༼ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ༽དང་དེའི་ཕྲན་དཔྱད།

བདའ་ཚང་སྙེམས་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-05

         ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ།
                                               འབྲོང་ཕྲུག (མཚོ་ལྷོ)
ཆུ་མིག་དེ  དཔྱིད་རླུང་འཇམ་པོའི་ཁྲོད་དུ
ཁྱེད་ཀྱི་སེམས་ནས་བདག་གི་སྙིང་ལ་འཁྱིལ་ན
ཆུ་མིག་དེ  དྭངས་གཙང་གིས
ཕྱི་གསལ་ནང་གསལ་གྱིས་བདག་གི་སེམས་ལ་འཁྱིལ་བའི་གོ་རིམ་ནི
བུ་མོ་ཞིག་ནར་སོན་པའི་གོ་རིམ་ཡིན་ནམ
 
བརྩེ་དུངས་ལྟར  ཕྱི་གསལ་ནང་གསལ་གྱི
ཆུ་མིག་ཅིག་འདི་ལྟར་བདག་གི་སྙིང་ལ་འཁྱིལ་རྗེས
བུ་མོ་ཁྱོད་ཀྱང་ཕྱི་གསལ་ནང་གསལ་གྱི་ཆུ་མིག་ཅིག་སྟེ
བརྩེ་བ་དྭངས་གཙང་གིས  དུངས་པ་གཞུང་དྲང་གིས
བདག་གི་སྙིང་ལ་དར་ཅིག་འཁྱིལ་དགོས་པ་མིན་ནམ
 
ཁ་སང་ནི་སྨུག་སྤྲིན་ཇི་བཞིན  རབ་རིབ་ཀྱི  མག་མོག་གི
སུས་ཀྱང་སུའི་ཁ་སང་གི་གཏམ་རྒྱུད་བཀླག་ཐབས་བྲལ་ཡང
སང་ཉིན་ནི་ཆུ་མིག་ཇི་བཞིན་ཕྱི་གསལ་ནང་གསལ་གྱི
དབྱངས་དང་ཚིག་གིས་བཞེངས་པའི་གར་སྟེགས་ཤིག་སྟེ
གར་སྟེགས་འདི་ནི་འུ་གཉིས་ཀྱི་སང་ཉིན་འགོ་རྩོམ་ས་ཡིན་འོས
༢༠༡༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ་ལས་བདམས།
    ༼ཕྲན་དཔྱད།བདའ་ཚང་སྙེམས་གྲོལ༽ད་ཡུལ་དུ་སྙན་ངག་གསར་བ་དར་བ་ནས་བཟུང་།ད་ལྟའི་བར་དུ་བགྲང་བྱ་མཛུབ་མོས་མི་ཁུགས་པ་ཞིག་སོང་མེད་ནའང་།སྙན་ངག་གསར་བའི་འཕེལ་རྒྱས་ལ་ལྟོས་བཅས་ཀྱིས་ཕན་འབྲས་མངོན་གསལ་བླངས་ཡོད་པར་འདོད།དེ་ཡང་གསལ་བོར་བཤད་ན།སྐུ་ཞབས་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་སོགས་ལ་ལྟོས་ཏེ།ད་ལྟ་ང་ཚོ་བོད་ཀྱི་སྙན་ངག་གསར་བའི་གར་སྟེགས་སྟེང་ན་འབྱུང་མུས་སུ་ཡོད་པའི་སྙ ན་ངག་རྣམས་ཕན་ཚུན་བསྡུར་ནས་བལྟས་ན།བརྗོད་བྱའི་དོག་ཡངས་དང་།རྗོད་བྱེད་ཀྱི་གྲིམ་ལྷོད།སྒྱུ་རྩལ་དང་མཛེས་རྟོག་གི་རྣམ་པ་སོགས།དགུན་གྱི་གཙང་བོ་གྲང་ངར་གྱི་འཆིང་སྒྲོག་ལས་ཐར་བ་ནང་བཞིན།ལྷོད་ཡངས་དང་དབུགས་དབྱུང་གི་རྣམ་པ་ཞིག་གིས་ཁེངས་འདུག
  འབྲོང་ཕྲུག་གི་སྙན་ངག་ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ་ཞེས་པར་ཡང་གོང་སྨྲས་བཞིན།ལོ་རབས་བརྒྱད་ཅུ་བའི་སྙན་ངག་དང་བསྡུར་ན།བསམ་བློའི་དཀྱེལ་ཡངས་དང་།མཛེས་རྟོག་གི་རྣམ་པ།སྒྱུ་རྩལ་གྱི་མཚོན་ཐབས་སོགས།ཕྱོགས་གང་ཅིའི་ཐད་ནས་ཐོལ་བརྒལ་གྱི་ཆ་མང་དུ་བདོག་པར་བསམ།
འབྲོང་ཕྲུག་གི་སྙན་ངག་གང་ཡིན་རུང་།ལྷོད་ཤ་ཆགས་ཡོད་ཅིང་།རྩོམ་གཤིས་ནི་འཇམ་རྩུབ་གཉིས་ལས་འཇམ་པ་ཤས་ཆེ་བར་སྣང་།སྐབས་བབ་ཀྱི་འགྲེལ་བྱའི་སྙན་ངག་ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ་ཡང་འཇམ་པའམ་ཞི་བའི་སྒོ་ནས་འགོ་བརྩམས་ཡོད་དེ།ཚུལ་འཆོས་དང་གཡོ་ལྐོག་གི་གདོང་འབག་བྲལ་བའི་ ༼ཆུ་མིག་དེ།༽སྙན་ངག་པར་ཇི་འདྲའི་རྒྱང་ཐག་གིས་བཀྱེད་ཡོད་པའི་༼དཔྱིད་རླུང་འཇམ་པོའི་ཁྲོད་དུ།༽བརྩེ་བའི་ཕྱི་ཐག་ཅི་ཞིག་གིས་ལྷན་ཏུ་བསྡུས་འདྲའི་༼ཁྱོད་ཀྱི་སེམས་ནས་བདག་གི་སྙིང་ལ་འཁྱིལ་ན།༽ཞེས་སྙན་ངག་འདི་བཀླགས་པ་ཙམ་གྱིས་ཀློག་པ་པོའི་ཀུན་རྟོག་བརྩེ་བའི་བར་སྣང་ལ་འཕྲོ་རུ་འཇུག་སྲིད་ཅིང་།སྙན་ངག་པའི་སེམས་ཁོང་ན་རྨ་ཁ་ག་ཚོད་ཅིག་གིས་བརྩེ་དུང་གི་བཞུར་རྒྱུན་བསྣམས་ཡོད་པའི་བདེན་པའང་ཚོར་འོང་ངོ་།།
  མི་སེམས་ཀྱི་སྐོམ་གདུང་གཞིལ་བའི་༼ཆུ་མིག་དེ།༽ལྗན་ལྗིན་དང་ར་རི་ཡིས་མ་གོས་པར་༼དྭངས་གཙང་གིས།༽ཡང་ན།༼ཕྱི་གསལ་ནང་གསལ་གྱིས།༽དྲན་གདུང་ག་ཚོད་ཀྱི་རྔམ་ཁས་མནན་པའི་༼བདག་གི་སེམས་ལ་འཁྱིལ་བའི་གོ་རིམ་ནི།༽དྲན་སྨྲེང་དང་གསང་བའི་ཁྲོད་ནས་༼བུ་མོ་ཞིག་ནར་སོན་པའི་གོ་རིམ་ཡིན་ནམ།༽ཞེས་དཀའ་སྡུག་གི་རབ་ཁ་གང་མང་བརྒྱུད་པའི་བརྩེ་དུང་གི་མངར་ཁ་དེ།འདི་ལྟར་ཡིད་བརྙན་གྱིས་བཞེངས་བསྐྲུན་བྱས་ཡོད་པས།ང་ཚོ་ལ་ཕྱི་བལྟས་ནང་གསལ་ཞིང་ནང་བལྟས་ཕྱི་གསལ་བའི་བརྩེ་དུང་གི་ཕོ་བྲང་བརྗིད་པོ་ཞིག་བློས་བསླངས་བྱས་བྱུང་།
  བསླུ་བྲིད་དང་ལྐོག་ཤོམ་མེད་པའི་༼བརྩེ་དུངས་ལྟར།༽དྭངས་བསིལ་གྱི་༼ཆུ་མིག་ཅིག་འདི་ལྟར་བདག་གི་སྙིང་ལ་འཁྱིལ་རྗེས།༽གཤིས་ཀར་ལྷན་སྐྱེས་ཀྱི་ལྷོད་ཤ་ཆགས་པའི་༼བུ་མོ་ཁྱོད་ཀྱང་།༽ཟོལ་བཅོས་དང་རྫུན་འཆོས་སྤངས་པའི་༼ཕྱི་གསལ་ནང་གསལ་གྱི་ཆུ་མིག་ཅིག་སྟེ།༽བརྩེ་བའི་མངར་ཁ་ཅི་ཞིག་གིས་ཚེ་རབས་ཀུན་ཏུ་བཟི་ཞིང་འཁྱོར་བའི་༼བདག་གི་སྙིང་ལ་དར་ཅིག་འཁྱིལ་དགོས་པ་མིན་ནམ།༽ཞེས་མ་འོངས་པ་ནི་བརྩེ་དུང་བྲོ་བས་གཡོགས་པའི་ཉིན་མོ་ཞིག་ཡིན་པར་རྟོག་བཟོ་དང་ཡིད་ཆེས་ཀྱི་རྨུ་ཐག་འཐེན་པའོ།།
  ༼ཁ་སང་ནི་༽ཡོལ་བའི་རྒྱབ་རོལ་གྱི་རི་མོ་དང་།རི་ཁར་བབས་པའི་༼སྨུག་སྤྲིན་ཇི་བཞིན།རབ་རིབ་དང་།མག་མོག་གི་༽ངང་ནས་འདས་ཟིན་པས།༼སུས་ཀྱང་སུའི་ཁ་སང་གི་༽བརྩེ་དུང་དང་བརྩེ་དུང་གི་༼གཏམ་རྒྱུད་བཀླག་ཐབས་བྲལ་ཡང་།༽ཡུལ་ལྗོངས་ཤིག་གི་ནེམ་ཤ་ལྟར་ཡི་གར་འོང་བའི་༼སང་ཉིན་ནི་༽དོགས་སྣང་དང་རེ་ཆད་ཀྱིས་བསུ་མི་དགོས་པར།དེ་ནི་༼ཆུ་མིག་ཇི་བཞིན་ཕྱི་གསལ་ནང་གསལ་གྱི།༽བདེ་སྐྱིད་ཀྱི་༼དབྱངས་དང་།༽ཞིམ་མངར་གྱི་༼ཚིག་གིས་བཞེངས་པའི་༽འཚོ་བའི་༼གར་སྟེགས་ཤིག་སྟེ།༽ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་༼གར་སྟེགས་འདི་ནི།༽གཏམ་རྒྱུད་གང་མང་གི་ཉིན་སྲིབ་བཀླགས་ནས་ཡོང་བའི་༼འུ་གཉིས་ཀྱི་སང་ཉིན་འགོ་རྩོམ་ས་ཡིན་འོས་༽ཞེས་རྨི་ལམ་གྱི་ཀློང་ནས་འབྱུང་འགྱུར་ལ་རྟོག་བཏགས་ཀྱི་ཁང་བཟང་བརྩེགས་པའམ།ཡིད་ཆེས་ཀྱི་ཁྲོད་ནས་མ་འོངས་པ་སེམས་བྱུང་གིས་ཚོར་ཡིན་སྲིད།
དེ་ལྟར་སྙན་རྩོམ་འདིར་ཀློག་འགྲེལ་ཞིག་རྒྱག་ཁུལ་བྱས་ནས།ད་ནི་སྙན་རྩོམ་གྱི་སྤྱིའི་གནས་བབ་ལ་ཅུང་ཙམ་གཞིག་ཚེ།སྙན་རྩོམ་འདི་ནི་སྙན་ངག་པའི་འཚོ་བ་ལ་དབྱེར་མེད་དུ་འདྲེས་ཡོད་པར་འདོད་ཅིང་།འདི་ལས་སྙན་ངག་པའི་ངན་ངོན་གྱི་འཚོ་བའི་ཟུར་དང་ཟུར་རྣམ་པ་མ་ལུས་མཐོང་ཡུལ་དུ་མངོན་པར་འཆར་ཐུབ་པོ།།
སྙན་ངག་འདི་དང་སྙན་ངག་པའི་འཚོ་བ་གཉིས་ཆུ་དང་འོ་མ་དང་།བུམ་པ་དང་བུམ་པའི་ཁ་རྒྱན་ལྟར་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་གིས་ཀློག་པ་པོའི་ཀུན་རྟོག་གི་མཁའ་དབྱིངས་སུ་མུ་མཐའ་མེད་པར་སྦྲེལ་ཡོད་པར་སྣང་།
  ཆུ་མིག་ཅེས་པའི་ཐ་སྙད་མང་དུ་བཀོལ་ཡོད་ཀྱང་།ཁུར་དུ་མ་སོང་རྒྱན་དུ་སོང་ཞེས་པ་ནང་བཞིན།བསྐྱར་ཟློས་ཀྱི་ལྡབ་སྐྱོན་དུ་མི་འགྲོ་མ་ཟད།སྙན་རྩོམ་འདིའི་སྲོག་སྙིང་གལ་ཆེན་དུ་གྱུར་འདུག
  མདོར་དྲིལ་ན།སྙན་རྩོམ་འདིའི་བརྗོད་བྱའི་གཟུང་བྱ་གཙོ་བོ།བརྩེ་དུང་གི་རེག་བྱ་དང་འདྲེས་པའི་སྙན་ངག་པའི་འཚོ་བ་ཡིན་ལ།འཚོ་བ་དེ་ལས་སྨྲིག་སྒྱུའི་གྲོང་ཚོ་ཞིག་འཛིན་རེག་གི་སྤྱོད་ཡུལ་འགྱུར་ཐུབ་པའི་ཡིད་ཆེས་བརྗོད་ཡོད་པར་འདོད་དོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ཆ་མེད་ཀྱི་མི་ལ་ཆ་ཡོད་ཀྱི་གཏམ་བཤད་པ༽དང་དེའི་ཕྲན་དཔྱད།

2011-12-05 བདའ་ཚང་སྙེམས་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།