བརྩམས་སྒྲུང་༼ར་ལོའི་༽ཕྲན་དཔྱད།

གཡུང་དྲུང་དོན་འགྲུབ་བམ་གངས་ཐིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-13

          གཅིག    ར་ལོ་དང་ཁོའི་བྱིས་དུས་ཀྱི་སློབ་གསོ།
  མི་ཞེས་པ་འདི་འཇིག་རྟེན་ཏུ་ཆེས་ཐོག་མར་གོམ་ཁ་བཞག་པ་ནས་ཁྱིམ་ཚང་ཞེས་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཐོན་སྲིད་ལ།མི་ཚེ་ནི་བརྒྱུད་རིམ་ཞིག་ཡིན་ ཞེས་པ་ལྟར།འཇིག་རྟེན་ཐོག་ཏུ་ཆེས་ཐོག་མའི་དགེ་རྒན་ནི་རང་གི་ཕ་མ་གཉིས་ཡིན་ལ།
ཆེས་ཐོག་མའི་སློབ་གསོ་ནི་རང་གི་ཁྱིམ་ཚང་གི་སློབ་གསོ་ཡིན་ཞེས་པ་ལྟར་ར་ལོ་ཀྱང་དེ་ལས་མ་འདས་སོ།དེ་ན་ར་ལོ་ཞེས་པའི་མི་སྣ་འདི་བརྩམས་སྒྲུང་འདིའི་ཁོར་ཡུག་ཏུ་ཐོག་དང་པོར་ཐོན་པ་ནས་བཟུང་།ཁོའི་ཆུང་དུས་ཀྱི་འཚོ་བའི་རྒྱབ་ལྗོངས་དང་ཁྱིམ་ཚང་གི་སློབ་གསོ་སོགས་ལ་མནོ་བསམ་རེ་གཏོང་རྒྱུ་ནི་ཆེས་དགོས་ངེས་ཀྱི་དོན་ཚན་ཞིག་ཏུ་འགྲོ་སྲིད་ལ།དེ་ཡང་ཁོའི་ཆུང་དུས་ཀྱི་འཚོ་བའི་ཁོར་ཡུག་གམ་ཆུང་དུས་ཀྱི་ཁྱིམ་ཚང་སློབ་གསོའི་ཕྱོགས་ནས་འདིར་སྟབས་བདེ་རེ་་བཀོད་ན།ར་ལོས་འགྲོ་ཤེས་བསམ་ཤེས་ཀྱི་དུས་ནས་རང་གི་ཨ་ཕ་སུ་ཡིན་མི་ཤེས་ལ་རྗེས་སུ་ཨ་ཕ་ཞིག་ཡོང་བ་དེས་ཁོ་ལ་ཀ་ར་གཅིག་ཀྱང་མི་ཉོ་བར་མ་ཟད།ཨ་ཕ་དེས་ར་ལོས་གཡག་སྣ་མ་ཞིག་མ་ཐུབ་པ་ལྟ་བུའི་བྱ་བ་ཙག་ཙིག་གི་སྟེང་ནས་ཀྱང་ཁོ་ལ་དྲག་སྤྱོད་ཁོ་ན་བཀོལ་ཏེ།འགྲམ་ལྕག་བཞུས་བ་དང་མཉམ་དུ་མ་བུ་གཉིས་ཀ་བསྐྱུར།དེའི་རྗེས་སུ་ཨ་མ་ཤི་བས་འཇིག་རྟེན་འདིར་ར་ལོ་ལ་གཉེན་ཉེ་གཅིག་ཀྱང་མེད་པར་དྭ་ཕྲུག་རྐྱང་རྐྱང་གི་འཚོ་བའི་གོམ་པ་དང་པོར་སྤོས།ཁ་དཔེ་ལ་༼བུ་ཁེར་སྐྱེས་མིར་མི་འགྲིག་ར་ཤིང་ཁེར་སྐྱེས་མེར་མི་འབར་༽ཞེས་བ་ལྟར་ར་ལོ་ནི་ཨ་མ་བསད་པའི་ཤེའུ་ཞིག་དང་འདྲ་བར་མི་ཚེ་ཁ་ཕྱོགས་ངེས་ཅན་ཞིག་མེད་པར་ཆར་ཞོད་དང་རླུང་འཚུབ་གྱིས་དེད་ནས་གར་འགྲོ་ཆ་མེད་གནས་སུ་ཉར། དབྱི་ཏ་ལིས་སློབ་གསོ་གྲགས་ཅན་མིན་ཐེ་ལོའུ་ལིས་ཀྱིས་༡༩༨༠ལོར་ཤེས་ཚོར་ཞན་པའི་བྱིས་པའི་སློབ་གསོའི་སྒྲིག་འཛུགས་བཙུགས་ནས་བྱིས་པའི་ཆུང་དུས་སློབ་གསོ་ལ་ཐད་ཀར་གྱི་ཕན་ནུས་དང་གཞན་བརྒྱུད་ཀྱི་ཕན་ནུས།     སྤྱི་ཚོགས་ཀྱི་ཕན་ནུས་བཅས་ཡོད་པ་ལས་ར་ལོ་ལ་མཚོན་ན་ཆུང་དུས་ནས་ཁེར་རྐྱང་གི་འཚོ་བ་ཁོ་ནར་རོལ་ནས་ཕྱི་ནང་གང་གི་དྲོལ་ཁོལ་ཀྱང་མྱངས་མ་ཐུབ་ལ།གཞན་བརྒྱུད་ཀྱི་ཕན་ནུས་ཏེ་ཁྱིམ་ཚང་གི་སློབ་གསོ་ཀྱང་དེ་འདྲའི་སྙིང་རྗེ་བཟོད་པར་དཀའ་བའི་ཚུལ་དུ་འདུག་པས།    བྱིས་པ་ཆུང་ཆུང་ར་ལོ་འདི་བདེ་ཐང་གི་ངང་འཚར་
ལོངས་དང་ཚར་ཤེས་སམ་དཔྱོད་ཤེས་གང་གི་ཆ་ནས་ཀྱང་གཞན་ལས་མཐུ་བ་ཞིག་མིན་ན་དེ་ལས་ལྡོག་པའི་ལེགས་པོ་ཞིག་ག་ལ་ཡིན།
          གཉིས།    ར་ལོ་དང་ཁོའི་ལྟ་བའི་ཐད།
  དེའི་རྗེས་སུ་སྡེ་བའི་མི་བསམ་ཤེས་འགས་ཁོ་སློབ་གྲྭར་བསྐྱལ།སློབ་གྲྭ་ནས་ཀ་མད་སུམ་ཅུ་ཡང་མ་ཤེས་པར་ཉི་མ་འཁྱོལ་ཐབས་ཀྱིས་ལོ་མང་པོ་བསྡད་པར་མཐར་ལོ་ཆེ་དྲགས་ནས་སློབ་གྲྭ་ནས་ཕུད།དེ་ནས་གང་སར་འཁྱམས་ཏེ་ཁྱིམ་ཚང་ཞིག་ནས་གཡོག་བྱས་ཤིང་།རིམ་གྱིས་མག་པར་གྱུར་མོད།ཁོའི་སྒྱིད་ལུག་དེའི་རྐྱེན་གྱིས་གཞན་ལ་མི་སྲིད་པའི་བརྙས་བཅོས་ཏེ་ཁོའི་ཆུང་མར་མག་པ་གཞན་ཞིག་བཞག་ནས་ཁོ་བདའ།
  མི་ཚེའི་ལྟ་བ་ནི་སླ་མོའི་སྒོ་ནས་བཤད་ནམ་མི་ཚེའི་ལྟ་ཕྱོགས་ཙམ་ཞིག་རེད།ང་ཚོའི་མི་ཚེ་ནི་དཀའ་སྡུག་གི་བརྒྱུད་རིམ་ཙམ་ཞིག་ཡིན་ཏེ་ལྷག་པར་དུ་ར་ལོར་མཚོན་ན་གཞོན་གྱི་དུས་འདི་ནི་ཧུར་བརྩོན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས་རང་ཉིད་ཀྱི་འཇོན་ཐང་དེ་རྒྱ་བསྐྱེད་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་མོད་ར་ལོས་རང་གི་ཕུགས་བསམ་དང་མི་ཚེ་ལྟ་སྟངས།རིན་ཐང་ལྟ་བ་གང་ལའང་བསམ་བློ་གཏོང་བའི་ཕྱི་རྐྱེན་མེད་ཁར་ནང་རྐྱེན་གྱིས་ཀྱང་དེ་ལྟ་བུའི་ཕྱོགས་ལ་བསམ་བློ་མ་བཏང་བར་ཉིན་ཁར་ཉིན་དང་ཟླ་ཁར་ཟླ།  ལོ་ཁར་ལོ་བཞག་ནས་ཉི་མ་འཁྱོལ་ཐབས་བྱས་ཏེ་ལོ་ཆུང་གི་དུས།  ན་གཞོན་གྱི་དུས་འདི་ལྟར་ཉམས་ཐག་པ་དང་ཁེར་རྐྱང་གི་ཁྲོད་ནས་གཟད་ཚར་ལ། བརྩམས་སྒྲུང་གི་ངོ་གདོང་རིམ་བཞིན་གཤགས་ན་ར་ལོ་ནི་གྱང་ཁའི་རྩ་དང་རླུང་ཁའི་མར་མེ་བཞིན་དམིགས་ཡུལ་དང་ཕུགས་རེས་མེད་པར་མུ་མཐུད་ནས་འབྲོག་ཐང་འདིའི་གྲུ་ག་གཞན་ཞིག་ལ་འཛུལ་བ་རེད།   ཡིན་ནའང་ཁོའི་ཁོའི་མི་ཚེའི་འཚོལ་རྟོགས་བརྒྱུད་རིམ་ཁྲོད་གླེན་གཤིས་ཀྱི་ཆ་ཡང་མང་པོ་ཞིག་ཐིམ་ཡོད་དེ།འདི་འདྲའི་གླེན་གཤིས་ཀྱི་ཆ་དེས་གཏམ་རྒྱུད་སྐྱོ་གར་དང་དགོད་བྲོའི་རང་བཞིན་སོགས་མང་དུ་བཞེངས་བསྐྲུན་བྱས་བ་ཞིག་ཡིན་མོད། དེ་ནི་རྩོམ་པ་པོ་ཁོ་རང་ཉིད་ཀྱི་རྩོམ་གཤིས་ཞིག་གམ་འབྲི་ཐབས་ཅིག་ཏུ་ངོས་བཟུང་ཀྱང་མི་ཆོག་པའི་ཆ་མི་འདུག་བསམ།
          གསུམ།  ར་ལོ་དང་ཁོས་བཙལ་བཞིན་པའི་སེམས་ཀྱི་འོད་ཟེར།
   དེ་ནས་འཁྱམས་པར་དགོན་པ་ཞིག་ཏུ་སླེབས་ནས་རབ་ཏུ་བྱུང་།གྲྭ་ས་ནས་ རྒྱུན་དུ་ལས་རྒྱུ་མེད་པར་མཚན་མོ་གྲོང་ལ་མྱུལ་ཞིང་།གྲོང་ནས་མོ་རྐྱང་ཞིག་དང་འཕྲད་པས་དེ་དང་ཁྱིམ་བཅས།ཡང་ཁོའི་སྒྱིད་ལུག་དེའི་རྐྱེན་གྱིས་ཆུང་མ་སྐྱེས་པ་གཞན་ཞིག་གི་རྗེས་སུ་བྲོས།ཡང་ཁེར་རྐྱང་དུ་འཁྱམ་བཞིན་པའི་ས་སྲོད་ཅིག་ལ་མོ་རྐྱང་ཞིག་དང་འཕྲད།མི་རྣམས་ཀྱིས་དེ་ནི་ར་ལོའི་ཨ་མའི་རྣམ་ཤེས་རེད་ཟེར་ནས་སྒྲུང་གཏམ་འདི་མཇུག་རྫོགས་པར་བྱས་ཡོད་ལ།འདིས་ཀློག་པ་པོ་གང་མང་ཞིག་ལ་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་སྤྲད་ཡོད་པ་མ་ཟད་ཀློག་པ་པོའི་དུངས་པ་འདྲེན་བྱེད་ཀྱི་ཡང་རྩེ་ཞིག་ཀྱང་ཡིན་སྲིད།  མི་ཞིག་གི་རིན་ཐང་ལྟ་བ་ནི་མི་རྣམས་ཀྱི་གཞི་རྩའི་རིན་ཐང་གི་གོ་དོན་དང་དད་མོས།
  ཕུགས་བསམ་བཅས་ཀྱི་མ་ལག་ཞིག་ཡིན་ཏེ་དེ་དག་ནི་དགེ་སྡུག་དང་ཡག་བཙོག ངོ་ཚ་དང་གཟི་བརྗིད་། བདེ་སྐྱིད་དང་སྡུག་བསྔལ། གོ་ཆོད་དང་གོ་མི་ཆོད་པ། རུང་བ་ཡང་ན་མི་རུང་བ།གལ་ཆེ་བ་ཡང་ན་གལ་མི་ཆེ་བ།ཐོབ་པའམ་ཤོར་བ་སོགས་གནས་ཚུལ་མི་འདྲ་བར་གཞིགས་ནས་གདམས་གསེས་ཡང་དག་བྱས་ནས་རང་ཉིད་ཀྱི་མི་ཚེའི་དོན་ལྡན་དུ་གཏོང་བ་དེ་ཡིན་ཞེས་པ་ལྟར་གང་ལྟར་ར་ལོ་བུ་མོ་དེ་དང་འགྲོགས་པ་ནས་ཁོའི་སྒྱིད་ལུག་གི་གཤིས་ངན་ཡོང་སུ་དོར་ལ་ཆང་ཡང་བཅད་དེ།ཁོ་གཉིས་ཀྱིས་དགོད་སྒྲས་ཁེངས་པའི་འཚོ་བ་གསར་པ་ཞིག་གི་མགོ་བརྩམས།  འཇིག་རྟེན་སྟེང་ཆེས་གསལ་བའི་འོད་ཟེར་ནི་སེམས་ཀྱི་འོད་ཟེར་དང་ཆེས་གནག་པའི་མུན་པའང་སེམས་ཀྱི་མུན་པ་ཡིན་ཞེས་བ་ལྟར་ར་ལོར་མཚོན་ན་ཆུང་དུས་ཀྱི་ཡུལ་ཕ་མའི་བརྩེ་བའི་འོད་ཟེར་མྱངས་མ་ཐུབ་པར་མ་ཟད་ནམ་རྒྱུན་འཚོ་བའི་ཁྲོད་ནས་ཉམས་ཐག་པའི་སྡུག་ཡུས་དང་བརྙས་བཅོས་གྲངས་མེད་ཞིག་མྱངས་རུང་།   བུད་མེད་དེ་དང་ཕྲད་པའི་སྐབས་དེ་ནས་བཟུང་ར་ལོས་རང་གི་གཤིས་ཀ་ལ་འཁང་ར་དང་ལེ་བདའ་གཏན་ནས་མི་བྱེད་པར་མ་ཟད་ད་དུང་རང་སེམས་སྐྱིད་ལ་བསྐུར་ཏེ་རལ་བ་བཅད་ན། ཆུང་མ་འཕྲོག་པའམ་མག་པ་ནས་བདའ་ནའང་སེམས་ནས་རེ་རེ་བཞིན་བརྗེད་དེ་བརྩེ་དུང་རྣལ་མ་ཞིག་སེམས་ཀྱིས་བཙལ་ནས་དེ་ལས་ཐོན་པའི་འོད་སྣང་དེར་རོལ་བ་ཡིན།   འོན་ཀྱང་བུ་མོ་དེས་གཉེན་སྒྲིག་གི་ཉེས་པ་བསགས་པས་ཁྲིམས་ཁང་དུ་ཟླ་དྲུག་ལ་འཇུག་དགོས་བྱུང་རུང་།  བུ་མོ་དེ་འགྲོ་ཁར“ར་ལོ་སེམས་མ་ཕམ།ཟླ་དྲུག་འགོར་རྒྱུ་སླ་མོ་རེད། ང་ནམ་ཡང་ཁྱེད་ཀྱི་ཡིན”ར་ལོས་ཀྱང“ཁྱོད་ཀྱི་སེམས་བདེ་མོ་བྱོས། ངས་ཁྱེད་ལ་
བསྒུགས་ནས་འདུག”ཟེར་བ་སོགས་ལས་ར་ལོ་དེ་སྔོན་གྱི་ཕུགས་བསམ་དང་ཆོད་སེམས་མེད་པའི་མི་དེ་གཏན་ནས་མ་ཡིན་པར།  བརྩེ་དུང་ཅན་ཞིག་དང་འགྱུར་མེད་ཀྱི་ཆོད་སེམས་ཅན་ཞིག་པ་གཞི་ནས་ཤེས།  རྒྱུ་མཚན་ནི་ཁོས་སེམས་ཀྱི་དྲོལ་ཁོལ་དེ་རྙེད་ཟིན།  སེམས་ཀྱི་འོད་སྣང་དེར་རེག་ཐུབ་པས་སོ།།
          བཞི་བ།   བརྩམས་སྒྲུང་གི་སྤྱི་ཁོག་གི་གདེང་འཇོག
       གཅིག  སྐྱོ་གར་གྱི་སྙིང་སྟོབས་བསྐྲུན་ཡོད་པ།  ༼བོད་རྩོམ་གསར་བར་འདེམས་པའི་རྒྱུ༽
  བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པའི་ནང་དུ་བོད་ཀྱི་རྩོམ་རིག་གསར་བ་ནི་རྩོམ་རིག་སྙིང་སྟོབས་དང་རྩོམ་པ་པོ།རྩམ་ཆོས་ཀློག་མཁན་སོགས་རྩོམ་རིག་འགྲུབ་བྱེད་ཀྱི་གྲུབ་ཆ་རེ་རེའི་ངོས་ནསགསོག་གསོབ་དང་ནང་སྙིང་གིས་སྟོངས་བའི་ངང་དུ་ལུས་ཡོད་པའི་འབྱུང་རྐྱེན་གཙོ་བོ་ནི་རྩོམ་རིག་གསར་བའི་མི་ལོ་ཉི་ཤུ་ལྷག་གི་འཕེལ་རིམ་ཁྲོད་དུ་སྐྱོ་གར་གྱི་སྙིང་སྟོབས་འཛུགས་བསྐྲུན་ཐད་དགོས་ངེས་ཀྱི་མཐོང་ཆེན་དང་འཚོལ་རྟོགས་ཞིབ་འཇུག་མ་བྱས་བ་ལན་པར་འདོད།སྐྱོ་གར་འདུ་ཤེས་ཀྱི་སད་རྟོགས་དང་སྐྱོ་གར་སྙིང་སྟོབས་ཀྱི་འཛུགས་བསྐྲུན་ནི་བོད་ཀྱི་རྩོམ་རིག་གསར་བས་རང་གི་མིག་སྔའི་གནས་བབ་སྡུག་པོ་འདི་ཐོད་རྒལ་བྱེད་པའི་ཐར་ལམ་ཉག་གཅིག་ཡིན་ཞེས་བཤད་པ་ནང་བཞིན་སྐུ་ཞབས་ཚེ་རིང་དོན་འགྲུབ་གྱི་བརྩམས་སྒྲུང་༼ར་ལོའི་༽ནང་གི་མི་སྣ་ར་ལོ་ལ་མཚོན་ཆུང་དུས་ནས་ལོ་རྒྱུས་ཀྱི་ཐོབ་ཤོར་དང་དངོས་ཡོད་ཀྱི་ཕམ་ཁ་གྲངས་ཀྱིས་མི་ཟིན་པ་ཞིག་བརྒྱུད་ནས་མཇུག་མཐར་སྔར་བཞིན་རེ་སྒུག་ཞིག་གམ་ཁ་ཐོར་གྱི་རྣམ་པས་སྒྲུང་རྩོམ་འདི་མཇུག་རྫོགས་པར་བྱས་ཡོད་ལ། དེ་འདྲའི་ཆ་རྩོམ་པ་པོ་ཁོང་གི་བརྩམས་ཆོས་གཞན་དག་ལའང་འདུག་སྟེ།དཔེར་ན་༼དགྲ་ཤ་ལེན་པ་༽དང་༼བཙུན་ཡག་༽སོགས་ལའང་ཀྱང་སྐྱོ་གར་གྱི་འདུ་ཤེས་ཞིག་མགོ་མཇུག་བར་གསུམ་དུ་ཐིམ་ཡོད་ལ།སྐྱོ་གར་སྙིང་སྟོབས་ཞེས་བ་སྟབས་བདེར་གླེང་ན་༼རྩོམ་རིག་དང་མི༽་མི་ཞིག་ཡིན་ནའང་འདྲ།མི་རིགས་ཤིག་ཡིན་ནའང་འདྲ། རང་གི་འཚོ་སྡོད་ཀྱི་སྐྱོ་གར་རང་བཞིན་གྱི་ངོ་བོར་ངེས་རྟོགས་ཟབ་མོ་བགྱིས་ཤིང་།  འདུམ་དཀའ་བའི་འགལ་འདུ་དང་དཀའ་གནད་རབ་དང་རིམ་པའི་མདུན་དུ་ཞུམ་ཤིང་རེ་ཐག་མི་ཆད་པར་ནམ་འཚོའི་བར་དུ་མི་ཚེ་དང་ཚེ་སྲོག་གི་དོན་སྙིང་འཚོལ་རྟོགས་བརྩོན་ལེན་བྱེད་པའི་ཡིད་ཆེས་དང་སྤྲོ་ཤུགས་དེའོ་ཞེས་བ་བཞིན་ར་ལོས་ངའི་ཨ་ཕ་སུ་རེད།  ང་ཁྱེད་ཚང་གི་མག་པ་ཡིན་པ་ལས་གཡོག་པོ་མིན།  ཁྱོད་ཀྱི་སེམས་བདེ་མོ་བྱོས།    ངས་ཁྱེད་ལ་བསྒུགས་ནས་འདུག”ཟེར་བ་སོགས་ལས་ར་ལོ་ཁོ་ནི་རྩོམ་པ་པོས་རླབས་ཆེ་བའི་དོན་སྙིང་ཞིག་འཚོལ་རྟོགས་དང་བརྩོན་ལེན་བྱེད་པའི་མི་ཞིག་ཡིན་པར་ཞིབ་པར་བསྟན་འདུག་པ་རེད།
  གཉིས།  སྒྱུ་རྩལ་གྱི་གདེང་འཇོག
  ༼ཚེ་རིང་དོན་འགྲུབ་གྱི་བརྩམས་སྒྲུང་ཞིབ་འཇུག༽སོགས་ན་བཀོད་ཡོད་པའི་རྩོམ་ཡིག་ལ་ལ་ཞིག་ན་བོད་མིའི་རྣམ་ཤེས་ཀྱི་རང་གཟུགས་ར་ལོ་(བདུད་ལྷ་རྒྱལ)དང་༼མཚོ་སྔོན་བོད་ཡིག་གསར་འགྱུར་༽སྟེང་ན་(མཛེས་སེས)ར་ལོ་ཞེས་བ་གཟུགས་སུ་བཀོད་ཅིང་དེ་ལ་བརྟེན་ནས་བོད་ཀྱི་འབྲོལ་ཁུལ་གྱི་སྤྱི་ཚོགས་འཚོ་བ་དམར་རྗེན་དུ་མཚོན་པར་བྱས།(མཆོད་མེ་རྩོམ་རིག་དྲ་བ)“ར་ལོ”ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་དང་དུས་རབས་ཀྱི་འགག་ཕྲེང་དུ་བག་ལ་ཞ་བའི་མི་རིགས་འདིའི་ཐུན་མོང་གི“སེམས་གཟུགས”སུ་ངེས།་ཞེས་བཤད་ཡོད་པ་ནི་དོན་གྱི་ངོ་གདོང་གཤགས་བཅོས་བྱ་མ་ཐུབ་པའི་སྐད་ཆ་ཞིག་སྟེ།    དེ་ནི་སྒྱུ་རྩལ་གྱི་ཆ་གཅིག་པར་མཐོང་སྟེ།དཔེར་ན་མི་སྣའི་སྣང་བརྙན་སྒྲུབ་བཞེངས་དང་ཁོར་ཡུག་གི་གནས་བབས་བཀོད་འབྲི།སྐད་ཆའི་ཚིག་གི་སྒྱུ་རྩལ།དོན་གྱི་བྱུང་རིམ་ཀྱ་ཀྱུ་ཅན་སོགས་སྟེ་སྒྱུ་རྩལ་ཐད་ཀྱི་བཙོ་སྦྱང་ཅིག་ལས་མ་འདས་ལ་༼ཅི་ཞིག་ལ་རྩོམ་རིག་ཟེར༽ཞེས་བ་ལས་སྐད་ཆའི་སྒྱུ་རྩལ་གྱི་མཛེས་སྟོབས་ནི་ཚིག་རྒྱུན་སྟེང་ནས་མངོན་པ་ཞིག་ཡིན། ཚིག་རྒྱན་ནི་སྐད་ཆ་དེ་དོན་ཅན་དུ་གྲུབ་པར་བྱེད་པའི་ཐབས་ལམ་ཞིག་དང་སྐད་ཆའི་སྒྱུ་རྩལ་དེ་ཡིན་ཞེས་བཤད་ནའང་འགྲིག་ཞེས་བཤད་པ་ནང་བཞིན་དེ་ནི་སྒྱུ་རྩལ་གྱི་ཆ་ཙམ་ལས་དོན་ཀྱི་སྙིང་བོ་དང་ངོ་གདོང་ལ་ནི་འབྲེལ་བ་ཞིག་རྩ་བ་ནས་མེད་དོ།།(བརྩམས་སྒྲུང་ར་ལོར་མཚོན་ན)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩམས་སྒྲུང་༼ར་ལོའི་༽ཕྲན་དཔྱད།

2012-12-13 གཡུང་དྲུང་དོན་འགྲུབ་བམ་གངས་ཐིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།