《སྤྲིན་གྱི་ཕོ་ཉ》འི་འགྲེལ་བ་རགས་བཀོད།༡

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-11

  རྒྱ་གར་གྱི་སྙན་ངག་མཁན་པོ་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་གྲགས་ཅན<<སྤྲིན་གྱི་ཕོ་ཉ>>ཞེས་བྱ་བ་དེ་ཉིད་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་སོགས་ནས་བོད་ཡིག་ཏུ་བསྒྱུར་བ་ནས་བཟུང་། ཕྱིས་འབྱུང་གནམ་གྱིས་ས་གབ་པ་ལྟ་བུའི་སྙན་ངག་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་རིམ་བྱོན་གྱིས་དང་བ་དབང་མེད་དུ་ཕྲོགས་ནས་སྙམ་རྩོམ་གྱི་འཇུག་པ་ལ་ཉེ་བར་མཁོ་བའི་བསླབ་གཞི་ཚད་ལྡན་ཞིག་ཏུ་བརྩི་བར་མ་ཟད།སྙན་རྩོམ་གང་དེའི་ནང་དོན་གོ་དཀའ་ཞིང་ཁ་དམ་པ།ཡང་ན་རྒྱ་གར་གྱི་སྙན་གཞུང་རྩོམ་གཤིས་ལྟར་དོན་ལྡོག་པར་བརྗོད་པའི་དཀའ་གནད་ཀྱི་རིགས་ལ་རང་བློས་དཔོག་ཚོད་ཀྱིས་འགྲེལ་སྣ་ཚོགས་བརྒྱབ་པའི་བསྟན་བཅོས་མང་དུ་བྱུང་། ད་རེ་རྒན་ནོར་བྲང་ཨོ་རྒྱན་ལགས་ཀྱིས་མཛད་པའི་འགྲེལ་འདི་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། རྒྱ་ཆེ་བའི་རྩོམ་འཇུག་ལ་སྤྲོ་སེམས་འཁོལ་བའི་ཀློག་པ་པོ་རྣམས་ལ་ཕན་ཤེད་ཆེ་བར་བསམས་ནས་ཕྲན་གྱིས་དེ་དག་ལས་རེ་འགའ་ཞིག་མུ་འགོད་ཀྱི་ཚུལ་དུ་བཀོད་པ་ལགས།
         ༼ 1 ༽
འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས།།
ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།།
ཆུ་སྟོད་ཟླ་བ་རྫོགས་པའི་ཉིད་ལ་སྤྲིན་རྣམས་རི་ཤོར་རི་སྟེང་ཉལ་བར་གྱུར་པ་ནི།།
མཆོག་ཏུ་རོལ་ཞིང་མཛེས་པར་གྱུར་བའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར།།
ཞེས་པ་གསུངས་པ་ནི། འདོད་སྲེད་ཀྱི་འཆིང་བས་བསྡམས་པའི་གནོད་སྦྱིན་དེ་ནི་རང་གི་མཛེས་མ་དང་ཁ་བྲལ་བའམ་མཛེས་མ་སྤངས་ནས་རང་གཅིག་པུར་ཟླ་བ་འགའ་ཞིག་རིང་རཱ་མའི་རི་བོར་ཕྱིན་ཏེ་གནས་བཅས་ནས་བསྡད་པའི་ཚེ། དགའ་མ་དྲན་པའི་གདུང་བས་རང་ཉིད་ཀྱི་ལུས་ཀྱི་ཤ་ཡང་རིད་པར་གྱུར་ནས་ལག་པ་ཀེང་རུས་པགས་པས་བསྟུམས་པ་ཇི་བཞིན་ཤིན་ཏུ་ཕྲ་བར་སོང་སྟེ་སྔར་རང་གི་ལག་པར་མཛེས་མས་དམ་པོར་འཁྱུད་པ་ལྟ་བུའི་གསེར་གྱི་གདུ་བ་དག་ཀྱང་དེང་གི་དུས་འདིར་དཔུང་བའི་འགོ་བར་ཤུད་ཅིང་རྒྱུ་བར་བྱེད་དོ།། དེ་ལྟ་བུའི་སྐྱོ་བའི་གནས་སྐབས་བསྟེན་པའི་སྐྱེ་བོ་དེས་ཆུ་སྟོད་ཟླ་བ་སྟེ་ཟླ་བ་དྲུག་པ་རྫོགས་ཙམ་ཉིད་དེ། ཟླ་བ་བདུན་པ་ཚེས་མ་ཐག་པ་སྟོན་ཀའི་དུས་ཀྱི་དགའ་སྟོན་འཆར་འགོ་ཚུགས་པ་དེའི་ཚེ་ནམ་མཁའ་ཤིན་ཏུ་སྔོ་ཞིང་དྭངས་པའི་ངོས་སུ་སྤྲིན་དཀར་དུམ་བུ་དུམ་བུར་རྒྱུ་བ་མཐོང་བས་ཁྱོད་རྣམས་གནམ་ལ་ཟུག་འདྲའི་རི་མོའི་རྩེ་མོར་ཉལ་བའམ། རི་བོའི་ངོས་ལ་འཁྱུད་ཅིང་དལ་བ་དལ་བུས་འགྲོ་བར་བྱེད་པ་དེ་ནི་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་མཛེས་པའི་སྣ་ཞགས་རིང་པོར་བརྐྱངས་ཏེ་རི་བོར་གཏུགས་པ་མཆོག་ཏུ་གྱུར་པའི་རོལ་རྩེད་མཚར་པོ་ཞིག་རྩེ་བ་ཡིན་སྙམ་པ་བཙོན་པ་བདག་གི་ཡིད་ལ་རྟོག་ཅིང་། མིག་གིས་ཀྱང་དེ་ལྟའི་ཚུལ་ཞིག་མངོན་སུམ་དུ་མཐོང་བར་གྱུར་ཏོ། །
          ༼ 2 ༽
ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དགའ་དང་ཁྲོ་བས་ལེགས་བྲིས་ཏེ། །
དེ་རྙེད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུར་པ་ན།།
ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་པོ་ཡང་ཡང་བྱུང་བས་བྲུབས་པས་མིག་ལ་ཁྲོ།།
དེར་ཡང་བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཉིད་དུ་གྱུར་པ་ཞིག།
ཅེས་གསུངས་པ་ནི། བདག་ཉིད་ཁྱོད་དྲན་པས་ཉི་མ་འཁྱོལ་དཀའ་བའི་དུས་སུ་རྡོ་ལེབ་འཇམ་པོའི་གཞི་ལ་རང་བྱུང་ཁམས་ཀྱི་རྡོ་ཚོན་རྣམས་ཀྱིས་ཁྱོད་གཟུགས་རབ་ཏུ་མཛེས་པ་བྲིས་པས་རང་ཉིད་དགའ་བ་དང་།འོན་ཀྱང་རང་ཉིད་དང་ལྷན་ཅིག་འགྲོགས་པའི་ཐབས་མེད་པས་ཡིད་བྱུང་ནས་རང་གིས་རང་ལ་ཁྲོ་བ་འཛིན་བཞིན་དུ་ཁྱོད་ཀྱི་ཁྱོད་ཀྱི་སྣང་བརྙན་དེ་ལ་ལེགས་པར་བལྟས་པས་བཅོས་མ་མ་ཡིན་པའི་བརྩེ་གདུང་ཟབ་མོས་དགའ་མ་ཁྱོད་ལ་འདོད་པ་བྱ་བའི་ཆེད་དུ་ཁྱོད་གཟུགས་མཛེས་པར་བྲིས་པའི་ཞབས་ཀྱི་དྲུང་དུ་པུས་མོ་བཙུགས་ནས་རྩེ་དགར་འཇུག་ཅེས་ཇི་ལྟར་སྨྲས་ཀྱང་ཁྱོད་ཀྱི་ཚིག་ལན་ཅི་ཡང་མ་བྱུང་བས། བདག་ཉིད་སྐྱོ་བའི་མིག་ནས་མཆི་མ་བར་མ་ཆད་པར་ཡང་ཡང་བྱུང་བས་རྒྱུག་ཆུ་བྲུབས་པ་ལྟར་མིག་གིས་ཁྱོད་ཀྱི་གཟུགས་དེ་ཇི་བཞིན་མི་མཐོང་བ་རབ་རིབ་ཏུ་གྱུར་པས་རང་གི་མིག་ལ་ཡང་ཁྲོ་བ་སྐྱེས་ཤིང་། གནས་འདིར་བདག་ཅག་གཉིས་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཞིག་གྱུར་པ་འདི་ལ་ཅི་བྱ་ཡོད། ཅེས་སོ། །
        ༼ 3 ༽
ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན།།
ཁོ་བོས་དམ་དུ་འཁྱུབ་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་ཡུགས་བྱས་པ་ནི།།
ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ངེས་པར་མ་མཐོང་མ་ཡིན་མང་པོ་རུ།།
མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར།།
ཅེས་གསུངས་པ་ནི། དགའ་མ་ཁྱོད་ནི་བདག་གི་རྨི་ལམ་ནང་དུ་ཡང་ཡང་འོངས་ཤིང་མཐོང་བ་དེའི་ཚེ་ཁོ་བོས་ཁྱོད་ལ་དམ་དུ་འཁྱུད་པའི་ཆེད་དུ་མཚན་གུང་ནམ་མཁའ་སྟོང་བར་ལག་གཡུག་བྱས་ཀྱང་ཁྱོད་ལ་འཁྱུད་པའི་གོ་སྐབས་ལྟ་ཅི། དེ་དང་དེ་འདྲ་བ་ལག་གཡུག་བྱེད་པའི་ཚུལ་མང་པོ་ཞིག་ས་གཞི་འདིར་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་རྟག་ཏུ་མཐོང་བས་བདག་གི་སྐྱོ་གནས་དེས་ཁོ་ཚོ་ལ་ཡང་སེམས་འགུལ་ཚད་མེད་ཐེབས་ནས་ནགས་ཀྱི་ལྷ་རྣམས་ཀྱི་མིག་ནས་མཆི་མ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཤིང་གི་ཡལ་ག་རྣམས་ལ་ལྷུང་བར་འགྱུར་རོ།། ༼ མུ་འགོད ༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སྤྲིན་གྱི་ཕོ་ཉ》འི་འགྲེལ་བ་རགས་བཀོད།༡

2012-10-11 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།