ཁྲབ་མན་གྱི་སྙན་ངག་ཡིག་སྒྱུར་དགོངས་པ་ལས་འཕྲོས་ཏེ་བོད་ཀྱི་སྙན་ངག་ལོ་ཙཱའི་ལག་ལེན་ལ་རགས་ཙམ་དཔྱད་པ།

བཀྲ་ཤིས་བསྟན་པ།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-10

  ཁྲབ་མན་ལོ་༢༠ཙམ་ལ་ཉིའུ་ཅིང་སློབ་གྲྭ་ཆེན་མོ་ནས་ཐོན་ཏེ་ཟློས་གར་གསར་རྩོམ་གྱི་ལས་ལ་བཞུགས། རང་ཉིད་མི་ཚེ་གཅིག་རིང་ཀི་རི་སིའི་ལྷ་སྒྲུང་ཁྲོད་ཀྱི་དོ་མེད་དཔའ་བོ་ཨ་ཅ་མན་ནུ་(阿伽门农)ལྟ་བུར་དད་པས། རང་ཉིད་ཀྱིས་ཧེ་མ་ཡི་རྩོམ་ཡིག་སྒྱུར་བའི་དགོས་པ་ཡང་དེ་ལྟར་རོ། ༡༦༡༡ལོར་ཁོང་གིས་ཚེག་བར་བཅུ་བཞི་ཡི་སྙན་ངག་ཐོག་ནས་《དབྱི་རི་ཡ་ཐེ》ཆ་ཚང་འགྱུར།  ༡༦༡༦ལོར་ཡང་དཔའ་བོའི་ལོ་རྒྱུས་སྙན་ངག་〈ཨའོ་ཏེ་སེ〉ཆ་ཚང་འགྱུར་བས་སྐབས་དེར་་ཁོང་གི་འགྱུར་རྩོམ་ཡང་གོང་ཕུད་ལྟ་བུར་འགྱུར། དེ་ཡང་ཁོང་གི་ཡིག་སྒྱུར་གཞུང་ལུགས་ཀྱི་དགོངས་པ་དག་《དབྱི་རི་ཡ་ཐེ》སྒྱུར་ཡིག་གི་གླེང་བརྗོད་ལས་ཆེས་གསལ་བ་སྟེ། “ཡི་གེ་རེ་རེ་བཞིན་ཐོད་གཏུགས་ཀྱིས་སྒྱུར་བའི་སྒྱུར་པ་པོ་དེ་ཚོར་བཤད་ན་གོ་བདེ་ལ་ཐོགས་མེད་ཤར་སྐྱོད་ལྟ་བུའི་ཕ་སྐད་ཀྱི་ལམ་དེ་རྒྱ་ཆུང་དུ་གཏོང་གིན་ཡོད། དེ་ནི་ཨུ་ཚུགས་ཀྱིས་སྒྱུར་ཡིག་ལ་རྒྱན་ཆ་སྤྲོས་སུ་བཅུག་པས་མ་ཡིག་གི་རྩོམ་པ་པོ་ཡང་ངོ་གནོང་སུ་བཅུག་ཡོད། དེ་ལས་རང་དབང་གི་ཚིག་སྦྱོར་སྤྱད་དེ་གོ་བདེས་མཚོན་པར་བྱས་ན་མ་ཡིག་རྩོམ་པ་པོའི་དགོས་པ་གསལ་བར་འགྱུར། གལ་ཏེ་ཁྱེད་ཀྱིས་སྒྱུར་རྩོམ་འདི་མ་ཡིག་རྩོམ་པ་པོའི་འདོད་མོས་ལས་འགལ་འདུག་སྙམ་ན། དེ་ནི་ངས་འགྲེལ་སྒྱུར་བྱས་པའི་སྐྱོན་དུ་ཟད་”ཅེས་པའི་གླེང་བརྗོད་དག་ལས་ང་ཚོས་ཁོང་གི་ཡིག་སྒྱུར་རྩ་དོན་དག་ཕྱོགས་བསྡུས་བྱས་ཆོག་པ་སྟེ།
  ༡ སྙན་ངག་དག་སྙན་ངག་ཉིད་ཀྱིས་སྒྱུར་དགོས་ལུགས་བསྟན་པ།
   ཁྲབ་མན་གྱི་ཡིག་སྒྱུར་གཞུང་ལུགས་འདི་དང་རྒྱལ་ནང་གི་ཡིག་སྒྱུར་གཞུང་ལུགས་མཁས་པ་ཁྲེང་ཧྥང་ཝུའུ་成仿吾ཡི་ཡིག་སྒྱུར་གཞུང་ལུགས་གཉིས་ཐིགས་གཅིག་འདྲར་གནས་ཡོད།  ཁྲེང་ཧྥང་ཝུའུ་ཡིས《སྙན་ངག་ཡིག་སྒྱུར་སྐོར་གླེང་བ》ཞེས་པར་“སྙན་ངག་ཡིག་སྒྱུར་དེ་མ་གཞི་ཡིག་རིགས་གཅིག་དེ་ཡིག་རིགས་གཞན་ཞིག་ཏུ་ཕབ་པའི་ལས་དེ་ཡིན་ཡང༌། སྒྱུར་བ་དག་ངེས་པར་སྙན་ངག་ཡིན་དགོས། མི་ལ་ལས་སྙན་ངག་ཡིག་འབྲུ་རེ་རེ་བཞིན་ཞིབ་ཚགས་པོས་སྒྱུར་ཁུལ་བྱས་ཏེ། སྙན་ངག་རྩེ་དྲ་ཞིག་སྒྱུར་བར་རློམས་མོད། དེ་ནི་ཡི་གེ་སྒྱུར་བ་ཙམ་ལས་སྙན་ངག་སྒྱུར་བ་ནི་གཏན་ནས་མིན་ནོ”ཞེས་ཁྲབ་མན་གྱི་ཡིག་སྒྱུར་གཞུང་ལུགས་ལ་རྒྱས་བཤད་ཚུལ་གྱིས་ཕྱིས་སྙན་ངག་ལོ་ཙཱ་བར་གོ་བརྡ་གསལ་པོ་ཞིག་སྤྲད་འདུག་སྙམ། འོ་ན་སྙན་ངག་དེ་སྙན་ངག་ཉིད་ཀྱིས་སྒྱུར་དགོས་པའི་དགོས་པ་ཅི་ཡིན་ཞེ་ན།  དེ་ནི་སྙན་ངག་གི་གལ་ཆེའི་རང་བཞིན་ཆ་ནས་སྙན་ངག་གི་ཉམས་འགྱུར་དང་སྙན་ཆ་དབྱངས་འགྲོས་སོགས་ལ་རེ་བ་ནན་པོ་ཡོད་པ་དང་།  སྙན་ངག་དེ་རྩོམ་ལུས་ཡོངས་ལས་འགངས་ཆེར་འཛིན་དོན་ཡང་བདག་ཅག་བོད་ཀྱི་འགྲན་བྲལ་མཁས་པ་ཚོས་འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་བཟང་ངན་ནི་སྙན་ངག་ཤེས་མི་ཤེས་ལ་བལྟ་བ་ལྟར་ཡིན།  དེ་བཞིན་སྙན་ངག་མི་ཤེས་ན་མཁས་པའི་ཚོགས་ལ་མི་བརྩི་བ་ཡིན་ཏེ་ཟུར་མཁར་བ་བློ་གྲོས་རྒྱལ་པོས།  “རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།  །རྒྱན་མེད་པ་ན་སྐྱེ་བོས་གླེང་།  །དེ་བཞིན་སྙན་ངག་མི་ལྡན་པའི།  །བསྟན་བཅོས་མཁས་ལ་རྩིས་སུ་མེད།” ཅེས་པ་ལས་སྙན་ངག་གི་གལ་ཆེའི་རང་བཞིན་ཧ་ཅང་གསལ་བ་ཡིན།  བོད་ཀྱི་སྙན་ངག་རྩོམ་ལུས་དེ་ཡང་དུས་སྔ་མོ་ཞིག་ནས་བྱུང་བ་སྟེ། ད་ལྟ་རིག་རྒྱུ་ཡོད་པའི་རུ་ལས་སྐྱེས་ཀྱི་མགུར་དེའི་སྒྲ་དོན་གྱི་ཉམས་འགྱུར་སོགས་ལས་ར་སྤྲོད་བྱེད་ཐུབ་པ་ཡིན།  དེ་རྗེས་རྒྱ་གར་ལེགས་བཤད་ཀྱི་ཤན་བཞུགས་པའི་ལེགས་བཤད་རྩོམ་ལུས་དང་《སྙན་ངག་མེ་ལོང་》གིས་ཤན་བཞུགས་པའི་སྙན་ངག་རྩོམ་སྟངས་མེ་ཏོག་སྣ་བརྒྱ་བཞད་པ།  རང་མོས་སྙན་ངག་བྱུང་བ་(རང་མོས་སྙན་ངག་གི་རྩོམ་སྟངས་དེ་སྔར་ནས་བོད་ལ་དར་ཡོད། འོན་ཀྱང་སྐབས་དེར་རང་མོས་སྙན་ངག་ཅེས་པའི་མིང་དེ་མེད་པ་འདྲ)སོགས་སྙན་ངག་གི་འདབ་བརྒྱ་ལྷུག་པོར་གྲོལ་སོང་།  དེ་ལས་བོད་ཀྱི་སྙན་ངག་ཡིག་སྒྱུར་ཁྲོད་དེ་དག་གིས་བསམ་གྱིས་མི་ཁྱབ་པའི་ཤུགས་རྐྱེན་དང་དེ་བས་སྙན་ངག་དེ་སྙན་ངག་ཉིད་ཀྱིས་སྒྱུར་བར་མཐུན་རྐྱེན་ལེགས་པོ་ཞིག་སྦྱར་ཡོད། ནུབ་གླིང་ཉེ་རབས་ཡིག་སྒྱུར་གཞུང་ལུགས་མཁས་པ་ཐེ་ཐེ་ལེས་ཀྱང་སྙན་ངག་ཡིག་སྒྱུར་སྐོར་རང་ཉིད་ཀྱི་ལྟ་བ་གསལ་བསྒྲགས་བྱས་ཡོད་དེ། ཁོང་གི་དགོངས་པར་སྙན་ངག་དེ་སྙན་ངག་ཉིད་ཀྱིས་སྒྱུར་བ་ལས་ལྷུག་རྩོམ་སོགས་ཀྱིས་སྒྱུར་མི་རུང་བའི་ལྟ་བ་བཏོན། དེ་ཡང་ཁོང་གིས་གཙོ་བོར་སྙན་ངག་གི་ལེགས་ཆ་སྟེ་རྩོམ་རིག་ཡོངས་ཀྱི་མ་ཡུམ་ལྟ་བུ་དང་། སྒྱུ་རྩལ་ཀུན་གྱི་ཉིང་ཁུ། སྤྱི་ཚོགས་འཚོ་བ་མཚོན་པའི་མེ་ལོང་། སེམས་ནང་གི་གླུ་བཅས་དགེ་མཚན་དུ་མས་ཕྱུགས་སྟབས་ལྷུག་རྩོམ་སོགས་ཀྱིས་སྒྱུར་ན་སྙིང་པོ་ཤོར་དོགས་ཀྱིས་ལྟ་བ་དེ་འདྲ་བ་བཏོན། དཔེར་ན། 举头望明月,低头思故乡 ལྟ་བུ་“ངས་མགོ་བོ་བཏེགས་ནས་དཀར་གསལ་ཟླ་བར་བལྟས་པས་ཕ་ཡུལ་དྲན་ནས་མགོ་བོ་སྒུར་དགོས་བྱུང་སོང་”ལྟ་བུ་ལྷུག་རྩོམ་རྣམ་པའི་ཐོག་ནས་སྒྱུར་ན་གཅིག་ནས་ཐོག་མའི་སྙན་ངག་ཉམས་མེད་ཁར་སྙན་པའི་འགྱུར་ཁུག་གི་གཡའ་དང་བྲལ་བས་དེ་ཡི་དུས་སུ་བོད་ཀྱི་སྙན་ངག་རྣམ་པའི་ཐོག་ནས་སྒྱུར་ན་ཀློག་པ་པོའི་འདོད་པ་དག་སྐོང་ཐུབ་པ་ཡིན།  དེ་ཡང་“གསལ་གསལ་ཟླ་བར་མགོ་བོ་བཏེགས་ནས་བལྟས།  །སྐྱོ་སྐྱོ་ཕ་ཡུལ་དྲན་ནས་མགོ་བོ་སྨད། །”ལྟ་བུ་ཚེག་བར་དགུ་ཅན་གྱི་ཐོག་མའི་ཟུང་ལྡན་སྙན་ངག་རྣམ་པའི་ཐོག་ནས་སྒྱུར་ན་བོད་མིའི་འདྲེན་བྱེད་དགའ་སྟོན་དུ་འགྱུར་སྲིད་སྙམ།  དེ་བས་བོད་ཀྱི་སྙན་ངག་ནི་ལྡུམ་རྭའི་ནང་གི་མེ་ཏོག་བཞིན་མཚར་ལ་དམག་དཔུང་ཇི་བཞིན་སྒྲིག་ཁྲིམས་ལྡན་པ་ཞིག་ཡིན་པ་ལས་གང་དགར་སྒྱུར་ཆོག་པ་ཞིག་མིན་པས་སྙན་ངག་ཉིད་སྙན་ངག་གིས་སྒྱུར་སྐབས་བོད་རང་གི་སྙན་ངག་རྣམ་པའི་ཐོག་ནས་འཁྲུལ་མེད་གནད་ལ་འཁེལ་པོའི་སྒོ་ནས་སྒྱུར་ཐུབ་ན་དེ་བས་ལེགས་སྙམ།  དེ་ཡང་ཀྲུང་གོའི་སྙན་ངག་ཡིག་སྒྱུར་མཁས་པ་དང་ཡིག་སྒྱུར་གཞུང་ལུགས་མཁས་པ་ཞུས་ཡོན་ཁྲུང་གིས་སྙན་ངག་གི་མཛེས་དཔྱོད་ལྟ་བའི་ཆ་ནས་“ངག་མཛེས། ལུས་མཛེས། དོན་མཛེས་”གསུམ་གྱི་དགོངས་པ་བཏོན་ཡོད་ལ་དེ་ནི་སྙན་ངག་ཡིག་སྒྱུར་སྐབས་ཆེས་དཀའ་ཁག་ཆེ་བའི་གནད་ཞིག་ཀྱང་རེད། འོན་ཀྱང་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་“མཛེས་གསུམ་”ཡོང་བ་བྱེད་དགོས་ན་ཐོག་མར་ཀློག་པ་པོའི་ངོས་ནས་མནོ་བསམ་བཞེས་དགོས་པ་ཡིན། དེ་ཡང་རྒྱ་ཡི་སྙན་ངག་བོད་ཡིག་ཏུ་སྒྱུར་སྐབས་བོད་ཀྱི་སྙན་ངག་རྣམ་པའི་ཐོག་ནས་སྒྱུར་ཐུབ་ན་བོད་ཀྱི་ཀློག་པ་པོའི་ངོས་ནས་“རྣ་བར་སྙན་པ། ལུས་མཛེས་པ། སྙིང་པོ་དོན་དང་ལྡན་པ”གསུམ་ཀ་ལྡན་པ་ཞིག་ཡོང་བས་བག་ཆགས་ཟབ་མོ་ཡོང་ཐུབ་ལ།  བོད་ཡིག་སྙན་ངག་རྒྱ་ཡིག་ཏུ་འགྱུར་སྐབས་ཀྱང་དེ་བཞིན་ནོ། རྒྱའི་ཡིག་སྒྱུར་མཁས་པ་ཡང་ཞན་དབྱིས་བཟའ་ཚོ་杨宪益夫妇གཉིས་ཀྱིས་རྒྱའི་《སྙན་གཞུང་》ལས་《ཁ་ཁུ་སིམ་པའི་དམན་ཤར་》《静女》ཞེས་པ་ཐོག་མའི་བཞི་ཚིག་སྙན་ངག་དེ་དབྱིན་ཡིག་ཁྲོད་བཞི་ཚིག་གི་ཐོག་ནས་མཚོན་མི་ཐུབ་པས་དབྱིན་ཡིག་ཉིད་ཀྱི་སྙན་ངག་རྩོམ་སྟངས་གཞིར་བཟུང་སྒྱུར་ཡོད་པས་ཀློག་པ་པོའི་སྤྱན་དང་ཡིད་ཀྱི་གསོས་སུ་འགྱུར། ལྷག་པར་དུ་༡༩༧༧ལོའི་ཟླ་བ་༡༢ཚེས་༣༡ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་མའོ་ཀྲུའུ་ཞི་མཆོག་གིས་“སྙན་ངག་གསར་པ་དེ་གསེར་བཙོ་མ་ལྟར་སྤུས་དག་པ།(精练)སྙན་ངག་ཧྲིལ་པོ་རུ་སྟར་ཇི་བཞིན་གྲལ་འགྲིག་པ།(大体整齐)རྐང་པ་མཐའ་མཚུངས་ཅན་དུ་འགྱུར་དགོས་(押韵)”ཞེས་གསུངས་ཡོད།  དོན་ངོ་མར་མའོ་ཀྲུའུ་ཞིའི་གསུང་དེ་སྤྱད་ནས་ང་ཚོས་སྙན་ངག་བརྩམས་ཆོག་པ་འདུག་ལ།  སྙན་ངག་ཡིག་སྒྱུར་སྐབས་སུ་ཡང་བེད་སྤྱོད་བྱས་ཆོག་པ་འདུག་སྙམ།  དེ་ཡང་“གསེར་བཙོ་མ་ལྟར་སྤུས་དག་པ་(精练)”ཞེས་པ་དེ་ནི་ཞུས་ཡོན་ཁྲུང་སོགས་ཀྱིས་གསུངས་པའི་“སྙིང་པོ་དོན་དང་ལྡན་པ་(意美)”ཞེས་པ་དེ་ཡིན་ལ། “སྙན་ངག་ཧྲིལ་པོ་རུ་སྟར་ཇི་བཞིན་གྲལ་འགྲིག་པ་(大体整齐)”ཞེས་པ་ནི་“གཟུགས་མཛེས་པ་”(形美)ཞེས་པ་ཁོ་ན་བསྟན་པ། “རྐང་པ་མཐའ་མཚུངས་ཅན་དུ་འགྱུར་དགོས་”(押韵)ཞེས་པ་དེ་ནི་མཐར་གཏུགས་ནས་བརྗོད་ན་“རྣ་བར་སྙན་པ་”(音美)ཞེས་པ་དེ་བརྗོད་པ་ཡིན་ནོ།  དེ་འདྲའི་“གསུམ་ལྡན་”གྱིས་འཕྱུགས་པའི་སྙན་ངག་གི་སྒྱུར་སྟངས་ལེགས་པོ་དག་བོད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་མང་ཙམ་མཇལ་རྒྱུ་འདུག་སྟེ།
(1) བོད་ལུགས་ཀྱི་སྲོལ་རྒྱུན་སྙན་ངག་གི་རྣམ་པ་སྤྱད་དེ་འགྱུར་བ།
སྲོལ་རྒྱུན་སྙན་ངག་གི་ཉམས་འགྱུར་སྤྱད་པའི་འགྱུར་རྩོམ་ནི་གཙོ་བོར་བོད་ཀྱི་《མེ་ལོང་མའི》ལུགས་ཀྱི་སྲོལ་རྒྱུན་སྙན་ངག་གམ་ཚིགས་བཅད་ཀྱི་རྐང་པ་གཅོད་མཚམས་དང་། མངོན་བརྗོད་སོགས་འོས་འཚམས་ཀྱིས་སྤུད་པ། ཤོ་ལོ་ཀ་རེར་རྐང་པ་བཞི་རེ་དང་སྡེབ་སྦྱོར་མཉམ་པའི་ཐོག་ནས་བརྗོད་དོན་གང་དུ་ཡང་མ་འཁྱོག་པར་སྲོང་པོར་སྨྲས་པའི་རྩོམ་སྟངས་ལ་ཞིག་ལ་འབོད། དེ་ཡང་དེང་གི་བོད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་འགྱུར་སྟངས་དེ་འདྲ་བ་ཅུང་མཐོང་མང་བ་ཡིན།  དཔེར་ན། 原文:出污泥之珍珠兮,顶青天之巨峰འགྱུར་ཡིག་ཏུ།  “པད་མ་དཀར་པོ་འདམ་ལས་སྐྱེས་འགྱུར་ཀྱང༌། །  འདམ་གྱིས་མ་གོས་ཀུན་གྱིས་བསྟོད་པའི་ཡུལ། །”ཞེས་ཐོག་མའི་མ་ཡིག་ལས་དཔེ་མུ་ཏིག་དང་རི་རྒྱལ་ལྷུན་པོ།  དེ་བཞིན་རྒྱ་ཡིག་གནའ་རྩོམ་ལུགས་ཀྱིས་རྩོམ་ཡོད་ན་ཡང་འགྱུར་ཡིག་ཏུ་སྒྱུར་པ་པོས་ཁྲབ་མན་གྱིས་སྙན་ངག་དེ་སྙན་ངག་ཉིད་ཀྱིས་སྒྱུར་བའི་ཡིག་སྒྱུར་རྩ་དོན་བརྩི་སྲུང་གིས་ཕང་ཏེ་(庞德)ཡི་རང་འགྱུར་ལུགས་ཀྱི་རྩོམ་སྟངས་མིག་དཔེར་འཛིན་ཏེ་བོད་མཁས་པས་མང་དུ་སྤྱོད་པའི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་གསོན་ཉམས་ལྡན་པའི་དཔེ་དག་སྤྱད་པ་དང་སྦྲགས་བོད་ཀྱི་རྒྱུན་གཏན་རང་བཞིན་གྱི་སྙན་ངག་རྩོམ་སྟངས་ཏེ་ཚེག་བར་དགུ་ཅན་གྱི་རྩོམ་སྟངས་སྤྱད་དེ་སྒྱུར་ཡོད་པས་ཀློག་པ་པོ་ཚོས་ཀློག་ན་ཀློག་བདེ་བ་དང་ཉན་ན་རྣ་བར་འཇེབས་པས་ང་ཚོས་དང་ལེན་བྱེད་འོས་པའི་འགྱུར་སྤུས་དག་ཅིག་ཏུ་མཐོང༌།  ཡང་དཔེར་ན།  松涛狂吼,心潮翻腾。碑前告慰,先烈英灵འགྱུར་ཡིག་ཏུ། “ཐང་ཤིང་གཡོ་བའི་འུར་སྒྲ་ལྡིར་ལྡིར། ། སེམས་ཀྱི་སྡུག་བསྔལ་རྦ་རླབས་འཕྱུར་འཕྱུར། །རྡོ་རིང་མདུན་དུ་གུས་བརྩི་སྒུར་སྒུར། །སྐུ་གཤེགས་དམ་པའི་ཐུགས་དགོངས་གསོ་གསོ” ཞེས་མ་ཡིག་གི་བཞི་ཚིག་སྙན་ངག་དེ་འགྱུར་པ་པོས་རང་ལུགས་བཞིན་སྒྲ་རྒྱན་གྱི་ནང་གསེས་གནས་མཐའ་མའི་ཟུང་ལྡན་གྱི་རྣམ་པའི་ཐོག་ནས་འགྱུར་བས་དབྱངས་འགྲོས་སྙན་པ། གཟུགས་མཛེས་པ། ནང་དོན་ཡང་མ་ཡིག་ལྟར་ཇི་མ་ཇི་བཞིན་བཏོན་ཐུབ་ཡོད།
 (2)བོད་ལུགས་ཀྱི་དམངས་གཞས་རྣམ་པའི་ཐོག་ནས་འགྱུར་ཡོད་པ།  
  དམངས་གཞས་རྣམ་པ་ནི་བོད་རང་ས་ནས་དར་ཞིང་ངལ་རྩོལ་མི་དམངས་ཀྱིས་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་ཚིགས་བཅད་རང་བཞིན་གྱི་སྙན་ངག་རྣམ་པ་ཞིག་ཡིན་པ་རེད། དེ་ཡང་ཕོ་མོའི་མཛའ་གཞས་དང་ལ་གླུ། ཨར་གཞས་སོགས་ཕལ་ཆེ་བ་ཚིག་བར་དྲུག་ཅན་གྱི་ཐོག་ནས་བཏང་བ་མང་།  ཕྱོགས་གཞན་ཞིག་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཤུགས་རྐྱེན་འོག་ཚེག་བར་དྲུག་ཅན་དེ་ད་བར་མ་ཉམས་གོང་འཕེལ་དང་དར་ཁྱབ་ཅུང་ཆེ་བས་མདོར་ན་དེང་གི་དུས་སུ་འགྱུར་བའི་དམངས་གཞས་རང་བཞིན་གྱི་འགྱུར་རྩོམ་ཕལ་ཆེ་བ་ནི་ཚེག་བར་དྲུག་ཅན་རེད། དཔེར་ན། མ་ཡིག་ཏུ། 清明时节,痛悼英烈。千言万语,欲诉又噎。   འགྱུར་ཡིག་ཏུ།  “དྭངས་གསལ་དུས་ཀྱི་ཚིགས་སུ།  །རྗེ་བོ་དམ་པ་དྲན་བྱུང༌།  །བརྗོད་པ་བརྒྱ་སྟོང་དུ་མ།  །བསམས་ཀྱང་མགྲིན་པ་བརྣངས་བྱུང༌། །”ཞེས་མ་ཡིག་གི་བཞི་ཚིག་སྙན་ངག་དེ་སྒྱུར་པ་པོས་བོད་ཡིག་གི་དམངས་གཞས་རྩོམ་སྟངས་ལྟར་ཚེག་བར་དྲུག་ཅན་གྱི་རྣམ་པའི་ཐོག་ནས་འགྱུར་བས་དབྱངས་འགྲོས་སོགས་གང་ཅིར་དགེ་མཚན་གྱིས་ཕྱུགས་པས་གཞས་ཚིག་ལྟར་མཚར་བར་མཐོང༌།  ཡང་དཔེར་ན།   མ་ཡིག་ཏུ། 滴不尽怀念总理悲咽泪,痛不尽顿足捶胸欲碎འགྱུར་ཡིག་ཏུ། “བརྩེ་བའི་ཙུང་ལི་དྲན་པས། །མིག་ལས་མཆི་མ་མི་ཆད།  །གདུང་བས་སྙིང་ཁམས་གཟིར་བས།  །ཟུག་རྔུ་བཟོད་པར་དཀའ་བྱུང་། །”ཞེས་པ་ལྟ་བུ་ཐོག་མའི་མ་ཡིག་ནི་རྒྱ་ཡིག་གི་ཚེག་བར་བཅུ་ཅན་ཏེ་རིང་ཙམ་ཡིན་མོད།  འགྱུར་ཡིག་ཏུ་སྒྱུར་པ་པོས་རང་ཉིད་ཀྱི་རྣམ་དཔྱོད་རྩལ་ལ་བརྟེན་ནས་ཐོག་མར་ཕྲལ་སྒྱུར་ཐབས་ལེགས་པར་སྤྱད་པའི་རྨང་གཞིའི་ཐོག་ཚེག་བར་དྲུག་ཅན་གྱི་བོད་ཀྱི་དམངས་གཞས་རྣམ་པའི་ཐོག་ནས་འགྱུར་བས་ཀློག་ན་རྣ་བར་འཇེབས་ལ།  སྡེབ་སྦྱོར་ཆ་ཡ་སྙོམ་པ།  ཉམས་འགྱུར་གྱིས་འཕྱུགས་པས་གླུ་རུ་གྱེར་ན་ཡང་ཆོག་སྙམ་པའི་སྣང་བ་སྟེར།  ཡང་ང་ཚོས་རྒྱ་ཡིག་གི་གནའ་བོའི་སྙན་ངག་འགའ་བོད་ཀྱི་དམངས་གཞས་རྣམ་པར་སྒྱུར་ཐུབ་མིན་ལ་ཚོད་བགམ་བྱས་ཆོག་པ་སྟེ། ལི་པེ་ཡི་《秋浦歌》《ཆིའུ་ཕུ་སྙན་དབྱངས་》ཞེས་པ་ལས། མ་ཡིག  白发三千丈,缘愁似个长,不知明镜里,何处得秋霜འགྱུར་ཁུལ། “སེམས་པ་སྡུག་གིས་མནར་ནས།  །མགོ་སྐྲ་དཀར་རྐྱང་ཆགས་སོང་།  །དྭངས་གསལ་མེ་ལོང་བལྟས་ཀྱང་།  །བ་མོ་གང་ཡོང་མི་ཤེས།  །”ཞེས་འགྱུར་བ་དང་ཡང་པེ་ཅུས་དབྱི་ཡི་གྲོང་གསེབ་ཀྱི་མཚན་མོ་《村夜》ཞེས་པ་རང་ཉིད་ཀྱིས་བོད་ཀྱི་དམངས་གཞས་ལུགས་སུ་འགྱུར་ཁུལ་བྱས་ན། མ་ཡིག 霜草苍苍虫切切,村南村北行人绝。独出门前望野田,月明荞麦花如雪འགྱུར་ཁུལ།  “ལྗང་རྩྭ་སྟུག་པོའི་ཁྲོད་ནས།  ། ཙིར་ཙིར་འབུ་སྐད་གྲགས་བྱུང་།  །གྲོང་ཚོའི་ལྷོ་བྱང་གཉིས་ཀར།  །མཚན་མོའི་འགྲོ་མི་ཆད་འདུག ། ང་རང་སྒོ་ཁར་འདོན་ནས།  །ཞིང་ཁའི་ཕྱོགས་ལ་གཅེར་དུས། ། ཟླ་འོད་གྲོ་རྩེར་འཕྲོས་པ།  དཀར་པོའི་གངས་ལ་འཕྲུལ་སོང་། །”ཞེས་པ་ལྟར་བོད་ཀྱི་དམངས་གཞས་རྣམ་པའི་ཐོག་ནས་འགྱུར་བས་གཅིག་ནས་བོད་རིགས་ཀློག་པ་པོ་ཚོའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་ཐུབ་ལ། གཉིས་ནས་མ་ཡིག་ལ་ཡང་ཞབས་འདེགས་ཞུ་ཐུབ་པ་ཡིན་པས་ང་ཚོས་ཕྱིས་སུ་དེ་འདྲའི་རིགས་ལ་སྣང་འཇོག་བྱེད་དགོས་པ་ནི་ཧ་ཅང་གལ་ཆེའོ།
(3) བོད་ལུགས་ཀྱི་ལེགས་བཤད་རྣམ་པའི་ཐོག་ནས་འགྱུར་བའི་སྙན་ངག
  བོད་ཀྱི་ལེགས་བཤད་རྩོམ་ཡིག་ནི་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོ་ཞིག་དང་འདྲ།  དེ་ཡང་ད་ལྟ་མཇལ་རྒྱུ་ཡོད་པའི་ངག་ཐོག་གི་ལེགས་བཤད་ཐོག་མ་ནི་《ཕུ་བོས་ནུ་བོར་གཏམས་པའི་མདོ》ཡིན་ལ་དེ་ནི་ལེགས་བཤད་ཀྱི་ས་བོན་ལྟར་རོ།  དེ་ཡང་ཚིག་ལྷུག་གི་རྣམ་པའི་ཐོག་ནས་ཕུ་བོས་ནུ་བོའི་འདྲི་བར་གཞིགས་ཏེ་བསླབ་བྱ་བྱས་པ་ཡིན་པས་ངག་ཐོག་ནས་དར་བ་མིན་ནམ་སྙམ།  ཡི་གེ་བྱུང་རྗེས་དངོས་སུ་བྱུང་བའི་ལེགས་བཤད་ནི《ཕྱི་མར་གཏམས་པའི་མདོ》དེ་མིན་ནམ་སྙམ།  དེ་ནི་ཚིགས་བཅད་ཀྱི་རྣམ་པའི་ཐོག་ནས་བརྩམས་པ་ཡིན་ལ་ཉམས་འགྱུར་དང་ཚེག་བར་སོགས་ཚིགས་བཅད་ཀྱི་རེ་བ་དང་ཡོངས་སུ་མཐུན་པས་ཡིག་ཐོག་གི་ལེགས་བཤད་ཐོག་མ་དེ་ཡིན་ཞེས་བརྗོད་ན་ཡང་ཧམ་པ་མི་ཆེ་སྙམ། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དུ་ཡིག་སྒྱུར་བྱ་གཞག་ཧ་ཅང་དར་ཆེ་ལ།  ལྷག་པར་དུ་རྒྱ་གར་གྱི་ནང་ཆོས་འབོར་ཆེན་བོད་དུ་སྒྱུར་ལ་རྒྱ་གར་གྱི་རྩོམ་རིག་ལས་ལེགས་བཤད་རྩོམ་ཡིག་མང་དག་བོད་དུ་འགྱུར་བ་སྟེ་མགོན་པོ་ཀླུ་སྒྲུབ་ཀྱི་《སྐྱེ་བོ་གསོ་ཐིགས་》དང་《ཤེས་རབ་བརྒྱ་པ》《ཤེས་རབ་སྡོང་བུ》སོགས་མང་དག་འགྱུར། ཕྱིས་དེ་དག་གི་ཤུགས་རྐྱེན་འོག་བོད་དབང་ལེགས་བཤད་དངོས་སུ་བྱུང་བ་སྟེ་《ས་སྐྱ་ལེགས་བཤད་》གཙོས་《དགེ་ལྡན་ལེགས་བཤད་》དང་《ཆུ་ཤིང་བསྟན་བཅོས》སོགས་མང་ཙམ་བྱུང་།  ད་ལྟ་འ་ཅག་བོད་ཀྱི་ལེགས་བཤད་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་ནི་ཐོག་མར་ཚིགས་བཅད་ཡིན་པའི་རྨང་གཞིའི་ཐོག་བརྗོད་དོན་ཐད་སྤྱི་ཚོགས་འཚོ་བ་མཚོན་པ་ཡིན་ལ།  འཚོ་ལུགས་ཐད་བླང་དོར་གནས་ལུགས་ལེགས་པར་འབྱེད་དགོས་པ་གཙོ་བོར་བསྟན་དགོས་པ་ཡིན།  དེ་དང་རྒྱའི་གནའ་རབས་རིག་གནས་ཁྲོད་ཀྱི་བསླབ་བྱའི་རྩོམ་རིག་དབར་འབྲེལ་བ་ངེས་ཅན་ཡོད་པས་རྒྱའི་གནའ་རྩོམ་དེ་དག་ཡིག་སྒྱུར་སྐབས་བོད་ཀྱི་ལེགས་བཤད་རྣམ་པའི་ཐོག་ནས་འགྱུར་ཐུབ་ན་གཅིག་ནས་ལེགས་བཤད་ཀྱི་ཁྱད་ཆོས་ལྡན་པ་གསལ་ཐུབ་ལ། གཉིས་ནས་ཀློག་པ་པོའི་སྙན་དབང་གསོ་སྲིད་པས་ལེགས་པོ་ཞིག་ཡོང་སྲིད་སྙམ། དེ་ཡང་ཁུང་ཙེའི་《གསུང་སྒྲོས་》ལྟ་བུ་ནི་ཕྱིས་ཁུང་ཙེའི་སློབ་མ་ཚོས་ཁུང་ཙེའི་གསུང་དང་ཁུང་ཙེའི་སློབ་མ་དང་ཁུང་ཙེ་བགྲེས་པོ་གཉིས་དབར་གྱི་གཏམ་གླེང་རྣམས་ཕྱོགས་བསྡུས་བྱས་པ་ཡིན་པས་དེ་ནི་བོད་ཀྱི་《ཕུ་ནུའི་མདོ་》ལྟར་མཚར་བས། ང་ཚོས་《ཕུ་ནུའི་མདོའི་》རྩོམ་སྟངས་འདྲ་ཙམ་འགྱུར་ན་ཡང་མི་ལེགས་པ་མེད་སྙམ།  དཔེར་ན།  མ་ཡིག་ཏུ།  子游问孝,子曰:“今之孝者,是谓能养。至于犬马,皆能有养,不敬,何以别乎?རང་ཉིད་ཀྱིས་འགྱུར་ཁུལ་བྱས་ན། “ཛི་གུང་ན་རེ། སྲི་ཞུ་ཞེས་པ་ཇི་ལྟར་བྱ། ཁུང་ཙེ་ན་རེ། དེང་གི་དུས་ན་ཕ་མ་སྐྱོང་བ་སྲི་ཞུའི་མཆོག་གོ རྟ་བོང་ཡང་ཟན་རྩས་སྐྱོང་། གལ་ཏེ་སེམས་དྭངས་མོས་ཕ་མ་མི་སྐྱོང་ན། རྟ་བོང་གསོ་བ་དང་ཁྱད་ཅི།”ཞེས་པ་ལྟར་རོ། ལ་ལས་གནའ་རབས་ཀྱི་རྩོམ་རིག་འགྱུར་སྐབས་ངེས་པར་དུ་བརྡ་རྙིང་སོགས་ཀྱི་སྒོ་ནས་གནའ་རབས་རྩོམ་རིག་དང་རྣམ་པ་ཆ་མཉམ་ཐོག་ནས་འགྱུར་དགོས་ལུགས་བརྗོད་ཀྱང་དེ་ནི་ཡང་མི་དག་པའི་ལྟ་བ་སྟེ་རྣམ་པ་ཆ་མཉམ་ཁོ་ནས་གོ་དོན་མ་ལུས་རྟོགས་ཐུབ་ན་དེང་དུས་ཡིག་སྒྱུར་པ་མི་དགོས་པར་འཕྲུལ་འཁོར་ཁོ་ནར་བརྟེན་ཆོག་པ་ཡིན།  ནའེ་ཏ་ཡིས་འགྱུར་སྟངས་དེ་རིགས་བརྟེན་མི་རིགས་པ་བརྗོད་ཡོད། དེ་ཡང་གནའ་རབས་ཀྱི་མ་རྩོམ་ནི་གནའ་རབས་མི་ལ་ཞབས་འདེགས་ཞུ་ཆེད་ཡིན་པ་དང་།  དེང་གི་འགྱུར་ཡིག་ནི་དེང་དུས་མི་རྣམས་ལ་ཞབས་འདེགས་ཞུ་ཆེད་ཡིན་པས་སོ།  ཡང་ང་ཚོས་ཁུང་ཙེའི་《གསུང་སྒྲོས་》ལས་གཞུང་དངོས་ཀྱི་ནང་དོན་དག་བོད་ཀྱི་དེང་གི་ལེགས་བཤད་རྣམ་པའི་ཐོག་ནས་་འགྱུར་ཐུབ་ན་དེ་བས་སྙན་ངག་དེ་སྙན་ངག་ཉིད་ཀྱིས་འགྱུར་ཐུབ་ལ་ཀློག་པ་པོར་ཡིད་འགུགས་ཀྱི་ནུས་པ་ཡང་ཆེན་པོ་ཐོན་སྲིད་སྙམ།  དཔེར་ན། 子曰:“君子食无求饱,居无求安,敏于事而慎于言,就有道而正焉,可谓好学也已。”ཞེས་པ་ལྟ་བུ་བོད་ཀྱི་ལེགས་བཤད་རྣམ་པའི་ཐོག་ནས་འགྱུར་ཁུལ་བྱས་ན། “ཁུང་ཙེ་ན་རེ། མཁས་པས་གྲོད་པ་མི་འཚལ་ཏེ། །སྐྱིད་པའི་སྡོད་ས་བསམ་མི་བྱ། །རང་གི་ལས་ལ་རབ་འབད་ཅིང་།  །དོན་མེད་འཆལ་གཏམ་སྨྲ་མི་བྱ། །རྒྱུན་དུ་གྲོགས་བཟང་བརྟེན་བྱས་ཏེ། །རང་གི་སྐྱོན་ལ་སྡིག་མཛུབ་བྱེད།  །དེ་ལྟར་འབད་པས་བརྩོན་ལྡན་ཅན། །” ཞེས་པ་ལྟར་འགྱུར་ན་ཁུང་ཙེས་གསུངས་པའི་གཞུང་དངོས་དེ་བོད་ཀྱི་ལེགས་བཤད་ཀྱི་རྣམ་པར་འགྱུར་བས་གཅིག་ནས་བོད་མིས་གོ་བདེ་བར་འགྱུར་ལ་གཉིས་ནས་བོད་ཀྱི་ལེགས་བཤད་ཇི་བཞིན་སློབ་གསོའི་རང་བཞིན་དང་ལྡན་པས་ཧ་ཅང་ལེགས་པོ་ཞིག་ཡོང་སྲིད་སྙམ།  ཡང་དཔེར་ན། 子曰:为政以德,譬如北辰,居其所而众星共之.ཞེས་པ་བོད་ཀྱི་ལེགས་བཤད་རྣམ་པའི་ཐོག་ནས་འགྱུར་ཁུལ་བྱས་ན།  “ཁུང་ཙེ་ན་རེ། ཀུན་སྤྱོད་བཟང་པོ་རབ་བཏགས་ཏེ། །རྒྱལ་སྲིད་ལུགས་བཞིན་བསྐྱངས་འགྱུར་ན།  །དཔེར་ན་བྱང་སྣེའི་སྐར་མ་བཞིན།  ། སྐར་ཚོགས་གཞན་གྱིས་སྐོར་བར་ངེས།”ལྟ་བུ་ནི་བོད་ཀྱི་ད་ལྟའི་ལེགས་བཤད་རྩོམ་རིག་གི་ཁྱད་ཆོས་ཡོངས་སུ་ཚང་བ་ཞིག་རེད།  དེ་ཡང་ཐོག་མར་བླང་དོར་གནས་ལུགས་བསྟན་པ་མི་ཚད་དེ་ཡང་ཚིགས་བཅད་རང་བཞིན་གྱི་སྒོ་ནས་《ས་སྐྱ་ལེགས་བཤད་》དང་《ཆུ་ཤིང་བསྟན་བཅོས་》སོགས་དང་འདྲ་བར་དཔེ་དང་དཔེ་ཅན་ཡང་ཧ་ཅང་གསལ་བས་ང་ཚོས་དེ་འདྲའི་རིགས་ལ་སྣང་འཇོག་གིས་མང་ཙམ་འགྱུར་ཐུབ་ན་བོད་ཀྱི་ལེགས་བཤད་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དེ་བཞིན་ཁུང་ཙེའི་《གསུང་སྒྲོས་》ལྟ་བུ་བོད་ནང་ཁུལ་དུ་དར་ཁྱབ་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ།  དེ་འདྲ་བའི་རྒྱ་རིགས་ཀྱི་གནའ་བོའི་རུའུ་ལུགས་དང་ཏའོ་ལུགས་སོགས་དང་འབྲེལ་བའི་རིན་ཐང་ཆེ་བའི་རྩོམ་ཡིག་མང་པོ་ཡོད་པས་དེ་དག་བོད་ཀྱི་ལེགས་བཤད་རྣམ་པའི་ཐོག་འགྱུར་ཐུབ་ན་ཕྱིས་རབས་བོད་མིའི་ཀུན་སྤྱོད་ཡག་ཐོག་ཡག་བརྩེགས་ཡོང་བར་བླ་ལྷག་གི་ནུས་པ་ཐོན་སྲིད་སྙམ། འོན་ཀྱང་རྒྱའི་གནའ་རབས་ཀྱི་ཁུང་ཙེའི་གསུང་སྒྲོས་སོགས་ཁོ་ན་མིན་པར་དེང་གི་བླང་དོར་གནས་ལུགས་བསྟན་པའི་རྒྱའི་སྙན་ངག་ཁ་ཤས་ཀྱང་བོད་ལུགས་ཀྱི་ལེགས་བཤད་རྣམ་པའི་ཐོག་ནས་འགྱུར་ཐུབ་ལ་དཔེ་གཞི་ཡང་གཅིག་གཉིས་ཙམ་རིག་བྱུང་སྟེ།  མ་ཡིག “谁爱人民,人民思念谁。谁种恶果,玩火必自焚。”   འགྱུར་ཡིག་ཏུ། “སུ་ཡིས་མི་དམངས་གཅེས་འཛིན་ན།  །དམངས་ཀྱིས་དེ་ཉིད་དྲན་པར་བྱེད།  །ས་བོན་ངན་པ་བཏབ་པ་ན།  །འབྲས་བུ་ངན་པ་རང་ལ་བྱུང་། །”ལྟ་བུ་དཔེ་དང་དཔེ་ཅན་གྱི་ཐོག་ནས་བོད་ཀྱི་ལེགས་བཤད་ཀྱི་རྣམ་པ་ལྟར་འགྱུར་བས་ནང་དོན་བདེ་བླགས་ངང་གོ་ཐུབ་ལ།  དཔེ་དོན་གཉིས་འབྲེལ་ཆགས་པས་འགྱུར་གྱི་ཡང་རྩེ་ལྟ་བུར་མཐོང་།  
   མདོར་ན་ང་ཚོས་སྙན་ངག་ཉིད་སྙན་ངག་གིས་སྒྱུར་དགོས།  གོང་ལྟར་བོད་རང་གི་(བོད་འགྱུར)སྙན་ངག་རྣམ་པའི་ཐོག་འགྱུར་ཏེ་བོད་ཀྱི་ཡིག་སྒྱུར་བྱ་གཞག་ལ་སྔར་བས་ལེགས་སྐྱེས་འབུལ་རྒྱུ་ནི་ང་ཚོ་ཡིག་སྒྱུར་པ་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཉག་གཅིག་དེ་རེད་ལ།  ཕྱིས་རབས་བོད་ཀྱི་ཡིག་སྒྱུར་ལ་བཞག་པའི་ལག་རྟགས་ཆེན་པོ་ཞིག་ཀྱང་རེད་ཨང་།   
 ༢ སྙན་ངག་ཡིག་སྒྱུར་སྐབས་དོན་སྒྱུར་གཙོར་བྱེད་པ།
ཁྲབ་མན་གྱི་ཡིག་སྒྱུར་གཞུང་ལུགས་ལྟ་བ་དེ་གཙོ་བོར་འགྱུར་ཡིག་དབྱི་རི་ཡ་ཐེ་(伊利亚特)ཡི་གླེང་བརྗོད་ནང་གསལ་བར་བཏོན་ཡོད་པ་སྟེ། “མ་རྩོམ་གྱི་ཚིག་འབྲུ་དེད་དེ་ཡིག་སྒྱུར་བྱས་ན་ཐོག་མའི་མ་ཡིག་གི་གསོན་ཉམས་དང་ཉམས་འགྱུར་སོགས་བརླག་འགྲོ་ཡི་ཡོད།  དེ་ལྟར་མ་ལུས་ཚིག་འབྲུ་དེད་དེ་སྒྱུར་མཁན་གྱི་སྒྱུར་པ་པོ་དེ་ཚོས་བརྗོད་པ་བདེ་ལ་རྣ་བར་སྙན་པའི་ཕ་སྐད་ལ་ཕོག་ཐུག་གཏོང་གི་ཡོད།  ཨུ་ཚུགས་ཀྱིས་རྒྱན་སྤྲོད་དུ་བཅུག་པ་དེས་མ་ཡིག་གི་རྩོམ་པ་པོ་ཁ་སྐྱེངས་གནས་སུ་སྐྱེལ་བར་ངེས། ”ཞེས་གསུངས་དོན་ཡང་གཙོ་བོར་ཁྲབ་མན་གྱིས་སྙན་ངག་གི་ལྕི་ཡང་འགྱུར་ཁུགས་དང༌།  སྲོག  དེ་བཞིན་རྒྱན་སོགས་མང་དག་ལ་དམིགས་ནས་བློ་ཁོག་ཆེན་པོས་དོན་སྒྱུར་གྱིས་མ་ཡིག་ལས་རྒྱལ་དགོས་པ་བསྟན་པ་ཡིན། དེ་ཡང་དོན་སྒྱུར་ཞེས་པ་བསྟན་དོན་འགྱུར་བའི་དོན་མ་ཡིན་པར་བསྟན་དོན་གཅིག་ཡིན་པའི་རྨང་གཞིའི་ཐོག་འབོད་སྟངས་འགྱུར་བ་ཙམ་ཡིན།  ཕྱིས་དུས་རབས་༢༠པར་ཡིག་སྒྱུར་གཞུང་ལུགས་མཁས་པ་ཕང་ཏེ་ཡང་ཁྲབ་མན་གྱི་ཤུགས་རྐྱེན་འོག་འགྲེལ་སྒྱུར་ཡིག་སྒྱུར་ཐབས་(阐释性翻译法)ཞེས་པ་བཏོན་པ་ཡིན།  ཁོང་གིས་རྒྱ་ཡིག་སྙན་ངག་མི་ཉུང་བ་ཞིག་དབྱིན་ཡིག་ཏུ་འགྱུར་ལ། མང་ཆེ་བ་སྙན་ངག་གིས་སྙན་ངག་ཉིད་སྒྱུར་བའི་རྨང་གཞིའི་ཐོག་འགྲེལ་སྒྱུར་ཐབས་ཀྱིས་སྙན་ངག་དག་དབྱིན་ལུགས་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་འགྱུར་བས་ཕྱིས་རབས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།  ཁོང་གིས་སྙན་ངག་ཅིག་སྒྱུར་བ་ནི་སྙན་ངག་གསར་པ་ཞིག་རྩོམ་པ་ལྟ་བུ་ཡིན་པའི་ལྟ་བ་ཡང་བཏོན་ཡོད།  འོན་ཀྱང་བོད་ཀྱི་སྙན་ངག་ཡིག་སྒྱུར་ཁྲོད་དེ་ལྟར་ཚོད་བགམ་བྱེད་མཁན་ནི་ཧ་ཅང་དཀོན་ལ་ལྐུགས་པ་ཨུ་ཚུགས་ཀྱིས་ཡིག་སྒྱུར་བྱེད་མཁན་ཡང་ཧ་ཅང་མང་བར་མཐོང༌།  ལ་ལས་དོན་སྒྱུར་བྱས་ན་མ་ཡིག་ལ་བརྩི་སྲུང་མ་བྱས་པའི་རྟགས་རེད་ཟེར། འོ་ན་ཐད་སྒྱུར་བྱས་ན་མ་ཡིག་གི་འདོད་པ་ཡོངས་སུ་སྐོང་ཐུབ་བམ་ཞེ་ན། དེ་ནི་ང་ཚོས་དཔེ་གཞི་ཞིག་གི་ཐོག་ནས་དབྱེ་ཞིབ་བྱས་ན་ཤེས་ཡོང༌། དཔེར་ན། མ་ཡིག  བྱ་དེ་ཁྲུང་ཁྲུང་དཀར་མོ།  །གཤོག་རྩལ་ང་ལ་གཡོར་དང༌། །ཐག་རིང་རྒྱང་ལ་མ་འགྲོ།  །ལི་ཐང་སྐོར་ནས་སླེབས་ཡོང༌། ། A 译文:白色的野鹤啊,    请将飞的本领借我一用。  我不到远处去耽搁,  到理塘去一趟就回来。B 译文:跨鹤高飞意壮哉,云霄一羽雪皑皑,此行莫恨天涯远。咫尺理塘归去来 གོང་གི་འགྱུར་དེ་གཉིས་ལས་འགྱུར་Aདེ་ནི་ཐད་སྒྱུར་ཡིན་མོད། མ་ཡིག་དང་བསྡུར་ན་སྙན་ངག་གི་རོ་མི་ལྡན་ལ། སྙན་ངག་ཉིད་སྙན་ངག་གིས་འགྱུར་བ་ལྟར་མི་མཐོང་བས་གལ་ཏེ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་བཞུགས་ཡོད་ཚེ་(མ་ཡིག་གི་རྩོམ་པ་པོ)ཞལ་སྐྱེངས་པོ་ཞིག་ཡོང་སྲིད་ལ། རྒྱའི་ཀློག་པ་པོ་ཚོས་ཀློག་ཚེ་དེ་ནི་སྤྱིར་བཏང་གི་སྙན་ངག་ཅིག་ལས་ཧ་ལས་ཧང་བསངས་དགོས་པ་ཞིག་གང་ན་འདུག་ཅེས་དོགས་འདྲི་ཡང་བྱེད་སྲིད།  འགྱུར་Bདེ་ནི་འགྱུར་པ་པོའི་རྣམ་དཔྱོད་རྩལ་དང་སྙན་ངག་ལ་བྱང་གོམས་ཆེ་བའི་རྐྱེན་གྱིས་དོན་སྒྱུར་ཐབས་སྤྱད་དེ་རྒྱའི་ཚེག་བར་བདུན་ཅན་གྱི་གནའ་བོའི་སྙན་ངག་རྩོམ་སྟངས་སྤྱད་དེ་འགྱུར་བས་སྙན་ངག་ཉིད་སྙན་ངག་གིས་འགྱུར་བའི་སྣང་བ་དང་སྙན་ངག་ཉིད་དོན་སྒྱུར་བྱེད་པའི་ཁྲབ་མན་གྱི་ཡིག་སྒྱུར་གཞུང་ལུགས་དང་ཡོངས་སུ་མཐུན་པས་ཤེས་རྨོངས་པ་རང་ཉིད་ཀྱིས་བལྟས་ན་འགྱུར་སྤུས་དག་ཅིག་རེད་སྙམ།  དེ་ཡང་དོན་སྒྱུར་བྱེད་པའི་དགོས་པ་གཞན་ཞིག་ནི་མི་རིགས་གཉིས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་མི་འདྲ་བས་རེ་འགར་ཐད་ཀར་སྒྱུར་ན་མི་འཚམས་པས་དེ་འདྲའི་བྱེད་དཀའ་བྱེད་གཏད་ཀྱི་སྐབས་སུ་དོན་སྒྱུར་མི་བྱེད་ཀ་མེད་དུ་འགྱུར་ཀྱིན་ཡོད། དེ་ཡང་སྐད་རིགས་མི་འདྲ་བར་འཇིག་རྟེན་ལྟ་བ་མི་འདྲ་བ་སྟེ་སྐད་རིགས་མི་འདྲ་བ་རེས་འཇིག་རྟེན་ལྟ་བ་མི་འདྲ་བ་རེ་མཚོན་གྱི་ཡོད།  དཔེར་ན།  Lily ཞེས་པ་དེ་མེ་ཏོག་དཀར་པོའི་རིགས་ཤིག་ཡིན། དེ་ཡང་ཀྲུང་གོར་ལོ་བརྒྱ་འཆམ་མཐུན་གྱི་དོན་ཡིན་མོད།  འཇའ་ཕན་དུ་མེ་ཏོག་དེ་རིགས་འདས་པོར་དྲན་གསོ་ཞུ་ཆེད་ཀྱི་མྱ་ངན་མཚོན་རྟགས་རེད། གལ་ཏེ་སྙན་ངག་ནང་དུ་དེ་འདྲའི་ཚིག་ཡོད་ཚེ་དོན་སྒྱུར་བྱས་ན་དེ་བས་ཀློག་པ་པོར་ཞབས་འདེགས་ལེགས་པར་ཞུ་ཐུབ་པ་ཡིན།  དེ་ཡང་བོད་ཀྱི་སྙན་ངག་ཡིག་སྒྱུར་ལས་དཔེ་འགའ་ཞིག་དྲངས་ནས་གསལ་བཤད་རགས་ཙམ་བྱེད་ཁུལ་བྱས་ན།  དཔེར་ན། མ་ཡིག  人逢喜事精神爽,死到临头便发狂  འགྱུར་ཡིག་ཏུ།  “བཟང་པོ་ཐུག་ན་མི་སེམས་དགའ། ཤི་ཁར་ཐུག་ན་སྨྱོ་ཧམ་ཆེ།” ཞེས་པའི་མ་ཡིག་དེ་སྙན་ངག་ཚིག་རྐང་གཉིས་རེད་ལ། གཏམ་དཔེའི་རོ་དང་ལྡན་པའི་ཚིག་རྐང་ཞིག་ཡིན་པས།  ང་ཚོའི་གོང་ལྟར་ལྐུགས་པ་ཨུ་ཚུགས་ཀྱིས་ཐད་སྒྱུར་བྱེད་དགོས་པའི་དགོས་པ་ཅང་མེད། དེ་ཡང་མ་ཡིག་དེ་དང་བསྟན་དོན་གཅིག་འདྲ་ཞིག་བོད་མིའི་ཁ་རྒྱུན་ན་ཡོད་པ་སྟེ།་“ར་ཤ་ཟ་དུས་དགོད་འཛུམ་འཛུམ། ར་རིན་བསྡུ་དུས་ངུ་ཤིག་ཤིག་” ཅེས་པའོ། དེ་ལྟར་འགྱུར་བས་གཅིག་ནས་སྙན་ངག་ཉིད་སྙན་ངག་གིས་འགྱུར་ཐུབ་པ་བྱུང་ཡོད་ལ་གཉིས་ནས་བོད་ཀྱི་བྲོ་བ་དང་ལྡན་པའི་དོན་སྒྱུར་ཞིག་ཆགས་པས་ཡིག་སྒྱུར་གདེང་འཇོག་པ་ཚོས་བསྟོད་པའི་མེ་ཏོག་ཡང་འབུལ་སྲིད་སྙམ།  ཡང་མ་ཡིག  忠贞为国款款意,尽瘁爱民耿耿心 འགྱུར་ཡིག་ཏུ། “མེས་རྒྱལ་ཀུ་མུད་དགའ་ཚལ་ཉེར་སྐྱོང་ཞིང༌།  མི་དམངས་ཚ་གདུང་སེལ་བའི་རི་བོང་ཅན”  ཞེས་མ་ཡིག་ལས་རྩོམ་པ་པོས་ཙུང་ལི་མཆོག་མེས་རྒྱལ་དང་མི་དམངས་དོན་དུ་སེམས་པ་རྣམ་དག་ཡིན་ལུགས་བཀོད་མོད།  ཡིན་ན་ཡང་སྒྱུར་པ་པོས་རང་ཉིད་ཀྱི་འགྲན་བྲལ་ཡིག་སྒྱུར་རྩལ་ལ་བརྟེན་ནས་མེས་རྒྱལ་དང་མི་དམངས་ཞེས་པའི་མིང་ཚིག་གཉིས་ཕུད་གཞན་ཚང་མ་བོད་ལུགས་བཞིན་དོན་སྒྱུར་ལེགས་པར་བྱས་པས་ཀློག་ན་རྣ་བར་སྙན་ལ། འགྱུར་ཡིག་གི་སྣང་བ་ཡང་མེད་པར་དཔེ་མཚར་པོ་གཉིས་ཁ་གསབ་ཀྱིས་བསྟན་པས་ང་ཚོའི་མིག་དཔེར་འོས་པའི་འགྱུར་ཞིག་ཏུ་མཐོང༌།  ཡང་དཔེར་ན།  མ་ཡིག  今朝祭总理,来日斩篷雀འགྱུར་ཡིག་ཏུ། “དུས་དེ་རིང་ཙུང་ལི་མཆོད་པའི་རྗེས།  ངེད་མཁའ་ལྡིང་དབང་པོས་ལྟོ་འགྲོ་གསོད།④”འགྱུར་འདིའི་ཚིགས་རྐང་དང་པོ་དེ་ཐད་སྒྱུར་དུ་སོང་མོད། ཚིག་རྐང་གཉིས་པ་དེ་བོད་ཀྱི་ལུགས་ལྟར་དོན་སྒྱུར་གྱིས་དཔེ་གཉིས་ཀ་མངོན་བརྗོད་ཀྱི་སྒོ་ནས་བསྟན་པས་ཀློག་པ་པོར་བག་ཆགས་ལེགས་པོ་ཞིག་བཞོག་ཐུབ་པ་བྱུང་ཡོད།  དེ་བས་མ་ཡིག་ནང་ཛར་ཛོར་གྱི་སྐད་ཆ་མང་དག་ཅིག་ཡོད་ཚེ་འགྱུར་དུས་བརྗོད་པ་བདེ་པོ་ཞིག་ཡོང་གི་མེད། དེའི་དུས་སུ་ང་ཚོས་རྡོག་རྡོག་དོན་ཉིད་སྟོན་པའི་སྐད་ཆ་གཞན་གྱིས་ཚབ་བྱས་པས་ཆོག  དཔེར་ན། 原文:无论什么人,只要他没有尝过饥与渴是什么味道,他就永远也享受不到饭与水的甜蜜。不懂得生活到底是什么滋味。རང་ཉིད་ཀྱིས་དོན་སྒྱུར་བྱས་ཏེ་འགྱུར་ཁུལ་བྱས་ན། “འཇིག་རྟེན་སྟེང་གི་འགྲོ་བ་སུ་ཞིག་ཡིན་རུང་། གལ་ཏེ་ཁོ་པས་ཁ་ཏིག་གི་བྲོ་བ་མྱོང་མ་མྱོང་ཚེ།  དེ་བས་མངར་མོའི་བྲོ་བ་ཇི་ལྟར་ཤེས།”ཞེས་འགྱུར་ན་གོ་དོན་གྱི་ནང་སྙིང་དག་ཀློག་པ་པོར་སྔར་བཞིན་བརྒྱུད་སྤྲོད་ཐུབ་པ་ཡིན་ལ། ལྷུག་རྩོམ་དང་སྙན་ངག་འདྲེས་མའི་མ་ཡིག་དེ་བུ་ཡིག་ནང་དུ་སྔར་བཞིན་མཚོན་ཐུབ་པ་ཡིན་ནོ། འོན་ཀྱང་སྙན་ངག་ཡོད་རིགས་དོན་སྒྱུར་བྱེད་དགོས་པའི་དགོས་པ་མེད་ལ། ཚང་མ་དོན་སྒྱུར་དུ་འགྲོ་བའི་ངེས་པ་མེད།  ཐོག་མར་མ་ཡིག་ལ་གོ་བ་ལེགས་པར་བླངས་པའི་རྨང་གཞིའི་ཐོག་བུ་ཡིག་ཏུ་དོན་སྒྱུར་དང་ཐད་སྒྱུར་གང་ཞིག་སྤྱད་ནས་ཕབ་ན་ལེགས་མིན་ལ་ལེགས་པར་བརྟག་སྟེ་སྙན་ངག་ཡིག་སྒྱུར་ལ་བཞུགས་དགོས།  ཆེས་གལ་ཆེ་བ་ཞིག་ནི་དོན་སྒྱུར་དང་ཐད་སྒྱུར་གང་ཞིག་བྱས་ཀྱང་སྙན་ངག་གོས་དེ་གསར་པ་ཞིག་ཏུ་བརྗེད་མི་རུང་ངོ་།
 
དཔྱད་གཞིའི་ཡིག་རིགས།

①《20世纪中国翻译思想史》  南开大学出版社   
② 刘广星编著  《唐诗三百首》  内蒙古人民出版社
③《论语》电子版  
④ 《天安门诗抄》童怀周编选 人民文学出版社 2009年9月第一版
⑤ 《གནམ་བདེ་སྒོ་མོ་ཆེའི་སྙན་ངག་འདྲ་བཤུས།》  མི་རིགས་དཔེ་སྐྲུན་ཁང་བསྐྲུན་པ།
⑥谭载喜著  《西方翻译简史》  商务印书馆
⑦ 拉都著  汉藏语法比较与翻译  四川出版集团  四川民族出版社
⑧乌尔法特著《生活》 董振邦译  《中外散文诗佳作选》青海人民出版社
                         ༼རྩོམ་པ་པོ་ནི་གཞིས་རྩེ་མཐོ་འབྲིང་གསུམ་པའི་དགེ་རྒན་ཡིན༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲབ་མན་གྱི་སྙན་ངག་ཡིག་སྒྱུར་དགོངས་པ་ལས་འཕྲོས་ཏེ་བོད་ཀྱི་སྙན་ངག་ལོ་ཙཱའི་ལག་ལེན་ལ་རགས་ཙམ་དཔྱད་པ།

2013-05-10 བཀྲ་ཤིས་བསྟན་པ།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།