ་དོར་བྱས་ཏེ། བྲེལ་བ་ཞེས་པའི་སྲིན་མོ་དེར་སྐབས་སུ་བདེ་མོ་ཞོག་ལ་འདི་རུ་ཤོག་དང་། འདི་ན་སྒེག་ལྡན་གར་མ་ཞིག་གི་རྟོགས་སད་ཀྱི་མྱོས་བུམ་ལྷུག་ལྷུག་གཡོ། འདི་ན་སྒེག་ལྡན་གར་མ་ཞིག་གི་བདེན་དོན་གྱི་འཕོང་ཚོས་ཡོམ་ཡོམ་འགུལ། འདི་ན་སྒེག་ལྡན་གར་མ་ཞིག་གི་ལས་འབྲས་ཀྱི་སྐེད་སྐབས་ལྕུག་ལྕུག་འདར། གར་མ་འདི་གར་སྟེགས་འདིའི་མཐོ་སར་འགྲེང་སྟེ་འཇིག་རྟེན་གྱི་ཡང་རྩེར་འབུད་ཚོད་རེད། གར་མ་འདིས་འཚོ་བ་ཡི་ནང་སྙིང་སྔོག་སྟེ་བདེན་ངེས་ཀྱི་མཚོ་མོ་བསྐྱིལ་ཚོད་རེད།
  བཞི་བ། མཇུག་མཐའི་སེམས་ཚོར།
  མདང་ནུབ་སློབ་གྲོགས་ཚོས་དེབ་གསར་འདི་སློབ་རར་བཀྲམ་པས་ད་ནངས་སློབ་རའི་དགེ་སློབ་འགའ་རེ་དེབ་འདི་ཉིས་ལྟེབས་དང་རིལ་རིལ་བཅོས་ཏེ་མཆན་ལ་བཙུར་ནས་འགྲོ་བཞིན་འདུག་ཀྱང་དེབ་འདིའི་ལེགས་ཉེས་ལ་སྐད་ཆ་ཤོད་པའི་མི་གཅིག་ཀྱང་ཐོས་མ་སོང་། དེ་བས་ཕྲན་ཡང་རྩོམ་རིག་ཅེས་པའི་ཐ་སྙད་འབྲེལ་སྦྱོར་གྱི་ལས་ལ་མོས་པའི་མི་བུ་ཞིག་ཡིན་པས་ཆ་ནས་དེབ་འདིའི་བཀླགས་ཐོ་ཙམ་གྱི་ཕྱིར་དུ་ཚིག་ཕྲེང་ཉུང་ངུ་འདི་གློག་ཀླད་ཀྱི་མཐེབ་གཞོང་སྒང་ལ་ཤར་མར་ཏུ་གཏགས་པ་ཡིན་པས་རིན་ཐང་དང་སྤུས་ཚད་ཅི་ཡང་མི་འདུག་ཀྱང་དགོངས་འགལ་མེད་པ་མཁྱེན་ཞེས་དེབ་འདིའི་རྩོམ་པ་པོ་ལ་ཕུལ་བ་ཡིན། རྗེས་སུ་ཁོམ་སྐབས་རེ་བྱུང་ཚེ་འཐུས་ཇེ་ཚང་དུ་གཏོང་འདོད་ཡོད།
                           ༢༠༡༣ ༥ ༡༥མཚན་མོར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གར་མའི་སྒེག་འགྲོས་ལ་ཤོར་བའི་སེམས་པ།

2013-06-28 ཀྱེ་ཕུར་མཆོག་གསུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།