《རྒན་པོ་དང་རྒྱ་མཚོ》བཀླགས་རྗེས་ཀྱི་མྱོང་སྣང་ཐན་ཐུན།

  བརྩམས་སྒྲུང་ནི་དངོས་ཡོད་འཚོ་བ་ལས་བྱུང་ཞིང་དེ་འཚོ་བ་ཡི་ཆེས་མཐོ་ས་ན་གནས་ཡོད།བརྩམས་སྒྲུང་མང་ཆེ་བ་ནི་དོན་དངོས་གཞི་རྩ་བྱས་ནས་བྱུང་བ་ཡིན་མོད།བློ་ལས་འགོང་བའི་རང་ཉིད་ཀྱི་དངོས་ཡོད་འཚོ་བ་དང་འཚོ་ཚིས་ལ་མི་རྣམས་ཀྱིས་བརྩམས་སྒྲུང་ཞེས་པའི་མིང་བཏགས་པ་རེད།ཧེ་མིན་བེ་ལགས་ཀྱི་རླབས་ཆེ་བའི་རྩོམ་རིག་གི་གྲུབ་འབྲས་དང་ཁོས་བཞེངས་སྐྲུན་བྱས་པའི་རུས་པ་མཁྲེགས་པོ་ཅན་གྱི་རྒན་པོའི་སྣང་བརྙན་དག་ཀློག་མཁན་ཚོའི་ནང་སེམས་ཀྱི་ཟབ་སར་ཟུག་ཐུབ་པའི་རྒྱུ་རྐྱེན་དེ་གང་ཡིན་ཞེ་ན།དེ་ནི་རྩོམ་པ་པོ་ཁོ་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་དང་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མར་འབྲེལ་བ་ངེས་ཅན་ཡོད།ཧེ་མིན་བེ་ཡི་མི་ཚེ་གང་བོ་ནི་གཏམ་རྒྱུད་ངོ་མཚར་ཅན་དང་འབྲེལ་ཆེ།ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།རྩོམ་པ་པོ་ཁོང་ནི་ཁོའི་ངོ་མཚར་གྱི་མི་ཚེ་ཉམས་མྱོང་དང་རྩོམ་རིག་སྣང་བརྙན་གཉིས་ཟུང་དུ་སྦྲེལ་ནས་གྲུབ་འབྲས་ཐོབ་མཁན་གྱི་རྩོམ་པ་པོ་ཡན་གར་བ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་གང་ཡང་མེད་སྙམ།
          གཅིག  ཧེ་མིན་བེ།དུས་རབས་ཉི་ཤུ་བའི་མཚར་སྒྲུང་།
  རྩོམ་པ་པོ་ཁོང་ཉིད་ལོ་བཅོ་བརྒྱད་ཀྱི་སྟེང་དུ་སྔ་ཕྱིར་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་དང་སི་ཕེན་གྱི་ནང་འཁྲུག་བཅས་ལ་ཞུགས་ནས་མི་ཚེ་གང་བོར་རྨས་མང་པོ་ཕོག་པ་རེད།ཨ་རིའི་ཞིབ་འཇུག་པ་ཞིག་གིས་སྡོམ་རྩིས་བྱས་པ་ལྟར་ན།དམག་འཁྲུག་དེ་དག་གི་ཁྲོད་ནས་ཉུང་མཐར་ཡང་ཁོའི་མགོ་ཐེངས་གཅིག་ལ་བཅག་མྱོང་ཡོད་ཅིང་ཀླད་པ་ཐེངས་བཅུ་གཉིས་ལ་འཁྱོམ་མྱོང་བར་མ་ཟད།ཉེན་ཁ་ཆེ་བའི་རླངས་འཁོར་དོན་རྐྱེན་ཐེངས་གཉིས་ལ་བྱུང་ཡོད།ཧྥེ་གླིང་གི་ནགས་ཚལ་ཁྲོད་རི་དྭགས་རྔོན་སྐབས་ཉིན་གཉིས་ཀྱི་ནང་དུ་གནམ་གྲུའི་དོན་རྐྱེན་ཐེངས་གཉིས་ལ་བྱུང་ནས་ཁོག་སྐྱོན་ཆེན་པོ་བྱུང་བ་མ་ཟད་ཀླད་པ་ཐེངས་གཅིག་ལ་འཁྱོམ་ནས་དུས་ཡུན་རིང་བོར་མིག་གིས་མཐོང་ཐབས་བྲལ་བའི་གནས་སུ་གྱར་བ་རེད།དམག་འཁྲུག་ཁོ་ནའི་ཐད་ནས་བཤད་ནའང་།ཁོའི་ལུས་སྟེང་དུ་མདེའུ་དགུ་ཕོག་མྱོང་ཁར་མགོ་ཐེངས་དྲུག་ལ་རྨས་པ་རེད།ཁོང་ཉིད་ལོ་བཅོ་བརྒྱད་ཀྱི་སྟེང་དུ་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྲོད་ཞུགས་ནས་དབྱི་ཏ་ཐ་ལི་ནས་འགད་རྫས་ཀྱིས་རྨས་སྐྱོན་བཏང་མཐར་འཐབ་རོགས་ཚོས་ཁོ་ཤི་ཐག་ཆོད་ཡིན་སྙམ་ནས་ཁོ་ལ་སྨན་བཅོས་མ་བྱས་མོད།མཇུག་མཐར་སྨན་པས་ཁོའི་ལུས་སྟེང་ནས་ཁྱོན་ཆག་རོ་ཉིས་བརྒྱ་སོ་བདུན་བླངས་ལ་ལེན་མ་ཐུབ་པ་དག་བརྩི་ཐབས་བྲལ།1944ལོར་ཁོ་ཨ་རིའི་དམག་གི་རུ་དཔུང་དང་འགྲོགས་ནས་ཡོ་རོབ་ཀྱི་ནོ་མིན་ཏི(诺曼底)སྐམ་སར་བུད།ངེས་མེད་རྒོལ་རྡུང་རུ་ཁག་སྐོར་ཞིག་ཁྲིད་ནས་པ་ལི་ཡི་ཁེ་ཞོན་མིན་ས་ཁུལ་ནས(巴黎凯旋门)འཇར་དམག་དང་འཐབ་འཛིང་བྱས་མཐར་ཚད་ལྡན་གྱི་དམག་དཔུང་ལས་སྔ་མོར་པ་ལི་ནས་བཅའ་སྡོད་བྱེད་ཐུབ་པ་བྱུང་།འདི་ནི་ཧེ་མིན་བེ་ལགས་ཀྱི་ངོ་མཚར་ཆེ་ལ་རྨད་དུ་བྱུང་བའི་མི་ཚེ་ལོ་རྒྱུས་ཀྱི་མཐོ་རླབས་སུ་བརྩིས་ཆོག ཁོའི་འཆི་སྟངས་ལའང་ཐུན་མིན་གྱི་ཁྱད་ཆོས་ཡོད་དེ།1961ལོའི་ཟླ་7པའི་ཚེས་2ཉིན།རྩོམ་པ་པོས་རང་ཉིད་ཀྱི་ཆེས་གཅེས་པའི་རི་དྭགས་རྔོན་བྱེད་ཀྱི་མེ་མདའ་ཁོའི་ཁ་ནང་དུ་བཙུག་སྟེ་མེ་མདའི་མ་ཤུབས་མནན་པ་ན་ཀླད་པ་ཕྱེད་ཀ་གཏོར་ནས་རང་ཤི་བརྒྱབ་པ་རེད།
གོང་ནས་ཧེ་མན་བེ་ལགས་ཀྱི་ངོ་མཚར་གྱིས་ཕྱུག་པའི་མི་ཚེ་གཏམ་རྒྱུད་བཤད་ཟིན་ལ།དེ་ནི་ཁོང་གི་བརྩམས་སྒྲུང་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ངེས་ཅན་ཡོད།ཁོང་གི་བརྩམས་སྒྲུང་གིས་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་རུས་པ་མཁྲེགས་པོ་ཅན་གྱི་སྣང་བརྙན་ཅི་རིགས་བསྐྲུན་མྱོང་ཡོད་ལ།རུས་པ་མཁྲེགས་པོ་ཅན་གྱི་སྣང་བརྙན་དེ་དག་གི་ཁྲོད་ན་རྩོམ་པ་པོ་ཁོང་གི་གྲིབ་གཟུགས་དང་སྲ་མཁྲེགས་ཀྱི་རྣམ་ཤེས་འོད་དུ་འཚེར་བཞིན་ཡོད།ཧེ་མན་བེ་ཡིས་ཁོང་གི་སྒྲུང་རིང《མཚོན་ཆ་དང་གཏན་དུ་གྱེས་པ》ཞེས་པའི་ཁྲོད་འདི་ལྟར་བཤད་ཡོད་དེ།༼ང་ཚོ་མི་སུ་ཡིན་རུང་འཇིག་རྟེན་འདིའི་སྟེང་ནས་དཀའ་ཁག་དང་ཕམ་ཉེས་ཅི་རིགས་ལ་འཕྲད་མྱོང་མོད།མི་མང་པོ་ཞིག་ནི་ཕམ་ཉེས་དང་མནར་གཅོད་ཅི་ཙམ་བྱས་ཀྱང་དེ་ལས་ལྡོག་སྟེ་ཇེ་ངར་དུ་འགྲོ་ངེས།༽དངོས་ཡོད་འཚོ་བའི་ཁྲོད་དུ་ང་ཚོ་མི་རེ་རེ་ནི་ཁོང་གིས་བཤད་པ་ནང་བཞིན་གྱི་སྲ་བརྟན་འགྱུར་མེད་དང་རྟུལ་ཕོད་ཅིག་འོང་ཁག་མོད།སྐད་ཆ་འདིས་རང་ཉིད་སྲ་བརྟན་འགྱུར་མེད་ཀྱི་རྟུལ་ཕོད་མཁན་ཞིག་ལ་འགྱུར་བར་བརྩོན་མཁན་ཚོར་སྐུལ་འདེད་བློས་དཔག་དཀའ་བ་ཞིག་བྱེད་ངེས་ཡིན།
  《རྒན་པོ་དང་རྒྱ་མཚོ》ཞེས་པའི་བརྩམས་སྒྲུང་འདི་ནི་1952ལོར་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་ཁོང་གི་གསར་རྩོམ་གྱི་མཐོ་རླབས་གཉིས་པ་འཕྱུར་ས་ཡིན་པ་མ་ཟད།རྩོམ་པ་པོ་རང་ཉིད་ཆེས་དགའ་གུས་བྱེད་སའི་བརྩམས་ཆོས་ཀྱང་ཡིན་པས།བརྩམས་ཆོས་འདི་ལ་བརྟེན་ནས་1954ལོར་ཁོང་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ་རེད།དེ་བས་རྩོམ་པ་པོ་ཁོང་ནི་དུས་རབས་ཉི་ཤུ་བའི་མཚར་སྒྲུང་ཡིན་ལ།ཕམ་ཁའི་ཁྲོད་ནས་རྒྱལ་རྔ་རྡུང་མཁན་གྱི་རྟུལ་ཕོད་པ་དེ་ཡང་ཁོང་ཡིན་ན་ཤིན་ཏུ་འགྲིག

            གཉིས།  རྒན་པོ།  ཕམ་ཁའི་ཁྲོད་ནས་རྩིས་ཐང་གཉེར་མཁན་གྱི་རྟུལ་ཕོད་པ།
   《རྒན་པོ་དང་རྒྱ་མཚོ》ཞེས་པའི་བརྩམས་སྒྲུང་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་ནི་ཤིན་ཏུ་སྟབས་བདེ་སླ་བཅོས་ཡིན།རྩོམ་གྱི་མགོར་ཁུ་པ(古巴)རྒྱལ་ཁབ་ཀྱི་ཉ་བ་རྒན་པོ་ཟང་ཐི་ཡཱ་ཁུ་གཅིག་པུ་གྲུ་ཆུང་ཞིག་ལ་བསྡད་ནས་རྒྱ་མཚོའི་ཀློང་ཡངས་སུ་ཞུགས་ཀྱིན་ཡོད་པར་མ་ཟད།ཉིན་གྱ་བཞིར་ཉ་གཅིག་ཀྱང་འཛིན་མ་ཐུབ།ཉིན་བཞི་བཅུའི་ནང་དུ་བྱིས་པ་ཕོ་ཆུང་ཆུང་ཞིག་རྒན་པོ་དང་ལྷན་དུ་ཉ་འཛིན་པར་སོང་མྱོང་ཡོད་ནའང་།ཉིན་བཞི་བཅུའི་ནང་ཉ་གཅིག་ཀྱང་འཛིན་མ་ཐུབ་པས།བྱིས་པའི་ཕ་མ་གཉིས་ཀྱིས་བྱིས་པར་ཁྱོད་ཀྱི་འགྲོ་རོགས་རྒན་པོ་དེའི་རླུང་རྟ་མར་འགྲིབ་ཀྱིན་ཡོད་ཅེས་བསྡིག་རྗེས།བྱིས་པ་དེ་གྲུ་གཞན་པའི་སྟེང་མངགས་ནས་ཉ་འཛིན་པར་བཏང་།དེ་ནས་བཟུང་རྒན་པོ་ཁེར་ཧྲེང་གི་ངང་ནས་རྒྱ་མཚོར་ཞུགས་དགོས་བྱུང་བ་རེད།ཉིན་གྱ་བཞི་བར་རྒན་པོས་གཞི་ནས་ཉ་ཆེན་པོ་ཞིག་(马林鱼)འཛིན་ཐུབ་པ་བྱུང་ལ།དེ་ནི་རྒན་པོར་མཚོན་ན་ཁོའི་མི་ཚེ་གང་བོར་མཐོང་མྱོང་མེད་པའི་ཉ་ཞིག་རེད།ཉ་དེའི་རིང་ཐུང་ཁོའི་གྲུ་ལས་དབྱིན་ཁྲེ(英尺)གཉིས་ཀྱིས་རིང་བ་ཡོད།ཉ་ཡི་ལུས་བོངས་ཆེ་ལ་ཤེད་ཤུགས་ཆེ་བས།དུས་ཡུན་རིང་བོར་ཉ་ཆེན་གྱིས་གྲུ་ཆུང་འདྲུད་འཐེན་བྱས་ཏེ་ཆུ་ཁར་གཡེང་ནས་སོང་།རྒན་པོས་ཉ་ཆེན་མ་བཏང་བར་ཉིན་ཞག་གཉིས་ལྷག་འདས་ཟིན།རྒན་པོ་ཉིན་ཞག་དེ་གཉིས་ཀྱི་རིང་དུ་སྔར་མྱངས་མ་མྱོང་བའི་དཀའ་ཁག་དང་ཉེན་ཁར་འཕྲད་ལ།མཇུག་མཐར་རྒན་པོས་ཉ་ཆེན་དེ་རང་ཉིད་ཀྱི་གྲུ་ཆུང་གི་ཉེ་སར་འཐེན་ནས་ཉ་ཚེབ་ཀྱིས་བསད་ནས་ཉའི་བེམ་པོ་གྲུ་ཡི་སྔས་མགོར་བཏགས་མོད།ཡིན་ནའང་སྐབས་དེར་ཆུ་སྲིན་ཞིག་ཁོའི་ཉ་ཆེན་འཕྲོག་ཏུ་ཡོང་ནས།རྒན་པོ་དང་ཆུ་སྲིན་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དྲག་པོ་བྱས་ལ།རྒན་པོས་ཉ་ཚེབ་དང་རལ་གྲི་སྤྱད་ནས་ཉ་ཆེན་འཕྲོག་ཏུ་ཡོང་མཁན་གྱི་ཆུ་སྲིན་རེ་རེ་བཞིན་བསད་ནས།མཐའ་མར་ཁོ་ལ་གྲུ་ཁ་ལོ་བསྒྱུར་བྱེད་ཀྱི་ཡུ་བ་ཆག་པོ་ཞིག་ལས་ཅི་ཡང་ལྷག་མེད།བརྩམས་སྒྲུང་འདིའི་མཇུག་འབྲས་ག་འདྲ་ཞིག་ཡིན་ཞེ་ན།ཆུ་སྲིན་དག་གིས་ཉ་ཆེན་གྱི་ཤ་ཚང་མ་ལྷག་ལུས་མེད་པར་ཟོས་ཚར་ནས།རྒན་པོ་ཡུལ་ལ་ཐོན་རྗེས་འཁྱེར་ཡོང་ཡོད་པ་ནི་སྐྱ་ཐེར་ཐེར་གྱི་རུས་སྒྲོམ་དེ་ཁོ་ནའོ།།
   འདི་ལྟ་བུའི་གཏམ་རྒྱུད་སྟབས་བདེ་ཞིག་ལ་ཅིའི་ཕྱིར་ནོ་པེར་རྩོམ་རིག་བྱ་དགའ་བསྩལ་ནས་ཉམས་པ་མེད་པའི་གྲགས་རྩོམ་དུ་གྱུར་བ་རེད།ཡང་སྙིང་རྩོམ་འདིར་མི་སེམས་སྒུལ་བྱེད་ཀྱི་དགེ་མཚན་གང་དག་ཡོད་ཅེ་ན།ཕྱོགས་གཉིས་ཀྱི་ཆ་ན་དགེ་མཚན་ཡོད་དེ།གཅིག་ནི་རྩོམ་གྱི་ཁྲོད་མངོན་པའི་རྒན་པོ་ཡི་ཁེར་བཤད་དག་ཡིན།ཧེ་མིན་བེ་ལགས་ཀྱིས་བརྩམས་སྒྲུང་འདིའི་ཁྲོད་ཐབས་རྩལ་བཀོལ་ཐེངས་ཆེས་མང་པ་ནི་ནང་སེམས་ཀྱི་ཁེར་ལབ་ཡིན་ལ།དེ་ནི་སྐབས་འགར་ནང་སེམས་གྱི་འགུལ་རྣམ་ཡིན་ལ་སྐབས་འགར་ཁེར་བཤད་རྒྱག་པ་མངོན་མཚོན་བྱས་ཡོད།རྩོམ་འདི་བཀླགས་པའི་གོ་རིམ་ཁྲོད་ང་ཚོས་རྒན་པོའི་བརྒྱུད་མྱོང་བའི་ཉེན་ཁར་གདུང་སེམས་འཆང་ཐུབ་པ་མ་ཟད།རྒན་པོའི་ནང་སེམས་ཀྱི་འགྱུར་ལྡོག་ལ་གཟབ་ཉན་བྱེད་ཐུབ།མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པའི་ཁྲོད་ཀྱི་རྒན་པོའི་བསམ་བློ་དང་སེམས་ཁམས་མངོན་སྟངས་ནི་བརྩམས་སྒྲུང་འདིའི་ཁྲོད་ཆེས་དོ་སྣང་བྱེད་རིན་ཡོད་པ་ཞིག་རེད།རྒན་པོ་དང་ཉ་ཆེན་གཉིས་ཀྱིས་ཉིན་ཞག་གཉིས་ལ་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་པ་དེ་ནི་ལུས་པོའི་སྟེང་ཁོ་ནའི་ཉེན་ཁ་ཞིག་མ་ཡིན་པར།སེམས་ཁམས་ཀྱི་ཉེན་ཁའི་བརྒྱུད་རིམ་ཞིག་ཀྱང་ཡིན།རྒན་པོར་འཇིགས་སྣང་སྐྱེད་བྱེད་ནི་ཉ་ཆེན་དེ་ཁོ་ན་མ་ཡིན་པར།ཁོ་ད་དུང་མཚན་སྨག་དང་ཁེར་རྐྱང་།ངལ་དུབ།འཆི་བར་འཇིགས་སྐྲག་སྐྱེས་པ།རང་ཉིད་ཀྱི་ཡིད་ཆེས་དང་སྙིང་སྟོབས་ཉམས་རྒུད་དུ་འགྲོ་བ་བཅས་ལས་རྒྱལ་དགོས་པ་ཡིན།
  བརྩམས་སྒྲུང་འདིའི་ཁྲོད་མངོན་པའི་རྒན་པོ་ཡི་ཁེར་ལབ་མང་པོས་ང་ཚོར་རྒན་པོ་དེའི་ཁེར་རྐྱང་གི་གདུང་བ་ཚོར་དུ་བཅུག འོན་ཀྱང་ཁེར་ལབ་རྒྱག་པ་ནི་རྒན་པོར་མཚོན་ན་རང་ཉིད་ཁེར་རྐྱང་ལས་རྒྱལ་བར་བྱེད་པའི་ཐབས་ཤེས་ཤིག་ཡིན་ལ།ཁོ་ལ་འདི་ལས་གཞན་གྱི་ཁེར་རྐྱང་སེལ་བྱེད་ཀྱི་ཐབས་ཤེས་ཅི་ཡང་མེད།རྒན་པོའི་ཁེར་རྐྱང་གི་སྐྱོ་དུབ་དེས་ང་ཚོར་སྐྱོ་སྡུག་གི་སེམས་ཁམས་ཤིག་བསྐྲུན་ནས་ཡོད།
དགེ་མཚན་གཞན་ཞིག་ནི་བརྩམས་སྒྲུང་གི་མཇུག་བསྡུ་སྟངས་ཡིན།རྒན་པོས་དཀའ་བ་ཁྱད་དུ་བསད་ནས་ཉ་ཆེན་བཟུང་ནའང་།ཁོའི་ཉ་དེ་ཆུ་སྲིན་དག་གིས་ལྷག་ལུས་མེད་པར་ཟོས་ཚར་བ་རེད།ངས་བསམ་ན་ཀློག་མཁན་ཚང་མ་མཚམས་འདིར་ཐོན་དུས་ནང་སེམས་ལ་སྨྲ་མི་ཤེས་པའི་སྐྱོ་གདུང་ཞིག་གིས་མནར་སྲིད།ཧེ་མིན་བེ་ཡིས་ཅིའི་ཕྱིར་རྒན་པོར་རྒྱལ་ཁ་རེག་ཏུ་མ་བཅུག་པ་རེད།ཡང་ན་ཁོས་ཅིའི་ཕྱིར་ཕམ་ཁའི་མཇུག་འབྲས་འདི་ལྟ་བུ་ཞིག་བློས་བསླངས་བྱ་དགོས་པ་རེད།ད་དུང་རྩོམ་པ་པོས་སྐྱོ་གར་ལ་གཞོལ་བའི་གཏམ་རྒྱུད་འདིས་ཡང་སྙིང་ང་ཚོར་ཅི་ཞིག་འཆད་འདོད་པ་ཡིན་ནམ།
  ང་ཚོས་མཉམ་དུ་སུའེ་ཏེན་སློབ་གླིང་(瑞典学院)གིས་ཁོང་གི་བརྩམས་ཆོས་འདིར་བཀོད་པའི་མཐའ་སྡོམ་ལ་མྱོང་རོལ་ཅིག་བྱེད།
  《རྒན་པོ་དང་རྒྱ་མཚོ》ཞེས་པའི་གཏམ་རྒྱུད་འདིར་ལོ་ན་བགྲེས་པའི་ཁུ་པ(古巴)རྒྱལ་ཁབ་ཀྱི་ཉ་བ་ཞིག་གིས་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་དཀྱིལ་ནས་ཉ་ཆེན་པོ་ཞིག་དང་དམར་འཛིང་བྱས་པའི་བྱུང་རིམ་བཀྲམ་པ་བརྒྱུད།མི་རྣམས་ལ་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད།རྩོམ་པ་པོས་ཉ་འཛིན་པའི་གཏམ་རྒྱུད་ཀྱི་སྒྲིག་གཞིའི་ཁྲོད་ནས་མིའི་ལས་དབང་དེ་གསོན་ཉམས་ལྡན་པའི་སྒོ་ནས་ང་ཚོའི་མིག་མདུན་དུ་གསལ་ལེར་བཀྲམ་ཡོད།ཉ་བ་རྒན་པོ་ཁོང་ནི་ལག་ཏུ་གང་ཡང་མ་ཐོབ་རུང་དངོས་ཡོད་ལ་གཉའ་མི་སྒུར་བའི་འཐབ་རྩོད་བསམ་བློ་ཡིས་ཕྱུག་པའི་བསྟོད་གླུ་ཞིག་ཡིན་པ་མ་ཟད།དཀའ་སྡུག་དང་ཉེན་ཁ།ཕམ་ཉེས་གང་ལ་ཡང་མི་སྐྲག་པའི་མི་ཇུས་རིང་ལུགས་ཀྱི་དར་ཆ་ཞིག་ཀྱང་རེད།ཟློས་གར་རང་བཞིན་གྱིས་ཕྱུག་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དེ་ང་ཚོའི་མཐོང་ལམ་དུ་གསལ་ལེར་བཀྲམ་ནས།གསོན་ཤུགས་ཀྱིས་བརྟས་པའི་བྱུང་རིམ་རེ་རེ་བསྟར་ལ་བརྒྱུས་པ་ན།གཞི་ནས་རྩོམ་འདིར་མི་སེམས་སྐྱོམས་པར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་རྒྱས་ཡོད།༼མི་ཞིག་སྐྱེས་མ་ཐག་ནས་གཞན་གྱིས་ཕམ་པར་རྒྱག་འོས་པ་ཞིག་གཏན་ནས་མ་ཡིན༽༼མི་ནི་གཞན་གྱིས་ཚར་གཅོད་བྱས་ཆོག་ཀྱང་ཕམ་པར་གཏན་ནས་རྒྱབ་མི་ཆོག༽ཅེས་པའི་སྐད་ཆ་འདི་ནི་བརྩམས་སྒྲུང་འདིའི་ཁྲོད་ཀྱི་རྒན་པོའི་ཁེར་ལབ་ཡིན་པར་མ་ཟད།དེ་ནི་རྩོམ་འདིའི་ཁྲོད་ཀྱི་ཆེས་རྨད་དུ་བྱུང་བའི་གསུང་ཚིག་གྲགས་ཆེན་དེ་ཡིན་ལ།ཧེ་མིན་བེ་ཡིས་ཁོང་གི་བརྩམས་ཆོས་ཁྲོད་བཀོལ་སྤྱོད་བྱས་པ་ཆེས་མང་པའི་སྐད་ཆ་ཡང་ཡིན།དེ་ནི་ཁོང་གི་བརྩམས་ཆོས་འདིས་བསྟན་པའི་མཚན་ཉིད་རིག་པའི་གནས་ལུགས་གཏོས་ཆེ་བ་དེ་ཡིན།བལྟས་མ་ཐག་རྒན་པོ་ཕམ་སོང་བ་ལྟར་སྣང་ཡང་དོན་དུ་ཁོང་ནི་ངེས་དོན་གྱི་རྟུལ་ཕོད་པ་དང་རྒྱལ་ཁ་ལེན་མཁན་ཡིན་པ་ང་ཚོས་བརྩམས་སྒྲུང་འདི་ལས་གསལ་བོར་ཤེས་ཐུབ།རྒྱུ་མཚན་ནི་ཁོས་འགྲན་རྩོད་ལ་ཁ་གཏད་འཇལ་ཐུབ།རླུང་རྟ་མ་རྒྱས་རུང་ཁོ་སྔར་བཞིན་དཔའ་ངར་ཞུམ་མེད་དང་དཀའ་སྡུག་ལ་མི་སྐྲག་པ།ཕམ་ཁའི་མདུན་དུ་འཐབ་འཛིང་གི་སྙིང་སྟོབས་ཤིག་རྒྱུན་འཁྱོངས་བྱེད་ཐུབ་ཡོད།དེ་ནི་ཧེ་མིན་བེ་རང་ཉིད་ཀྱི་སྐད་ཆ་ལྟར་བཤད་ན།༼རྒན་པོ་དེས་གནོན་ཤུགས་ཆེ་བའི་གནས་བབ་འོག་ཏུ་སྲ་བརྟན་འགྱུར་མེད་ཀྱི་མི་གཞིའི་མཛེས་པ་ཞིག་སྲུང་འཛིན་བྱེད་ཐུབ་ཡོད༽ཅེས་པ་དེའོ།
དེ་བས་རྒན་པོས་ཕམ་ཁ་ཉོས་ཀྱང་གཟི་བརྗིད་ལྡན།ཁོས་རང་ཉིད་ཀྱི་ཕམ་ཁའི་ཁྲོད་ནས་རང་ཉིད་ཀྱི་རྩིས་ཐང་དང་གཟི་བརྗིད་བཙལ།

           གསུམ། རྒྱ་མཚོ། རྒན་པོའི་ནང་སེམས་ཀྱི་འཇིག་རྟེན།
  བརྩམས་སྒྲུང་འདིར་མི་སེམས་ལ་སྐྱོམས་འདར་སློང་བའི་བསམ་བློའི་སྙིང་སྟོབས་ཀྱིས་ཕྱུག་ཡོད་པ་མ་ཟད།ད་དུང་ང་ཚོར་བསམ་གཞིག་གི་བར་སྟོང་ཀློང་ཡངས་པོ་ཞིག་བཞག་ཡོད་པ་ནི་རྒྱ་མཚོའི་སྐོར་རེད།《རྒན་པོ་དང་རྒྱ་མཚོ》ནི་ཤོག་ངོས་བརྒྱ་ལས་བརྒལ་ཙམ་གྱི་སྒྲུང་ཐུང་ཞིག་རེད།ཧེ་མིན་བེ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་ལྟར་བཤད་མྱོང་ཡོད་དེ།༼བདག་གི་བརྩམས་སྒྲུང་འདི་ཤོག་ཁ་སྟོང་ཕྲག་ལས་བརྒལ་བའི་སྒྲུང་རིང་ཞིག་ཏུ་གྲུབ་ན་ཆོག་ལ།རྒན་པོ་འདུག་སའི་སྡེ་བའི་ནང་གི་མི་ཚང་མ་ནང་དུ་དྲངས་ཆོག་པ་མ་ཟད།ཁོ་ཚོའི་འཚི་ཚིས་ཀྱི་རྣམ་པ་དང་སློབ་གསོ་མྱངས་སྟངས།བྱིས་པ་བཙའ་བ་ལ་སོགས་པ་སྒྲུང་གི་ནང་དུ་བྲིས་ཆོག  ཡིན་ནའང་ངས་དེ་དག་བྲིས་མེད།ངས་ང་རང་ཉིད་ཀྱིས་ཆེས་བྲིས་འདོད་པ་དེ་བྲིས་ཡོད༽ཞེས་པ་ནང་བཞིན་ཁོས་རྩོམ་པ་པོ་རང་བདག་ལ་ཐུན་མིན་དུ་མངའ་བའི་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མ་བྲིས་ཡོད་ལ།མི་གཞན་གྱིས་འབྲི་ཐབས་བྲལ་བའི་རང་གི་ཉམས་མྱོང་རློན་པ་བྲིས་ཡོད།དེ་ནི་རྒན་པོ་དང་རྒྱ་མཚོར་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན་པ་རྩོམ་གྱི་ཁ་བྱང་ལས་གསལ་བོར་བསྟན་འདུག  ཧེ་མིན་བེ་ཡིས་རྒྱ་མཚོ་ནི་འབྲི་རིན་ཤིན་ཏུ་ཡོད་པ་ཞིག་ཡིན་ཞེས་བཤད་མྱོང་བ་ཇི་བཞིན།ཁོང་གི་བརྩམས་ཆོས་ཁྲོད་དུ་རྒྱ་མཚོ་དང་འབྲེལ་ཆེ་བའི་མྱོང་སྣང་ཅི་རིགས་མཆིས།1942ལོར་རྩོམ་པ་པོས་ཨ་རིའི་མཚོ་དམག་ལ་དགོངས་ཞུ་བྱས་ནས་ཁོ་པ་མཚོ་འགྲམ་ནས་ཁོས་ཉ་གྲུར་ཁ་ལོ་བསྒྱུར་ནས་ལོ་གཉིས་ལྷག་འདས་པ་རེད།ལོ་རབས་ལྔ་བཅུ་དྲུག་བཅུ་བའི་བར་གླགས་སུ་རྩོམ་པ་པོ་སྔ་ཕྱིར་མོ་ཞི་ཁོ་མཚོ་ཐོག་ནས་ཉ་བཟུང་བར་ཐེངས་གང་མང་ལ་བསྐྱོད་པ་མ་ཟད།སྤྲོ་གསེང་གཏོང་བྱེད་ཀྱི་གྲུ་སྒྱུར་ནས་ཀྱང་ཐེངས་མང་པོར་སོང་ཡོད་ལ།དེ་ནི་རྩོམ་པ་པོར་མཚོན་ན་བཀླག་རི་བའི་བརྩམས་ཆོས་འདི་འགྲུབ་པར་ཕན་ཐོགས་ཆེན་པོ་བྱུང་བ་རེད།ཁོས་ཉ་ཆེན་འཛིན་པར་བྱང་ཆ་དོད་ཆེད་དུས་ཚོད་མང་པོ་གྲོན་པ་རེད།དེ་བས།《རྒན་པོ་དང་རྒྱ་མཚོ》ལས་རླབས་ཆེ་བའི་རྩོམ་པ་པོ་ཞིག་གི་ཀུན་གཞིའི་ཟབ་ས་ན་སྨིན་པའི་འོད་ཀྱི་ཕུང་བོ་དེ་མཚོན་ཡོད་པ་ལས་གཞན།གཟི་མདངས་ཉམས་མེད་ཀྱི་བརྩམས་ཆོས་གྲགས་ཅན་ཞིག་འགྲུབ་དགོས་ན་རྩོམ་རིག་གི་ཐབས་རྩལ་ལ་བྱང་ཆ་ཡོད་དགོས་པ་མ་ཟད།དེ་ལས་ཀྱང་གལ་ཆེ་བ་ནི་འཚོ་བར་རྒྱུས་མངའ་ཡོད་རྒྱུ་དེ་མ་ཡིན་ནམ།རྩོམ་པ་པོ་ཁོང་གི་འཚོ་བའི་དངོས་བརྒྱུད་ཀྱི་མྱོང་སྣང་དང་ཉེན་ཁ་བརྒྱུད་ཕོད་པའི་བསམ་བློའི་འདུ་ཤེས་གཉིས་ནི་རྩོམ་མཁན་ཁོའི་གསར་རྩོམ་ལས་ཀྱང་གལ་ཆེན་རེད་ཅེས་བསྙད་ན་མི་ཆོག་པ་གང་ཡང་མེད་སྙམ།
  ཧེ་མིན་བེ་ལ་མཚོན་ན《རྒན་པོ་དང་རྒྱ་མཚོའི》ནང་འཕྱོར་འབྲི་བྱས་ཡོད་པའི་རྒྱ་མཚོའི་མྱོང་སྣང་རྣལ་མ་དེ་ནི་ང་ཚོ་ཀློག་མཁན་ཚང་མར་བསྐྱུར་བའི་ཤུག་བཞག་རིག་གནས་རྩ་ཆེན་ཞིག་རེད།རྒྱ་མཚོ་ནི་རྩོམ་པ་པོ་ཁོར་མཚོན་ན་འཚོ་གནས་དོན་གཉེར་གྱི་འཐབ་ར་ཆེན་པོ་ཞིག་དང་ཡང་ན་མིའི་རིགས་འཚོ་གནས་ཀྱི་རྒྱབ་ལྗོངས་ཕོན་ཆེ་བ་དེར་ངོས་འཛིན་བྱེད་ཀྱིན་ཡོད།བརྩ་མས་ཆོས་ཀྱི་ཁྲོད་ནས་རྒྱ་མཚོ་ནི་ཉ་བ་རྒན་པོ་བརྟེན་སའི་འཚོ་རྩིས་སྒྲུབ་ས་ཡིན་པར་མ་ཟད།རྒན་པོའི་མཐོང་ལམ་གྱི་ནམ་ཡང་རྒས་མི་སྲིད་པའི་ཚེ་སྲོག་གི་སྟོབས་ཤུགས་ཡིན།ཀློང་ཡངས་པའི་རྒྱ་མཚོ་ནི་རྒན་པོར་མཚོན་ན་རང་གིས་རང་ལ་ཚོད་བགམ་བྱ་དགོས་པའི་ཡུལ་ཅན་དེ་ཡང་རེད།རྒན་པོའི་བསམ་སྦྱོར་ལས་རྒྱ་མཚོ་ཡིས་མཚོན་པའི་རང་བྱུང་ཁམས་འདུལ་སྦྱོང་གི་བླ་མེད་སྙིང་སྟོབས་ཤིག་མངོན་པར་མཚོན་ཡོད་སྙམ།ཨ་རིའི་ཞིབ་འཇུག་པ་ཞིག་གིས་འདི་ལྟར་བཤད་མྱོང་ཡོད་དེ།
  ༼ཁྱབ་ཆེ་བའི་སྒོ་ནས་བཤད་ན་བརྩམས་སྒྲུང་འདིས་མི་ཚེ་ནི་འཐབ་རྩོད་ཀྱི་གོ་རིམ་ཞིག་ཡིན་པ་ཀེར་ཡོད་ཅེས་བཤད་ཆོག་ལ།ང་ཚོའི་འཐབ་ཡ་ནི་འདུལ་སྦྱོང་བྱེད་ཐབས་བྲལ་བའི་རང་བྱུང་གི་སྟོབས་ཤུགས་ཅི་རིགས་ཡིན།བརྩམས་ཆོས་ཁྲོད་ཀྱི་རྒྱ་མཚོ་དང་ཉ་ཆེན།ཆུ་སྲིན་བཅས་ནི་རང་བྱུང་ཁམས་ཀྱི་མཚོན་རྟགས་ཡིན།མཐོང་སྣེ་འདི་ནས་བཤད་ན།《རྒན་པོ་དང་རྒྱ་མཚོ》ནི་མི་ཚེ་ཡི་དཔེ་འཇོག་ཆེན་པོ་ཞིག་ཡིན་པར་མ་ཟད།བརྩམས་ཆོས་འདིས་མི་ཚེ་ནི་རླབས་ཆེན་གྱི་འགྲན་རྩོད་ཅིག་ཏུ་བརྩིས་ནས།རྒན་པོ་ལྟ་བུའི་མི་ཞིག་ཡིན་ན་གཞི་ནས་གནམ་སའི་ཧྲག་བར་ནས་ཀྲོང་ངེར་འགྲེང་ཐུབ་མཁན་ལ་བགྲང་ཆོག་པའི་གནས་ལུགས་བསྟན་ཡོད༽

           བཞི། 《རྒན་པོ་དང་རྒྱ་མཚོ》འི་ཁྲོད་མངོན་པའི་སེང་གེ་ཡི་མཚོན་དོན་རང་བཞིན།
  བརྩམས་སྒྲུང་འདིའི་མི་གླེང་ཐུ་མེད་ཀྱི་གནས་སུ་གྱུར་བའི་ཡིད་གཟུགས་ཤིག་ཡོད་པ་ནི་སེང་གེ་རེད།རྒན་པོ་ལོ་ན་ཆུང་དུས་ཧྥེ་གླིང་གི་ནགས་ཚལ་ལ་སོང་ནས་སེང་གེ་མཐོང་ཐེངས་མང་པས།བརྩམས་སྒྲུང་ཁྲོད་ཀྱི་རྒན་པོས་སེང་གེ་གླེང་ཐེངས་མང་པ་མ་ཟད།ཁོའི་རྨི་ལམ་དུ་རྒྱུན་པར་སེང་གེ་རྒྱུ་བཞིན་ཡོད།
  ཁོས་རྨི་ལམ་རྨི་བཞིན་འདུག  ཁོས་རྨི་བཞིན་པ་ནི་རླབས་ཀྱི་ཟེགས་མ་ལང་ལོང་འཕྱོ་བའི་མཚོ་རླབས་ཡིན་མི་སྲིད་ལ།བུད་མེད་དང་མི་ཚེའི་དོན་ཆེན།བྱིས་པ།ཉ་ཆེན།ཆུ་སྲིན།འཐབ་རྩོད།ཁོའི་ཆུང་མ།རྒྱབ་ཏུ་བསྐྱུར་ཡོད་པའི་ཕ་ཡུལ་བཅས་གང་ཡང་མ་ཡིན་པར།ཏག་ཏག་མཚོ་འགྲམ་གྱི་སེང་གེ་ཁོ་ན་རྨི་བཞིན་ཡོད།
  ང་ཚོས་བརྩམས་སྒྲུང་གི་མཇུག་བསྡུ་ཐེངས་ལ་མྱོང་རོལ་ཞིག་བྱ།རྒན་པོ་ཕྱིར་འོང་ནས་གཉིད་དུ་ཡུར་འདུག  བྱིས་པས་མིག་ཟུང་བགྲད་དེ་རྒན་པོ་ཨེ་སད་ལ་བལྟས་ནས་བསྡད་འདུག  རྒན་པོས་སེང་གེ་དེ་དག་རྨི་ལམ་དུ་རྨི་བཞིན་འདུག
སེང་གེ་རྩོམ་གྱི་ཁྲོད་མངོན་ཐེངས་རེར་མཚོན་དོན་གྱི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་མོད།《རྒན་པོ་དང་རྒྱ་མཚོའི》ཁྲོད་ཀྱི་སེང་གེ་ཡིས་དོན་དམ་ཅི་ཞིག་མཚོན་གྱིན་ཡོད་དམ་ཞེ་ན།གཅིག་ཏུ་ན་གཅིག་གྱུར་གྱི་ལན་ཞིག་མེད་ལས་ཆེ་མོད།དེས་རྒན་པོ་བྱིས་དུས་སུ་རྒྱ་མཚོའི་གླིང་དུ་ཕྱིན་ནས་འཚོ་བ་བསྐྱལ་བའི་དོན་མཚོན་ཆོག་པ་མ་ཟད།རྒན་པོའི་ཕུགས་བསམ་དང་རྨི་ལམ་ཡང་མཚོན་ཆོག་པ་ཡིན།དེ་མིན་ད་དུང་རྒན་པོས་དཀའ་ངལ་དང་ཉེན་ཁར་རྒོལ་སྐབས་ཀྱི་ཞུམ་མེད་ཆོད་སེམས་མཚོན་ནའང་ཆོག  ད་དུང་རྒན་པོའི་བླ་མེད་ཀྱི་མི་གཞིའི་མཛེས་པ་དེ་མཚོན་ཡོད་ཀྱང་ཆོག གང་ལྟར་མཚོན་དོན་གྱིས་ཕྱུག་པའི་སེང་གེ་ཡི་ཡིད་གཟུགས་ཤེས་འདོད་ཀྱི་བློས་ང་ཚོར༼མི་ཞིག་སྐྱེས་མ་ཐག་ནས་གཞན་གྱིས་ཕམ་པར་རྒྱག་འོས་པ་ཞིག་གཏན་ནས་མ་ཡིན།མི་ནི་གཞན་གྱིས་ཚར་གཅོད་བྱས་ཆོག་ཀྱང་ཕམ་པར་གཏན་ནས་རྒྱབ་མི་ཆོག༽ ཅེས་པའི་མཚན་ཉིད་རིག་པའི་སྡོམ་རྒྱ་དེ་བཤིག་པར་རོགས་འདེགས་ཆེན་པོ་བྱས་ཡོད།

               ལྔ།མཇུག་བསྡུ་བ།
   མཇུག་མཐར་ངས་བཤད་འདོད་པ་ནི《རྒན་པོ་དང་རྒྱ་མཚོར》མཚན་ཉིད་རིག་པའི་ནང་དོན་གྱིས་ཅི་ཙམ་ཕྱུག་ཀྱང་།ང་ཚོའི་འདུ་ཤེས་ཀྱི་ཟབ་སར་ཉར་འོས་པ་ནི་བརྩམས་ཆོས་འདིས་ང་ཚོར་རྣམ་ཤེས་ལ་སྐྱོམས་འདར་སློང་བྱེད་ཀྱི་སྟོབས་ཤུགས་ཤིག་བསྩལ་བ་མ་ཟད།ང་ཚོའི་ཚེ་སྲོག་དང་མི་ཚེ་ལ་བློ་འབྱེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་དེ་ཡིན།ང་ཚོ་ཚང་མ་ཕམ་ཁའི་མདུན་དུ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས་སྙིང་སྟོབས་ཀྱི་གཟུངས་འཛིན་ཞིག་གིས་ང་ཚོ་བཏེགས་ནས་ཡོད་པར་མ་ཟད།བསམ་བློའི་སྙིང་སྟོབས་ཀྱི་ཁུར་འདེགས་བྱེད་པོ་ཞིག་བསྩལ་ཡོད་པ་དེ་ནི་གལ་འགངས་ཆེ་ཤོས་དེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《རྒན་པོ་དང་རྒྱ་མཚོ》བཀླགས་རྗེས་ཀྱི་མྱོང་སྣང་ཐན་ཐུན།

2013-04-14 སྒྲེན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།