ཟོན་ཐར་རྒྱལ་གྱི་གློག་བརྙན་ལ་དཔྱད་པ།

སྲུང་མདུད་ལྗང་ཁུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-26

  ༼ དབུས་ལམ་གྱི་ཉི་མས༽་ཁ་ན་ཏའི་རྒྱལ་སྤྱིའི་གློག་བརྙན་སྟེང་སྟག་འབྲུག་ཁ་སྤྲོད་ཀྱི་གཏང་རག་གཙོ་བྱས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བྱ་དགའ་མང་དུ་བླངས་ཤིང་། ཀྲུང་གོའི་གློག་བརྙན་པའི་སྡེར་གཞན་དང་མི་མཚུངས་པའི་རང་ཉིད་ཀྱི་ཁྱད་ཆོས་མངོན་
པར་བཤམ་པ་རེད། ཁྱད་ཆོས་ནི་གང་ལགས་ཤེ་ན།
  གཅིག འཁྲབ་གཞུང་།
  ཟོན་ཐར་རྒྱལ་ནི་དེང་རབས་རི་མོ་བ་ཞིག་སྟེ་ཁོ་ནི་གནའ་དེང་ཤར་ནུབ་ཀྱི་སྒྱུ་རྩལ་གྱི་རིག་པ་ཡོད་དོ་ཅོག་ལ་མཁས་ཤིང་ ལྷག་པར་དུ་བོད་ཀྱི་རིག་གནས་ལ་བག་ཆགས་ཟབ་པས་ཁོའི་བརྩམས་ཆོས་ལ་འཚོ་བ་དང་བརྩེ་དུང་གི་རོ་ཡིས་ཕྱུག་ཅིང་།
རང་ཉིད་ཀྱི་གཤིས་ཉམས་དང་ཤེས་རབ་ཀྱིས་གཏམས་ཡོད་པ་རེད། ཁ་ཅིག་གིས་ཁོའི་༼དབུས་ལམ་གྱི་ཉི་མར༽་འཆི་བ་ཁོ་ན་བཤད་པས་རིན་ཐང་མེད་དོ་སྙམ་ན་ནི་མིན་ཏེ། གློག་བརྙན་དུ་འཆི་བའི་ཐག་སྣེ་ནས་བཟུང་སྟེ་འཚོ་བ་དང་ཚེ་སྲོག་གི་མཛེས་པ་བཤད་ཀྱིན་ཡོད་པ་རེད། གཏམ་རྒྱུད་དེ་ནི་ཉི་མ་སྤུན་གཉིས་ཀྱིས་སྟབས་མ་ལེགས་པར་མ་རྒན་རྐྱེན་ལམ་དུ་བརྫངས་པར་སྤུན་གཉིས་བློ་འགྱོད་ཆེན་པོ་སྐྱེས་ཏེ་ཉེས་བཤག་བྱེད་པའི་སྐོར་གྱི་གཏམ་རྒྱུད་ཅིག་ཡིན། ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གྱི་འཁྲབ་གཞུང་གི་ཐབས་ཤེས་ལྟར་ན་རྩོམ་པ་པོ་དེས་མི་སྣ་དེ་གཉིས་ལ་སླར་ཡང་གཏམ་རྒྱུད་དང་ འགལ་རྐྱེན་གང་མང་པོ་ཞིག་གསར་སྐུན་བྱས་ཏེ་ད་གཟོད་གཏམ་རྒྱུད་ལ་བརྟེན་ནས་གཏམ་རྒྱུད་ཀྱི་མཇུག་སྒྲིལ་པར་སྲིད། ཡིན་ནའང་འཁྲབ་ཁྲིད་པས་ཐབས་ཤེས་གཞན་ཞིག་བཀོད་པ་རེད། ཁོས་ཐར་བའི་ཆོས་ལ་བརྟེན་ནས་མི་སྣ་དེ་མ་བསྐྱབ་ཅིང་།  སློབ་གསོ་ལ་བརྟེན་ནས་ཀྱང་མི་སྣ་དེ་གཉིས་ཀྱི་ལས་དབང་ལ་ཁ་ལོ་མ་བསྒྱུར་པ་རེད། དེས་ན་གང་ལགས་ཤེ་ན་འཚོ་བ་རང་སྟེང་ན་ད་གཟོད་མི་སྣ་དེའི་བློ་སེམས་བདེ་ལ་འགོད་ནུས་ཤིང་སླར་ཡང་མི་ཚེ་ལ་བློ་ཁ་ ཕྱོགས་ཐུབ་པའི་ནུས་པ་ལྡན་པས་བློ་རིག་རྣོ་བའི་འཁྲབ་ཁྲིད་པས་རང་ཉིད་ཉི་མར་སྒོམ་སྟེ། གལ་ཏེ་ངས་འདི་འདྲའི་དོན་དག་ཅིག་བཟོས་པ་ཡིན་ན་རང་ཉིད་ཀྱིས་ཅི་ཞིག་བྱེད་སྲིད་དམ་ཞེས་མནོ་བསམ་བཏང་པའི་
མཐར་ད་གཟོད་ཁོས་གཞི་ནས་ཐབས་ཤེས་ཤིག་རྙེད་དེ་མ་རྒན་གྱི་ཁྲག་གིས་བརྫུས་པའི་ས་ཁྱོར་བ་གང་བོ་དེ་སྟོད་ཉི་མ་ལྷ་ས་ནས་འདོར་བར་སེམས་ཀྱིས་མ་བཟོད་པར་སླར་ཡང་སྙིང་གར་གླན་ཏེ་ཕྱིར་རང་ཡུལ་དུ་ལོག་པར་མི་སྣ་གཙོ་བོ་དེས་ད་གཟོད་སྔར་བཞིན་འཚོ་བ་རོལ་ཐུབ་པ་བྱུང་།དེ་ནི་འཚོ་བ་ཡི་མཛེས་པ་དང་ཚེ་སྲོག་གི་མཛེས་སྡུག  འཁྲབ་ཁྲིད་པའི་ཤེས་རབ་ཡིན། འཚོ་བས་དབུས་ལམ་གྱི་ཉི་མ་ལད་བོ་དེ་འཇིག་ཉེན་གྱི་དཀན་གཟར་ལས་བསྐྱབས་པ་ཡིན། འཚོ་བ་ནི་ད་གཟོད་གློག་བརྙན་འདིའི་ནང་གི་ཁྱད་འཕགས་པའི་གདམས་ངག་དེ་ཡིན་པས།  གདམས་ངག་དེས་ཉི་མར་སླར་ཡང་རེ་བ་དང་འོད་སྣང་བསྩལ་ཅིང་། ཉི་མ་འང་སེམས་ཀྱི་འགྲུལ་བཞུད་དེ་ལས་རང་ཉིད་ལས་རྣམ་པར་རྒྱལ་ཏེ་གློག་བརྙན་མཇུག་སྒྲིལ་པའི་དུས་སུ་ང་ཚོས་ཁོའི་གདོང་གི་མཛུམས་མདངས་ཀྱང་མཐོང་ཐུབ་པ་བྱུང་། གློག་བརྙན་འདིས་བོད་མི་དམངས་ཀྱི་འཇིག་རྟེན་ལྟ་ཚུལ་དང་འཆི་བ་དང་ཚེ་སྲོག་གི་ལྟ་ཚུལ་སོགས་མཚོན་པར་ནུས་པ་རེད།
  གཉིས།  གློག་བརྙན་དང་རིག་གནས།
  རིག་གནས་གཞན་གྱིས་བོད་ཀྱི་རིག་གནས་ནི་གསང་བ་ལྐོག་གྱུར་དང་དག་ཞིང་དང་ཡང་ན་ཆོས་ཁོ་ནས་དབང་དུ་བྱས་པའི་རྒྱལ་ཁམས་ཤིག་ཏུ་ངོས་འཛིན་གྱི་ཡོད་པ་རེད། དེ་བས་བོད་མི་རིགས་ཀྱི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ནི་ཚ་རྒྱུ་ན་རྒྱུ་ཡོད་པ་དང་དགའ་སྐྱོ་ཆགས་སྡང་ཕུན་སུམ་ཚོགས་སུས་ཀྱང་འཆད་ཀྱིན་ཡོད་པ་མེད།
  ལྷག་པར་དུ་བོད་ཀྱི་རིག་གནས་དེ་མི་རིགས་གཞན་གྱི་གྲེ་བ་བརྒྱུད་དེ་གཞན་ལ་དྲིལ་སྒྲོག་བྱས་པས་བརྩམས་ཆོས་དེ་ལའང་མར་དྲི་དང་རྩམ་དྲི་མི་བྲོ་བར་དེ་ལས་ལྡོག་སྟེ་ལ་ཕུག་དང་སྒོག་དྲི། ཁ་ཧྥེ་དང་ཀྰ་ལིས་སོགས་དྲི་མ་བྲོ་བ་རེད། དེ་བས་འཁྲབ་ཁྲིད་པས་རང་ཉིད་ཀྱི་ཤེས་རབ་དང་བརྩེ་དུང་དང་དང་ལྷག་པར་དུ་ཤར་ཕྱོགས་པའི་ཚེ་སྲོག་གི་གོ་རྟོགས་ལས་ལས་སྣོད་བྱས་པ་བརྒྱུད་ད་གཟོད་འཚོ་བ་ལ་བརྟེན་ནས་དབུས་ལམ་གྱི་གཞོན་ནུ་ཉི་མ་བསྐྱབས་པ་རེད། དེ་བས་ཀློག་པ་པོས་དབུས་ལམ་གྱི་ཉི་མ་དེ་ཟོན་ཐར་རྒྱལ་ཁོ་རང་ཉིད་ལའང་ངོས་བཟུང་ཆོག་པ་རེད། གློག་བརྙན་འདི་རུ་བོད་མི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་བཤད་ཀྱིན་ཡོད་ལ་ལྷག་པར་དུ་འཆི་བ་ལ་བརྟེན་ནས་བོད་མི་རིགས་ཀྱི་རང་གཤིས་དང་འཚོ་བའི་སྐོར་གྱི་ཤེས་རབ་བཤད་ཡོད་པ་རེད།
གོ་བདེ་བར་བཤད་ན་དབུས་ལམ་གྱི་ཉི་མའི་འཁྲབ་གཞུང་གི་རྒྱལ་ཁ་ཆེ་ཤོས་ནི་ཉི་མས་མ་རྒན་གྱི་ཁྲག་གིས་བརྫུས་པའི་ས་ཁྱོར་བ་གང་བོ་དེ་ལྷ་སའི་དུར་ཁྲོད་ཅིག་ཏུ་བླུགས་ཏེ་ཆོག་ཤེས་ཆེན་པོའི་སྒོ་ནས་ཕྱིར་མ་ཡོང་པར་དེར་ལྡུག་མ་བཟོད་པར་ཕྱིར་སྙིང་གར་སྦྱར་ཡོང་སྟེ་རང་ཡུལ་དུ་བླུགས་པ་དེའང་ཡིན་ནོ།།
  གསུམ།  གློག་བརྙན།
  ཟོན་ཐར་རྒྱལ་གྱི་གློག་བརྙན་ནི་པར་ངོས་བརྟེན་ནས་གཏམ་རྒྱུད་བཤད་པའི་བརྩམས་ཆོས་ཕུལ་ཏུ་བྱུང་བ་ཞིག་ཡིན་པས་འཁྲབ་ཚིག་མང་པོ་ཡོད་པ་མ་རེད།དེ་བས་པར་ངོས་ནི་ལྷིང་འཇགས་དང་ལྡན་པ་ཞིག་ཡིན་ནའང་དེ་ལ་བླ་ན་མེད་པའི་སྟོབས་ཤུགས་ཤིག་གིས་ཁེངས་ཡོད་པ་རེད།སྟོབས་ཤུགས་དེ་ལ་ཚེ་སྲོག་དང་འཚོ་བ་དང་ཡི་རོ་ཡིས་ཕྱུག་ཅིང་། མི་དང་བར་སྣང་དང་ཁོར་ཡུག་སོགས་ཀྱི་འབྲེལ་བ་སོགས་གཏན་ལ་ཕབ་པའང་ཤིན་ཏུ་བཟང་།
  ཁོའི་པར་ངོས་རེ་རེ་རྩིག་ལྡེབས་སུ་བཀལ་ཆོག་པའི་རི་མོའི་བརྩམས་ཆོས་རེ་རེ་དང་འདྲ་ལ་པར་ངོས་རེ་རེ་སྙན་ངག་རེ་རེ་དང་ཡང་འདྲ། མུ་མཐའ་བྲལ་བའི་མྱ་ངམ་གྱི་ཐང་དུ་མི་སྣ་གཉིས་ནག་ཡོར་ཡོར་དུ་འགྲོ་བ་དེ་བརྙན་ལམ་རིང་བོ་长镜头ལ་བརྟེན་ནས་ཕབ་ལེན་བྱེད་ཅིང་།  སྐབས་རེར་ཞིབ་འབྲི་特写ལ་བརྟེན་ནས་མི་སྣ་གཙོ་བོ་དེས་དབུགས་གཏོང་ལེན་བྱེད་པའང་གོ་བར་ནུས་ཤིང་དེའི་མིག་ཟུང་བརྒྱུད་ནས་ང་ཚོར་ཉི་མའི་ནང་སེམས་ཀྱི་འཇིག་རྟེན་ད་་ཁྲིད་དེ་ཁོའི་དགའ་སྐྱོ་་ཆགས་སྡང་ལ་རོལ་མྱོང་བྱེད་དུ་འཇུག་པ་རེད། བོད་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་བརྗོད་པའི་གློག་བརྙན་ནི་ཤིན་ཏུ་དཀོན་ལ་ལྷག་པར་དུ་མི་སྣ་གཙོ་བོའི་ནང་སེམས་དང་ཉེ་བར་བཏུལ་ཏེ་དེའི་ཡིད་འགྱུར་ཕུན་སུམ་ཚོགས་པ་བརྗོད་པའི་གློག་བརྙན་ནི་ཡོད་རེ་སྐན།
༼འཚོལ༽གྱི་ནང་དུ་བརྙན་ལམ་རིང་བོ་ལ་བརྟེན་ནས་གཏམ་རྒྱུད་འཆད་དུས་ལག་སྐྱོར་འཁོར་ལོ་ཞིག་ཕུ་ཏག་ཏག་ཅེས་ཟམ་པ་བརྒྱུད་དེ་ཐག་རིང་དུ་ཡལ་འགྲོ་བ་དང་། ཐུར་ཁེའི་གློག་བརྙན་༼乌扎克༽༼རྒྱང་རིང་༽དུ་འགོ་བརྩམས་མ་ཐག་གངས་ནང་དུ་མི་ཞིག་ཡོང་གིན་པའི་སྐབས་ཁྱི་ཟུག་སྟེ་ཕྱོ་ཕྱོ་ཟེར་བའི་སྒྲ་སོགས་ཀྱིས་བདག་གི་བློ་ཡིད་དབང་མེད་དུ་བཀུག་སྟེ་དེ་མ་ཐག་གློག་བརྙན་དེས་བཟི་པར་བྱས་པ་རེད། དེ་བས་འཚོ་བ་དང་འཁྲབ་ཁྲིད་པ་རང་ཉིད་ཀྱི་གཤིས་ཉམས་ཀྱིས་ཕྱུག་པའི་གློག་བརྙན་གྱི་རིགས་ལ་ང་རང་ཤིན་ཏུ་དགའ་འོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟོན་ཐར་རྒྱལ་གྱི་གློག་བརྙན་ལ་དཔྱད་པ།

2013-01-26 སྲུང་མདུད་ལྗང་ཁུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།