རྩོམ་རིག་དང་ཕུགས་འདུན།

        ______བརྩམས་ཆོས་ཀྱིས་བཞེངས་མི་ཐུབ་པའི་ང་ཚོའི་སྤྱི་ཚོགས།

            ༼ཁ་ནང་དུ་ཕྱོགས་པ།༽
   གཞིས་བཞུགས་རྩོམ་པ་པོ་ཁྲི་སེམས་དཔས་ “ན་ཟུག་མེད་པའི་བོད་ཀྱི་སྙན་ངག་པའི་སྡེ་” ཞེས། བོད་ཀྱི་རྩོམ་རིག་ཁོར་ཡུག་ལ་ཞིབ་དཔྱད་དང་། འཛམ་གླིང་གི་ཁ་ཕྱོགས་ལ་སེམས་ཁུར། སྙན་ངག་པའི་འགན་འཁྲིའི་ལྕི་ཚད་བཅས་ཤོག་ལྷེ་ཁ་ཤས་ནང་ཕྱོགས་སུ་སྤུངས་པ་ནི་བསམ་བློའི་རྒྱག་ཕྱེ་ཞིམ་མངར་ལྡན་པ་ཞིག་ལགས།
   ཁོང་ཉིད་ཀྱིས་གསུངས་པ་བཞིན་དུས་རབས་འདིའི་དུས་འགོ་ནས་བོད་ལ་རྩོམ་རིག་གྱི་དཔེ་དེབ་གང་མང་ཐོན་ཞིང་། བོད་ཡིག་འགོ་མཇུག་བསྒྲིག་ཤེས་པ་ཙམ་ནས་སྙན་རྩོམ་འབྲི་གི་ཡོད་ཅེས་སྨྱུག་མིང་རེ་བཏགས་ནས་འུར་འུར་བྱེད་པ་དེ། བོད་མིའི་རིག་གནས་ཀྱི་གོ་རྟོགས་སད་ནས་ཤེས་བྱའི་གནས་ལ་མཐོང་ཆེན་བྱས་པ་ཡིན་ན་དགའ་འོས་པ་ཞིག་ཡིན་མོད། དེ་ལྟར་མིན་པར། མི་གཤིས་ཀྱི་འགྲན་སེམས་ཁོ་ནའི་དབང་དུ་སོང་ནས། བེད་སྤྱོད་མེད་པའི་ཤོག་སྙིགས་གང་མང་བོད་ཀྱི་རྩོམ་རིག་ཤེས་བྱའི་ཐང་ཆེན་ན་གསོག་བཞིན་མཆིས། ད་དུང་ཡིད་ཕམ་པ་ཞིག་ལ་ཤེས་ཡོན་ལ་དགའ་ཡང་ཡར་རྒྱས་མེད་པ་ཁོང་ཚོའི་དཔལ་འབྱོར་ལའང་གྱོང་རྒུད་ཕོག་གིན་ཡོད་པ་སྨོས་མེད་རེད། དེར་བརྟེན་གཟབ་གཟབ་མ་བྱས་ན་རང་ཉིད་ཀྱིས་མི་འཇོན་པར་སྤྱི་ཚོགས་ལ་འཁང་སེམས་རེ་དང་ལྷན་དུ་ནམ་ཡང་སྨྱུ་གུ་ཐང་ལ་གཡུག་མི་སྲིད་པ་མ་རེད།
   དེ་ལྟར་ན་ཟུག་མེད་པའི་བོད་ཀྱི་རྩོམ་པ་པོའམ་སྙན་ངག་པ་དག་གི་མི་གཤིས་ལ་དཔྱད་ན། ཁེངས་ཤིང་དྲེགས་པ། རང་མཐོ་གཞན་དམའ། གོ་རྟོགས་ཆུང་བ། འགན་འཁུར་མེད་པ། ཉྭ་ལ་འཁྲིལ་ཞིང་རང་ཚུགས་དབེན་པ། རྒྱུན་དུ་ཡིད་མུག་པ། ཤེས་འདོད་ཀྱི་བསམ་བློ་བྲལ་བ། སྤྱི་ཚོགས་དང་རྒྱང་དུ་གྱེས་པ། འཕེལ་མེད་རང་སོར་གནས་པ་བཅས་ཀྱི་མི་གཤིས་ངན་པ་དགུ་ཏག་ཏག་ཚང་བས། བོད་ཀྱི་རྩོམ་རིག་ཐང་ཆེན་ན་བོང་བུས་ཁེངས་ཏེ་རྟ་ཕོ་ངོ་མི་ཤེས་པ་བཟོས་ཡོད། དེ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་ཆ་ནས་ཡིད་མུག་དགོས་པའི་སྐྱོ་གར་ཞིག་རེད།
   གནས་ལུགས་སུ་གཞུང་ལམ་དེ་རྒྱལ་ཁབ་ཀྱི་ཟུངས་ཁྲག་རྒྱུ་སའི་རྩ་ལམ་ཡིན་ཟེར་ན། རིག་གནས་ནི་མི་དམངས་གོ་རྟོགས་སད་བྱེད་ཀྱི་སྨན་མཆོག་གཅིག་པུ་དེ་ཡིན་པ་སུས་ཀྱང་ཤེས། དེ་ལྟར་ན། ང་ཚོས་ལྷན་དུ་རྒྱ་ཆེ་བའི་རིག་གནས་ཀྱི་བྱེད་ལས་ངོ་མར་རྒྱུན་དུ་ནས་བསམ་གཞིག་བྱེད་དགོས་པར་ངེས།  དོན་ངོ་མར། འགྱུར་བ་མེད་ན་ཡར་རྒྱས་མེད་ཅེས་སྔོན་ཐོན་གྱི་ནུབ་གླིང་དག་ན་སྔ་མོ་ནས་ད་ལྟ་བར་བོད་པའི་མ་ཎི་བཞིན་བགྲང་བཞིན་ཡོད། དེས་ང་ཚོར་སྟོན་པ་ནི་འགུལ་བསྐྱོད་ལྡན་པའི་སྤྱི་ཚོགས་ཞིག་གི་ནང་ཙོག་པུར་བསྡད་མི་ཐུབ་པ་དེ་རེད། གནས་ལུགས་དེར་བསམ་ན་ང་ཚོའི་བོད་ཀྱི་རྩོམ་རིག་ཐ་དག་གསོན་པོ་ཡིན་དགོས་ལ། དུས་དང་འཚམ་པའི་འགུལ་བསྐྱོད་ཀྱང་ལྡན་དགོས།
   ཡིད་ཕམ་པ་ཞིག་ལ། ན་ཟུག་མེད་པའི་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་དག་གི་སྙན་རྩོམ་མང་པོ་ཞིག་ཀློག་པ་པོའི་མིག་ལམ་ན་སྔར་རྒྱུན་བཞིན་ཤི་རོ་ཞིག་ལས་མ་འདས་པའི་རྒྱུ་མཚན་ནི། “ལད་ཟློས་བསྐྱར་ཟློས། བརྐུ་འབྲི་བཤུ་འབྲི། ནད་མེད་འཁུན་སྒྲ། ཕྱི་རྫིག་ནང་སྟོང་རྐྱང་རྐྱང་” ཡིན་པས་སོ། ད་དུང་། བརྗོད་བྱ་ནི་ཁྲིམས་ཀྱིས་བསྡམས་པ་ལྟར། དགའ་མ་དྲན་པ། ཕ་མ་དྲན་པ། བླ་མར་བསྟོད་པ། འདྲེ་ལ་སྡིག་པ། ཡུལ་ལྗོངས་འབྲི་བ་དང་། ཉིན་རེའི་འཚོ་བ་ཐན་ཐུན་རེ་ཡིག་ཐོག་ཏུ་ཕབ་པ་བཅས་ལས་མ་བརྒལ་ན་རིག་གནས་ཀྱི་རིན་ཐང་ཤེས་མཁན་ཞིག་གིས་བལྟས་ན་ང་ཚོའི་སྤྱི་ཚོགས་ཁྱོན་ཡར་རྒྱས་མི་འགྲོ་བའི་གནད་དོན་དེ་ཡིན་པ་ཤེས་ཐུབ་ལ། ང་ཚོའི་སྤྱི་ཚོགས་དེ་ཡང་བརྩམས་ཆོས་ཀྱིས་བཞེངས་མི་ཐུབ་པའི་སྤྱི་ཚོགས་ཤིག་ཡིན་པ་ཧ་གོ་དོན་གསལ་དུ་གྱུར།
 
             ༼ཁ་ཕྱི་ལ་ཕྱོགས་པ།༽
    ཁྲི་སེམས་དཔའ་ཉིད་ཀྱིས། སྙན་ངག་པ་ཞིག་ཡིན་ན། “གཞན་གྱི་སྡུག་བསྔལ་ལ་སྙིང་ན་བ། གཞན་གྱི་ཁུར་བོ་རང་འགན་དུ་ལེན་པ། དོན་རྐྱེན་གང་བྱུང་ལ་ཚོར་བ་སྐྱེན་པོ་ཅི་ནས་ཀྱང་དགོས།” ཞེས་སྙན་ངག་པ་ཞིག་གི་ཆ་རྐྱེན་དུ་བགྲང་པ་ནི་ཧ་ཅང་བཀུར་འོས་པ་ཞིག་འདུག འོན་ཀྱང་ཆ་རྐྱེན་དེ་དག་ནི་གཞན་སེམས་ཆེ་བའི་ཞོར་ལས་སྙན་ངག་པའི་ཆ་རྐྱེན་ཙམ་ལས་ཆེད་ལས་སྙན་ངག་པའམ་རྩོམ་པ་པོ་ཞིག་དེ་ལྟར་འཚོ་ཐབས་བྲལ། མ་ཟད། ཉིད་ཀྱིས་ལུང་འདྲེན་བྱས་པའི་ཧེ་མིང་ཝེའི་ (E M Hemingway) ཚིག་ལས་ “མ་མཐའ་ཡང་རང་ཉིད་ལ་ཤ་ཚ་བ། རང་ཉིད་ལ་འགན་འཁུར་བ།” ཞེས་པའི་ནང་དོན་དང་འགལ། གང་ལ་ཞེ་ན། ཚིག་རྐང་དེ་གཉིས་དང་རྩོམ་པ་པོ་ཧེ་མིང་ཝེའི་ལྟ་གྲུབ་ལ་ཅིག་ཅར་དུ་གཞིག་ན། རང་གི་འཁུར་བོ་རང་ལེན་ཐོག སྤྱི་ཚོགས་ཀྱི་དགོས་མཁོར་ལྟོས་ཏེ་ཤི་མ་གསོན་གྱི་གནས་སྐབས་ལའང་རང་ཉིད་ཀྱི་འཚོ་གནས་རྩོད་ལེན་བྱེད་དགོས་པ་བསྟན་འདུག གཟིགས་དང་། མཚམས་འདི་ནས་རྩོམ་རིག་དཔེ་མཚོན་མི་སྣ་གྲགས་ཅན་ཨ་རིའི་རྩོམ་པ་པོ་ཧེ་མིང་ཝེའི་ (1899-1961) ལོ་རྒྱུས་མདོར་ཙམ་དང་དེ་ལས་འཕྲོས་པའི་བརྩམས་ཆོས་ཤིག་ཁྱེད་རྣམས་པའི་སྤྱན་ཟུང་སྒོ་མོའི་མདུན་དུ་ཅུང་ཙམ་བཤམས་ན། ཁོང་ནི་ཨ་རིའི་མགོ་བོ་རྨོངས་པའི་མི་རབས་ཤིག་ (Lost Generation) ཅེས་པའི་རྩོམ་རིག་གྲུབ་མཐའི་ཚབ་མཚོན་མི་སྣ་དང་། ཁོང་དང་གྲུབ་མཐའ་དེའི་ཁོངས་མི་ཚང་མ་རེ་ལྟོས་དུ་མས་འཛམ་གླིང་དམག་ཆེན་དང་པོར་ཞུགས་མྱོང་མཁན་ཤ་སྟག་རེད། མ་ཟད། ཁོང་ཚོ་ཚང་མ་འཚོ་གནས་ལ་ཞེན་ཞིང་རྩོམ་རིག་ལ་ལྷག་པར་དུངས། ཧེ་མིང་ཝེ་ཁོ་རང་ལ་མཚོན་ན་ 1917 ལོར་སློབ་གྲྭ་བསྐྱུར་ཏེ་དམག་སར་ཞུགས། དེ་དུས་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཕྱི་འཁོར་བ་ནས་འཇིག་རྟེན་ལ་གྱེས་ཕྱག་མ་འཚལ་བར། ལོ་ལྟར་རྩོམ་རིག་གི་བྱ་བཞག་ཆེན་པོ་རེ་གསར་གཏོད་བྱས་པ་ཆད་མྱོང་མི་འདུག   མཐར་ 1954 ལོའི་ནོ་ལྦེལ་རྩོམ་རིག་གཟེངས་རྟགས་དེ་ཁོང་ལ་ཐོབ། མདོར་ན་ཁོང་གིས་མི་ཚེ་ཧྲིལ་པོ་རྩོམ་རིག་དང་ལྷན་དུ་བསྐྱལ་ཞིང་སྔ་ལམ་དུ་གཤེགས་ཟིན་པའི་རྗེས་སུ་ཡང་དཔར་བསྐྲུན་བྱེད་རྒྱུར་ལུས་པའི་བརྩམས་ཆོས་གྲགས་ཅན་ཁ་ཤས་དཔར་དུ་བཏབས་འདུག
   འཚོ་གནས་ལ་དགའ་བའི་བློ་གསར་ཚོའི་ཆེད་དུ་ཁོང་གི་བརྩམས་ཆོས་གྲགས་ཅན་འགའི་མིང་འདོན་བྱས་ན།(1) “ཉི་མ་སྔར་རྒྱུན་བཞིན་ཤར་བ།” (The Sun Also Rises) “ ནམ་ཡང་མཚོན་ཆ་དང་ཁ་བྲལ་བ།” (A Farewell to Arms)“ སུ་ཡི་ཆེད་དུ་འཆི་ཁའི་ཅོང་བརྡ་གྲགས” (For Whom The Bell Tools) “ རྒན་འཁོགས་དང་རྒྱ་མཚོ།” (The Old Man and The Sea) ད་དུང་།“ མི་གསོད་མཁན་” (The Killer) སོགས་ཨ་རིའི་རྩོམ་རིག་བང་མཛོད་ནང་གི་ནོར་བུ་རྐྱང་རྐྱང་དུ་གྱུར་འདུག རླབས་ཆེ་བའི་ཁོང་གི་བྱ་བཞག་དེ་དག་ལས་མི་དམངས་ལ་བསམ་པའི་རྒྱག་ཕྱེ་མང་དུ་ཐོབ་དང་འཐོབ་མུས་ནི་ལྟ་ཅི་སྨོས། ཁྲོམ་རའི་ཡོང་བབ་ནི་མི་མང་གི་ལག་ན་ད་དུང་ཡང་ཆད་མེད་པ་དེ་རེད། མདོར་ན་ཁོང་གི་རྗེས་ཤུལ་ན་དཔལ་འབྱོར་དང་ཤེས་ཡོན་གཉིས་ཀའི་གྲུ་ཆར་ད་དུང་ཡང་འབབ་བཞིན་མཆིས། དེ་ལྟར་མཚན་ཉིད་ཚང་བའི་རྩོམ་པ་པོ་ཁོང་གིས་ཨ་རི་དང་འཛམ་གླིང་མི་དམངས་ལ་བྱས་རྗེས་རླབས་ཆེན་བཞག་ནས་སྤྱི་ལོ་ 1961 ལོར་རང་ཉིད་ཀྱི་འདོད་མོས་ལྟར་རང་དབང་གིས་འཇིག་རྟེན་ལ་གྱེས་ཕྱག་ཞུས་སོང་།
   ཧེ་མིང་ཝེའི་བརྩམས་སྒྲུང་རིང་གྲས་ “ཉི་མ་སྔར་རྒྱུན་བཞིན་ཤར་བའི་” (The Sun Also Rises) སྐོར་ལ་ཕྲན་ཙམ་དཔྱད་ན། བརྩམས་ཆོས་དེ་ 1926 ལོར་འགྲེམས་སྤེལ་བྱས་འདུག དེས་འབྱོར་ལྡན་གྲལ་རིམ་གྱིས་བསླངས་པའི་འཛམ་གླིང་དམག་ཆེན་དང་པོར་ཁོང་ཁྲོ་རབ་ཏུ་འབར་བའི་སྒོ་ནས་གདུང་འབོད་བྱས་ཡོད། (2)“བརྩམས་ཆོས་ཁྲོད་ཀྱི་མི་སྣ་རྣམས་ནི་དམག་འཁྲུག་གི་གནོད་འཚེ་ཕོག་མི་ཤ་སྟག་ཡིན། ཁོང་ཚོས་འཇིག་རྟེན་བྱ་བར་རྩེད་མོ་རྩེ་བ། བག་མེད་ལོངས་སྤྱོད་བྱེད་པ། ཁོང་ཚོ་ནི་མི་ཡུལ་དུ་འཁྱར་བའི་ངེས་མེད་ལྗོངས་རྒྱུ་བ་ཞིག་ཡིན། ཁོང་ཚོས་ཞབས་བྲོ་རྒྱག་པ་དང་། ཨ་རག་འཐུང་བ། ཡུལ་སྐོར་བ། དགའ་རོགས་བསྒྲིག་པ་སོགས་བག་མེད་རྣམ་གཡེང་གི་འཚོ་བ་སྐྱེལ་མོད། འོན་ཏེ་ཁོང་ཚོའི་སེམས་པ་དོན་སྟོང་དང་སྐྱོ་སྣང་། རྩ་བརླག་བཅས་ཀྱི་གདུང་བས་ནོན།” གང་ལྟར་ “ཉི་མ་སྔར་རྒྱུན་བཞིན་ཤར་བས་” སྐབས་དེའི་མི་དམངས་ལ་དམག་འཁྲུག་གི་ཉེས་དམིགས་དང་ཤེས་ལྡན་པའི་བསམ་བློའི་དཀའ་ངལ་དུས་ཐོག་ཏུ་བཤད་ཐུབ་ཡོད་ལ། ཕྱིས་དང་དེང་གི་ཀློག་པ་པོར་དམག་ཆེན་དང་པོས་སྐབས་དེའི་མི་དམངས་ལ་སྤྲད་པའི་དཀའ་སྡུག་གསལ་སྟོན་བྱས་འདུག། མ་ཟད། སྐབས་དེའི་བསམ་བློ་བ་དང་ཤེས་ལྡན་པ་ཚོས་དམག་འཁྲུག་གི་ཁྲོད་ནས་རྟག་པར་ཡིད་ལ་བཅངས་པའི་ཞི་བདེ་དེ་ཅི་འདྲའི་རྩ་ཆེན་ཞིག་ཡིན་པ་ར་སྤྲད་ཡོད། ཉེ་བའི་ཆར། སྤྱི་ལོ་ 2011 ཟླ་ 7 ཚེས་ 15 ཉིན་མི་རིགས་མང་པོའི་ན་གཞོན་ཚོས་དགའ་ཤོས་བྱེད་སའི་རྒྱ་གར་གྱི་གློག་བརྙན་ (Zindagi Na Milegi Dobara)“ མི་ཚེ་ལ་ཕྱིར་ལྡོག་མེད་” ཅེས་པ་གསར་དུ་ཐོན་ཞིང་གློག་བརྙན་དེའི་རིན་གོང་ཧིན་སྒོར་དུང་ཕྱུར་ 89.58 བར་འཕར་ཡོད་པ་རེད། འདིར་རླབས་ཆེན་གྱི་ཧེ་མིང་ཝེའི་ཕྱོགས་སུ་ལངས་ནས་དགའ་འོས་པའི་གཏམ་ཞིག་བཤད་ན། ལྟད་མོ་བ་དུང་ཕྱུར་བཅུ་ལྷག་གི་མིག་གི་ལོངས་སྤྱོད་དུ་གྱུར་པའི་གློག་བརྙན་དེའི་པར་གཞི་ལེགས་ཤོས་དེ་ཁོང་གི་ “ཉི་མ་སྔར་རྒྱུན་བཞིན་ཤར་བ་” ལས་བཤུས་འདུག
 
           ༼མཐའ་མ་ནང་དུ་བསམ་པ།༽
   ད་གཟོད་ཁ་ནང་དུ་བསྐོར་ནས་བལྟས་ན། ང་ཚོའི་སྤྱི་ཚོགས་ནང་སྒྱུ་རྩལ་པ་དང་སྒྱུ་རྩལ་པར་རློམ་པའི་སྐྱེ་བོ་མང་པོས་དབྱེ་ཞིབ་དང་དངོས་དོན་གསལ་པོ་མ་རྟོགས་པར། སྒྱུ་རྩལ་རིག་གནས་ཀྱི་ཁྱབ་ཁོངས་སུ་དཔལ་འབྱོར་གྱི་དབང་ཤུགས་སླེབས་མི་འདོད་པའམ་སླེབས་མི་འདོད་པར་གླེང་བ་ནི་ལྐུག་པས་སྤྱང་མདོག་བྱས་པ་དང་ཀུན་ནས་མཚུངས་ལ། འཇིག་རྟེན་ལ་འགལ་བ་ལྟག་སྤྲོད་ཀྱིས་རི་ཁྲོད་དང་ནགས་སུ་བཞུགས་པའི་དྲང་སྲོང་གིས་ཏིང་ངེ་འཛིན་གྱི་བྲོ་བ་མྱོང་པར་ལད་ཟློས་བྱས་པ་ཁོ་ན་ལས་མ་འདས། དེར་བརྟེན་ང་ཚོའི་རྩོམ་པ་པོ་དང་སྙན་ངག་པ་ཀུན་གྱིས་ཤེས་ཡོན་དང་དཔལ་འབྱོར་གཅིག་ཏུ་བསྒྲིལ་བའི་དགེ་མཚན་མཐོང་ཐུབ་ན། ང་ཚོའི་རྩོམ་རིག་ཐང་ཆེན་ན་གསར་གཏོད་ཀྱི་རྣམ་པ་ངང་གིས་འཕྱུར་ཐུབ་ཅིང་། འཚོ་གནས་ལ་ཐུག་ན་ཤིན་ཏུ་རྒོད་པའི་མིའི་རྣམ་དཔྱོད་དེས་སྨྱུ་གུ་གཡུག་སྟེ་དཔལ་འབྱོར་གྱི་ཡོང་སྒོ་ཕྱེ་ནུས། དེའི་ཚེ་མཁའ་ལ་དབྱིངས་པའི་ང་ཚོའི་སྐད་ཡིག་དང་རིག་གནས་ཀྱི་གནམ་གྲུ་དེ་ང་ཚོའི་འཚོ་གནས་ཀྱི་ས་ཐོག་ལ་དངོས་སུ་བབས་ཐུབ་པ་རེད། མ་ཟད། སྐད་ཡིག་དང་རིག་གནས་ལ་ཡར་རྒྱས་ཀྱི་ཁ་ཕྱོགས་རྙེད་ཐུབ་ཅིང་། དེ་གཉིས་ཀའི་ཚེ་སྲོག་གི་དབུགས་རྒྱུན་ཡུན་དུ་བསྲིངས་ཐུབ་རྒྱུ་ནི་གདོན་མི་ཟའོ།།
   མཐར་གོང་དུ་བྲིས་པའི་བརྗོད་བྱ་རྣམས་བསམ་བློ་ཞིབ་མོས་བཞེངས་སྐྲུན་བྱེད་མ་ཐུབ་ཀྱང་། མིག་དང་བསམ་བློ་གཉིས་ཀས་གཡས་བལྟ་གཡོན་བལྟ་མང་དུ་བྱས་ཏེ། བློ་དམན་པ་ཞིག་གིས་ཤེས་རིག་དང་འཚོ་བར་བརྩོན་པའི་བར་གསེང་ནས་རྟག་ཏུ་ཡིད་ལ་དྲན་བཞིན་པ་ཤ་སྟག་ཡིན། ད་དུང་། གོང་དུ་སྙན་རྩོམ་པ་པོ་དག་གི་ཉེས་སྐྱོན་གླེང་བ་མཐའ་དག་བཀའ་གདམས་པའི་གཞུང་ལུགས་ལས་ “སྐྱོན་མཚང་ཐོག་ཏུ་ཕབ་པ་བླ་མའི་གདམས་ངག་” ཞེས་གསུངས་པ་ལྟར་རང་ཉིད་ལ་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་ཐོབ་པའི་བསླབ་བྱའོ། མཇུག་མཐར། སྤྱིར་སྤྱི་ཚོགས་ཀྱི་རྩ་བ་ཤེས་རིག་ཡིན་ཕྱིར། འདིར་ཕྲན་གྱིས་གནད་དོན་དེ་གལ་གནད་དུ་འཛིན་པའི་བསམ་བློ་ཞིག་ཕྱིར་དབྱུང་ཐབས་བྱས་པ་ཙམ་ཡིན།
སུ་ཞིག་གིས།
                  མ་བསླབ་མ་སྦྱང་ཤེས་རབ་ཇི་ལྟར་འཕེལ།།
                  མ་ཤེས་ཤེས་ཁུལ་རང་ཉིད་རྣམ་ཀུན་འཕུང་།།
                  བལྟ་རྒྱ་ཐོས་རྒྱར་ཚིམས་པ་མེད་པ་དེ།།
                  ནམ་ཞིག་མཁས་པར་མི་འགྱུར་སྲིད་པ་མིན།།
མའོ་ཡིས།
                   ཕྱོགས་གཅིག་ཡིད་ཆེས་མགོ་བོ་རྨོངས།།
                   ཁྱོན་ཀུན་མཐོང་ན་རིག་པ་གསལ།།
                  
                   སྨིན་མ་བསྡུས་ཏེ་བསམ་བློ་ཐོངས།།
                   དེ་མ་ཐག་ཏུ་ཤེས་རབ་རྙེད།།
གུས་པས།
                  འཛམ་གླིང་ཡངས་པོ་ཚོང་རའི་ཁོར་ཡུག་ན།།
                  ཐམས་ཅད་ཚོང་དང་མ་འབྲེལ་ཡོད་མ་ཡིན།།
                  སྤྱིར་གྱི་རིག་གནས་ཀུན་ལ་མཁས་གྱུར་ཀྱང་།།
                  ཚོང་ལ་རྨོངས་ན་འཚོ་གནས་རིམ་གྱིས་ཕམ།།
 མཆན། 1༼འདིར་ཧེ་མིང་ཝེའི་བརྩམས་ཆོས་ཀྱི་མིང་བོད་ཡིག་ནང་ཡོད་པ་རྣམས་“ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ།”ལས་ཐད་ཀར་བཏུས་པ་ལས་རང་བཟོ་བྱས་པ་མིན།༽
2༼གཞིས་བཞུགས་ཤེས་ཡོན་ཅན་ཀུན་དགའ་ལགས་ཀྱིས་བསྒྱུར་གནང་བའི་ “ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ།” ལས་བཏུས།༽                                  Ø  ཟུར་བལྟའི་དཔྱད་གཞི་དང་རྩོམ་ཡིག་ཁག 1) ནུབ་ཕྱོགས་དེང་རབས་སྨྲ་བའི་རྕོམ་རིག་གི་དྲི་གཞི་ལྔ་བརྒྱ། 2) ན་ཟུག་མེད་པའི་བོད་ཀྱི་སྙན་ངག་པའི་སྡེ། 3)   ཝི་ཀི་ཕི་ཏྲི་ཡའི་དྲྭ་ཚིག www.wikipedia.com 4) www.google.com 5) www.bing.com

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་དང་ཕུགས་འདུན།

2012-07-28 གངས་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།