དཔྱིད་དཔལ་གྱི་རྫོགས་ལྡན།

                       --དགེ་རྒན་དཔལ་མོའི་ལྷུག་རྩོམ་དེབ་༼དཔྱིད་ཀྱི་དཔལ་མོ༽་ལས་འཕྲོས་བའི་གཏམ།

   དཔལ་མོ་ལགས་ཀྱི་དེབ་༼དཔྱིད་ཀྱི་དཔལ་མོ༽་བཀླགས་ནས་གཟའ་འཁོར་འགའ་འདས་པའི་རིང་ལ། སྐབས་དང་སྐབས་སུ་ཡང་བསྐྱར་རྩོམ་ཡིག་རེ་འགར་འོར་ལྟ་རེ་བྱས་པ་ཡིན། དཔྱིད་ཀྱི་དཔལ་མོ་ནི་ལོ་འདི་གར་ཁོ་བོའི་བཀླགས་པའི་བོད་ཀྱི་ལྷུག་རྩོམ་དག་ལས་ཡག་ཤོས་དང་། སྐྱེས་མའི་རྩོམ་ཡིག་གི་ཁྲོད་ནས་ཁྱད་དུ་འཕགས་པའི་བརྩམས་ཆོས་ཤིག་རེད་འདོད་ཡོད།
  སྤྱིར་ན་ལོ་འདི་གར་བོད་ཀྱི་རྩོམ་རིག་གི་ཁྲོད་དུ་ལྷུག་རྩོམ་གྱི་གོ་ས་དང་རིན་ཐང་གཞི་ནས་ཉམས་དམས་སུ་འགྱུར་བཞིན་ཡོད་པ་ནི་ང་ཚོས་མིག་མཐོང་ལག་ཟིན་གྱི་སྣང་ཚུལ་ཞིག་རེད། དེ་ལའང་རྒྱུ་མཚན་འདི་དག་ཡོད་འདོད་དེ། གཅིག་ནས་ལྷུག་རྩོམ་ནི་སྙན་ངག་དང་བསྡུར་ན་བྲི་དཀའ་བར་སྣང་དེ། ཡིག་འབྲིའི་ཐད་ནས་ཡིག་གྲངས་སྙན་ངག་ལས་མང་དགོས་པ། (ངེས་གཏན་ཡང་མིན)བརྗོད་སྙིང་འབུར་དུ་ཐོན་དགོས་མ་ཟད་བརྩེ་དུང་གིས་ཕྱུག་པ་ཞིག་ཡིན་དགོས་ཙ་ན། ན་གཞོན་རྩོམ་འབྲི་བ་དག་ནི་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་བསྒྱུར་ནས། ཡིག་གྲངས་ཀྱིས་དབེན་པ་དང་། རང་སྣང་གང་ཤར་དུ་ཡི་གེ་བྱ་སྐྱག་གཏོང་གཏོང་བྱེད་པར་གོམས་པས། ལྷུག་རྩོམ་མི་འབྲི་བ་དང་སྙན་ངག་གི་ཁ་གྲངས་འབེལ་བའི་རྒྱུ་མཚན་ཞིག་ཡིན་པར་འདོད། གཉིས་སུ་ལྷུག་རྩོམ་དང་བརྩམས་སྒྲུང་གི་རིགས་སུ་བོད་རང་ཉིད་ཀྱི་བརྡ་སྐད་ཕུན་སུམ་ཚོགས་པ་དང་། བརྡ་སྤྲོད་ཀྱི་གོ་བརྡ་ཁ་གསལ་དོན་གསལ་དུ་ཡོང་དགོས་པས། བོད་ཀྱི་ན་གཞོན་རྩོམ་དགའ་བ་དག་ནི་གཅིག་ནས་བོད་རང་གི་བརྡ་སྐད་ཀྱི་དབུལ་བོ་དབུལ་རྐྱང་ཡིན་པ་དང་། གཉིས་སུ་བོད་རང་གི་བརྡ་སྤྲོད་སྟངས་ཁ་ཤོ་སྣབས་ལུགས་སུ་གྱུར་ཡོད་པས། ལྷུག་རྩོམ་དང་བརྩམས་སྒྲུང་སོགས་བྲི་བའི་ལས་ལ་གཞོལ་རྒྱུ་ནི་ཤིན་ཏུ་ལས་ཀྱང་དཀའ་ཁག་ཆེན་པོར་འཕྲད་ཀྱིན་ཡོད་པ་མ་ཡིན་ནམ། ཉེ་བའི་ལོ་ཁ་ཤས་ནས་བོད་ཀྱི་སྤྱི་ཚོགས་ནི་ཡི་གེ་ཤེས་བ་ཙམ་གྱིས་སྙན་ངག་པར་གྱུར་བཞིན་པའི་དངོས་ཚུལ་འདི་ནི་ཅུང་དགོད་སྤྲོ་བའམ་ངུ་རྐྱེན་པའི་དོན་དག་ཅིག་ཡིན་པར་འདོད། སྙན་ངག་ནི་མི་སུས་ཀྱང་བཏང་ཆོག་པའི་སྐྱག་པ་ལྟར་དུ་གང་སར་ལངས་སྐྱག་བྱེད་པ་ནི་ང་ཅག་གིས་སྙན་ངག་མ་ཤེས་པའི་མཚང་དང་སྒྱུ་རྩལ་ལས་རིགས་ལ་མཐོང་ཆུང་བྱས་པས་རྟགས་སུ་འཁེལ་མོད། གནས་སྐབས་སུ་གླེང་བར་མི་སྤྲོ། ཡིན་ནའང་། ལྷུག་རྩོམ་གྱི་བསྟན་པ་བོད་ཀྱི་རྩོམ་སྟེགས་ལས་རང་བཞིན་གྱིས་གྱེས་བཞིན་ཡོད་པ་ནི་ལྷུག་རྩོམ་རང་ངོས་ཀྱི་གོང་ཐང་གིས་དམན་སར་ལྟུང་བ་མ་ཡིན་པར། བོད་ཀྱི་རྩོམ་པ་པོ་དག་གིས་ལྟོང་ཆ་ཆེན་པོ་ཞིག་རེད་འདོད་ཀྱིན་གདའ།
  ལྷུག་རྩོམ་གྱི་སྐྱེད་ཚལ་སྐྱ་ཆད་སྔོ་སྡུག་གིས་མནར་བའི་སྐབས་དེ་ཤེད་ཅིག་ཏུ་དཔལ་མོའི་དེབ་དཔྱིད་ཀྱི་དཔལ་མོ་འཁྲུངས་བ་ནི་དོན་གྱིས་བོད་རང་གི་ལྷུག་རྩོམ་གྱི་ཡངས་བའི་ས་ཁྱོན་ལ་མཛེས་སྡུག་གི་སྔོ་རྒྱག་སྟངས་ཤིག་དང་ཀུན་ལས་མཚུངས་བར་འདོད། དཔྱིད་ཀྱི་དཔལ་མོ་ནི་བོད་ཀྱི་ལྷུག་རྩོམ་གྱི་དུས་ཚིགས་རེས་སུ་ཆད་པའི་དབྱེ་མཚམས་ཀྱི་བརྒལ་རྟགས་ཤིག་ཡིན་པ་ཀུན་ལས་ཚོར་གྱིན་འདུག
  ཁ་བ་སྙིང་ལྕགས་ལགས་ཀྱི་༼འབུ་མེ་ལྕེབས ༽དང་དཔལ་མོ་ལགས་ཀྱི་༼དཔྱིད་ཀྱི་དཔལ་མོ༽གཉིས་ནི་བོད་ཀྱི་རྩོམ་རིག་གི་ཡངས་བའི་ས་ཁྱོན་དུ་འཁྲུངས་བའི་དཔྱིད་དཔལ་གྱི་མེ་ཏོག་གཉིས་རེད་དེ། སྔ་མའི་མི་དང་རང་བྱུང་གི་བར་གྱི་སྙོམས་སྒྲིག་དང་མི་དང་སྲོག་ཆགས་ཀྱི་སྟབས་ཀ་སྒྱུ་རྩལ་མཚོན་ཐབས་ཀྱི་ལམ་ནས་རྣམ་པ་གསར་བ་ཅན་དུ་དྲངས་བའི་མོད་ལ། ལྷུག་རྩོམ་གྱི་ཚད་མཐོ་བའི་སྒྱུ་རྩལ་གྱི་མཐོང་ལམ་ཡངས་པོའི་སྨུག་སྤྲིན་གྱི་རྒྱུ་བ་ཚོར་ཐུབ། ཕྱི་མའི་མི་དང་རང་བྱུང་གི་འགལ་འདུའི་ངོ་བོ་དབྱེར་མེད་ཀྱི་ཀུན་རྟོག་གི་འཆར་སྒོ་ཡངས་མོ་ཞིག་དང་། མི་དང་བརྩེ་དུང་གི་དགའ་ལ་སྐྱོ་བའི་ན་ཟུག་དང་། མི་དང་མིའི་བར་གྱི་སྣང་ལ་མ་སྣང་བའི་གོད་ཆག་དང་བར་ཆད་ཀྱི་སེམས་ཁམས་ཀྱི་འགལ་འདུ་ཕུན་སུམ་ཚོགས་པ་གཟུགས་ཅན་དུ་བྱས་ནས། སྣང་རྟོག་གི་ཁམས་ཡོངས་པོར་ས་གཞིའི་མཛེས་སྡུག་ལས་ལྷག་པའི་མི་དང་བརྩེ་དུང་གི་དབྱེ་བ་མེད་པའི་ངོ་བོ་དང་རྟེན་འབྲེལ་གྱི་འབྱུང་བ་གསལ་ཁ་ཅན་དུ་བཏང་ཡོད་དེ། དེ་ནི་མི་རང་རྒྱུད་ཀྱི་ཉམ་མྱོང་དང་འཚོ་བའི་བརྒྱུད་རིམ་གྱི་ཁ་གསལ་གཏིང་གསལ་ཅན་དུ་བཏང་ནས་བརྩེ་བ་དང་། ཁེར་རྐྱང་། དགའ་སྐྱོ། སེམས་ཁོང་དུ་ཆུད་པ་གང་རུང་གི་ཟུར་ངོས་ཅན་དུ་བཏང་ནས་མིའི་སེམས་ཁམས་ནི་ཆིག་རྐྱང་བ་དང་མིའི་གདམས་ཀ་ནི་རང་བཞིན་དུ་མ་ངེས་པའི་ཆོས་ཉིད་དེ་གསལ་སྒྲིབ་བྱས་ཏེ། མིའི་རྣམ་པ་སྣ་ཚོགས་པའི་ཡིད་ཁམས་ཀྱི་འཇིག་རྟེན་ཆེན་པོ་རུ་དགའ་བ་དང་། སྐྱོ་བ། ན་བ་དང་ཚ་བ། སྐྱེ་རྒ་ན་འཆི་ཡི་རྟེན་འབྲེལ་གྱི་འབྱུང་བ་དེ་འཚོལ་གྱིན་གདའ། སྐབས་རེར། ངས་དཔལ་མོ་ལགས་ཀྱི་རྩོམ་ཡིག་རེ་འགའ་བཀླགས་པའི་མོད་ལ་སྐད་ཆ་ཞིག་ཝ་ལེར་སེམས་སུ་འཁོར་ཡོང་ནི་"སྙན་ངག་པ་ནམ་ཡང་ཁེར་རྐྱང་ཡིན་"ཞེས་པ་དེ་རེད། སྐད་ཆ་འདི་ནི་སྙན་ངག་འབྲི་བ་བོ་སུའང་བཤད་ལ་དགའ་བའི་སྐད་ཆ་འབེལ་མོ་ཞིག་རེད་དེ། ན་གཞོན་རྩོམ་དགའ་བ་དག་གིས་རང་ཉིད་ཁེར་རྐྱང་ཡིན་ལོ་སྐད་ཀྱིས་ཆང་དང་ཐ་མག་ལ་སྤྱོད་དེ། རྣམ་པ་རིང་ལུགས་ཀྱི་སྟག་ལྤགས་དང་གཟིག་ལྤགས་ཀྱིས་རང་གི་རང་བཞིན་གྱི་ཆ་དེ་ལ་སྦྱར་བའི་བརྒྱན་གྱིན་འདུག་མོད། ཡིན་ནའང་། སྙན་ངག་གིས་ཁེར་རྐྱང་དུ་བཏང་བས་ན་ཟུག་དང་གདུང་བ་ནི་ཆང་འཐུང་བ་ཙམ་དང་སྐད་ཆའི་རྣམ་པ་ཙམ་ལས་གཞི་ནས་འགོངས་ཡོད་འདོད་དེ། དོན་གྱི་ཁེར་རྐྱང་གི་སེམས་ཁམས་ཀྱིས་མཐའ་འཁོར་གྱི་འཇིག་རྟེན་འབག་རྫོབ་དང་དྲི་མ་ཅན་དུ་སྣང་བའི་མི་ཞིག་ཡིན་ཚེ། དེའི་སེམས་ཁམས་ལས་ང་ཚོས་དུས་རབས་ལས་འགོངས་བའི་རང་བྱུང་མའི་མཛེས་སྡུག་ཅིག་མཐོང་ཐུབ་མོད། ཁེར་རྐྱང་ཡིན་ལོ་སྐད་ཀྱིས་རྩོམ་དགའ་བ་དག་གི་བརྩམས་ཆོས་ལྗན་ལྗིན་ལས་ང་ཚོས་མཛེས་སྡུག་གི་གོང་ཐང་ཞིག་མི་མཐོང་བ་ལའང་རྒྱུ་མཚན་འདི་རིགས་ཡོད་འདོད་དེ། གཅིག་ནས་མི་དེ་རིགས་ནི་རྣམ་པ་ཙམ་གྱི་ངང་ཚུལ་ལས་ཚུལ་འཆོས་ཀྱི་ཨུ་ཁུང་གཏོད་ཀྱིན་ཡོད་པ་ལས་ཁེར་རྐྱང་གི་ན་ཟུག་དང་ཡང་ན་ཁེར་རྐྱང་གི་མཛེས་སྡུག་གང་ཡང་ཚོར་གྱིན་མེད་པས་རེད་འདོད། གཉིས་ནས། ཁེར་རྐྱང་གི་སེམས་ཁམས་དེ་ཡི་གེ་ཡི་ལྗོངས་སུ་མངོན་མ་ཐུབ་པའམ་མངོན་ཐབས་ཀྱི་ལག་རྩལ་མ་ཡོད་པས་རེད་འདོད། དེ་ཡང་ཅི་ཁག་དེ་བོད་ཀྱི་ན་གཞོན་རྩོམ་འབྲི་བ་དག་ནི་གྲགས་སྐམ་ཁོ་ན་ཙམ་གྱི་འུར་ལ་འདྲོགས་པ་ལས། ལྷག་བསམ་རྣམ་དག་གིས་རྩོམ་འབྲིའི་ལས་སུ་ཞུགས་པ་ནི་ཉིན་མོའི་སྐར་མ་ཙམ་དུ་སྣང་བས། མིང་སྐད་ཁོ་ན་ཙམ་གྱི་འུར་འདྲོགས་ལ་དགའ་བས་ཉི་མ་གཏོང་ཐབས་ཀྱི་ལངས་གཟུགས་ཤིག་འཛིན་གྱིན་པ་མ་ཡིན་ནམ། མདོར་ན་སྔ་ཕྱི་གང་ཡིན་ཡང་སྙན་ངག་པ་ཞིག་གི་ཆ་རྐྱེན་གང་ཡང་མི་གདའ་བས་ཁོ་ཚོ་མི་རིང་བར་སྐར་མདའ་བཞིན་ཡལ་སྲིད།
  ན་གཞོན་དག་སྙན་ངག་བྲི་བར་དེ་འདྲ་དགའ་བ་གྲགས་སྐམ་ལ་དགའ་བའི་སྣང་ཚུལ་ཞིག་ཀྱང་རེད་འདོད་ཡོང་། ཅི་ཡིན་ཞེ་ན། ལོ་འདི་གར་བོད་ཀྱི་སློབ་ཆེན་ཁག་ལས་བརྩམས་སྒྲུང་དང་ལྷུག་རྩོམ་གཉིས་གྲངས་སྤུས་གཉིས་ཐད་ནས་འཁོས་ཞན་འཁོན་ཆུང་དུ་གྱུར་བཞིན་ཡོད་པ་དང་། འབོལ་རྩོམ་ཀྱང་གྲངས་ཀྱི་ཐད་ནས་བྱ་སྤུ་བཞིན་གང་སར་སྤུར་མོད། དོན་གྱི་ཟུར་ཁ་དང་ལངས་ཕྱོགས་ཅན་གྱི་འབོལ་རྩོམ་ནི་དམུས་ལོང་གིས་རྡོ་བརྐོས་པ་བཞིན་ལག་ཏུ་རེག་ངེས་པ་ཞིག་མཐོང་མ་བྱུང་། ཞོགས་ལྗང་སོགས་ལ་འདིའི་ཐད་ནས་ང་ཅག་གིས་ད་དུང་སློབ་སྦྱོང་ཆེན་པོ་བྱེད་དགོས་པར་འདོད། ལྷག་དོན་འབོལ་རྩོམ་གྱི་ཁ་གྲངས་ནི་དགོན་སྡེའི་ཁྲོད་དུ་དར་ཁྱབ་ཆེ་མོད། ཟུར་ཁ་ཅན་དང་ནང་དོན་ཅན་མང་པོ་མཐོང་རེག་ཏུ་གྱུར་མ་སོང་། དེ་ནི་ང་རང་གི་མཐོང་རྒྱ་ལ་འབྲེལ་བ་ཏན་ཏན་ཡོད་སྲིད་མོད། མི་གཞན་གྱི་མིག་ལམ་ནའང་དེ་ལྟར་ཨེ་ཡིན་འདོད།
  སྔ་མ་གཉིས་གྲངས་སྤུས་གང་ཐད་ནས་ཇེ་ཉུང་ཇེ་འཁུམ་དུ་འགྱུར་བཞིན་པའི་རྒྱུ་མཚན་གོང་ནས་ཞུས་ཟིན་ཏེ་སྙན་ངག་ལྗན་ལྗིད་རེ་བྲིས་ཏེ་སྣང་བ་མཐོ་མཐོ་བྱེད་པ་ལས་ཉིན་ཐོ་ཙམ་ལའང་རྨོངས་བའི་ཡི་གེ་བས་ནི་བརྩམས་སྒྲུང་དང་ལྷུག་རྩོམ་ཞིག་གང་ནས་ཕྲིས་སྲིད་དེ། དཔེ་མི་སྲིད་དོ། ཕྱི་མ་འབོལ་རྩོམ་ཕྲིས་མི་སྲིད་པར་ཁག་མེད་དེ། འབོལ་རྩོམ་ལའང་བོད་རང་གི་སྐད་ཆ་ལ་བྱང་བ་དང་མིང་བརྡ་ཕུན་སུམ་ཚོགས་པའི་རྒྱུ་ཚོགས་ཀྱི་སྒོ་ནས་གོ་བརྡ་འཕྲོད་དགོས་པ་ཞིག་ཡིན་པར་ངེས། བོད་སྐད་ལ་བྱང་བ་མེད་པའི་མི་རྣམས་ཀྱི་འབོལ་རྩོམ་ནི་ཀློག་ཚེ་གོ་བ་ལོན་མི་ཐུབ་པ་དང་། གང་ཞིག་ཅི་ལྟར་དུ་བཤད་ཀྱིན་པའི་གཏིང་ཡང་ལོན་མི་ཐུབ་པས། ཐོས་བསམ་གང་ཡང་མེད་པའི་མི་དག་གིས་འབོལ་རྩོམ་བྲི་མི་རིགས་ཤིང་། བསམ་བློའི་གཏེར་ཁ་མེད་པའི་མི་དག་གིས་ཀྱང་མི་ཕྲིས། གཞུང་དང་དབུས་ལ་མགོ་འཁོར་བའི་མི་དག་གིས་ཀྱང་བྲི་མི་རིགས། འབོལ་རྩོམ་གྱིས་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་དག་ཐེར་འདོན་བྱེད་ཀྱིན་ཡོད་ཙ་ན། འབོལ་རྩོམ་འབྲི་བ་བོ་ནི་དུས་དང་དུས་མིན་གང་རུང་དུ་ཉེན་ཁ་དང་མི་ཁ་བཤད་ཡམས་ཀྱི་རྫུབ་འཐུག་པོར་གཅུད་ནས་ཡོད་པས། འབོལ་རྩོམ་གྱིས་མཐོ་དམའ་གང་རུང་ལ་ཕོག་ཐུགས་དང་བརྡར་བཤིག་གཏོང་བ་ནི་གཞན་ལས་ལྷག་པས། འབོལ་རྩོམ་འབྲི་བའི་ཡི་གེ་བ་ནི་ཉེན་ཁའི་གནས་ཀྱི་ཨག་སྐད་ཅིག་མ་ཡིན་གྲང་། དེ་བས་དངོས་ཡོད་ཀྱི་གནོན་ཤུགས་དང་ཉེན་ཁ་ལ་སྐྲག་སྐྲག་འདར་འདར་ལ་ཡོད་པའི་མི་ཞིག་གིས་དུས་རྟག་ཏུ་ཟུར་ཁ་ཅན་གྱི་འབོལ་རྩོམ་ཞིག་ཕྲིས་མི་སྲིད། དེ་ནི་མོ་གཤམ་གྱི་བུ་ཇི་བཞིན་ནོ། འབོལ་རྩོམ་ལས་བསམ་བློའི་ལངས་ཕྱོགས་དང་སྤྱི་ཚོགས་དགག་གཞག་གཙོ་ཆེར་ཐེར་འདོན་བྱེད་དགོས་ཤིང་། འབོལ་རྩོམ་གྱི་འབབ་མ་འཆུག་པའི་ལས་དང་ལམ་ཡང་དེ་རེད་འདོད།
  དེ་བཞིན་དུ། ལྷུག་རྩོམ་གྱིས་ལྟོས་བཅས་སུ་མི་རང་ཉིད་ཀྱི་བརྩེ་དུང་གཙོ་ཆེར་བཏོན་ནས། མིའི་དྭངས་གཙང་རང་བྱུང་ཁམས་ཆེན་པོར་ངོ་བོ་དབྱེར་མེད་དུ་སྦྱོར་རྒྱུ་དེ་ལྷུག་རྩོམ་གྱི་ཚད་མཐོའི་མཐོང་ལམ་ཞིག་རེད་འདོད། དེ་བས་དཔལ་མོ་ལགས་ཀྱི་ལྷུག་རྩོམ་རེ་འགའ་ལས་འདི་ལྟ་བུའི་ཚད་མཐོའི་མཐོང་ལམ་གྱི་གཞི་དང་འབྲེལ་བ་ཞིག་མཐོང་ཡོང་བས་མོད་དུ། མོ་ནི་ངེས་པ་དོན་གྱི་ཁེར་རྐྱང་གི་ལོ་ཟླར་སྦྲུམ་པའི་ཡིད་འོང་གི་ཁྱེའུ་ཞིག་ཡིན་པར་རྟོགས་ཐུབ། མི་དང་བརྩེ་དུང་གིས་ཁེར་རྐྱང་དུ་བཏང་བའི་མི་སེམས་ཀྱི་ཀློང་ཡངས་དེ་ལས་ང་ཚོས་མི་དང་མིའི་བར་གྱི་འགལ་འདུ་དང་མི་དང་བརྩེ་དུང་གི་བར་གྱི་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་མཐོང་ཐུབ། མི་ནི་བརྩེ་དུང་གིས་གསོན་ཞིང་སླར་ཡང་བརྩེ་དུང་དང་ལྡན་པའི་ངང་ནས་འཆི་སྲིད་པའི་སྲོག་ཆགས་ཤིག་ཡིན་པས། བརྩེ་དུང་གིས་ང་ཚོ་ཁེར་རྐྱང་དུ་གཏོང་སྲིད་དེ། དེ་ནི་མི་དང་མིའི་བར་གྱི་བརྩེ་དུང་དང་མི་དང་རང་བྱུང་ཁམས་ཆེན་མོའི་བར་གྱི་བརྩེ་དུང་གང་རུང་ཡིན་སྲིད། ཁེར་རྐྱང་གི་ལུས་སེམས་ཉོབ་ཅིང་རང་ཉིད་ཀྱི་འཚོ་བ་རོལ་སྟངས་སུ་གྱུར་ཞིང་ཁེར་རྐྱང་དང་སྡུག་ཡུས། མྱ་ངན་དང་སུན་སྣང་གིས་རང་ཉིད་ཀྱི་འཚོ་བའི་ཁ་དོག་བསྒྱུར་བཞིན་པའི་གཟུགས་རུང་གི་སྣང་བརྙན་མང་པོ་གཟུགས་འཛིན་གྱི་མཐོང་རོལ་ཏུ་རྒྱུ་ཐུབ་པའི་སྒྱུ་རྩལ་གྱི་ཐབས་ཤེས་དེས་དཔལ་མོ་ལགས་ཀྱི་མི་སེམས་ཀྱི་མཛེས་སྡུག་གིས་ང་རང་འཐོམ་སྦྲིད་གཏང་འགྲོ་བས། དཔལ་མོ་ལགས་རང་བྱུང་མའི་ཁམས་སུ་ལོག་པའི་མཛེས་སྡུག་གི་ལྗོངས་དེ་དང་། སེམས་ཁམས་ཀྱི་རྙོག་ལ་འཛིང་བའི་ཡིད་འོང་གི་སྣང་བརྙན་དེ་དག་གིས་མང་པོ་ཞིག་གི་ལྷུག་རྩོམ་ཕྲོས་བཞིན་མེད་པའི་རྒྱུ་མཚན་རྙེད་ཡོང་།
རྒྱུ་མཚན་དེ་རིགས་ཤིག་གིས་ད་ལྟའི་བོད་ཀྱི་ན་གཞོན་ཡི་གེ་བ་དག་གི་མིག་མདུན་ལས་ལྷུག་རྩོམ་གྱི་སྲོག་རྩ་ཇེ་གཉོམ་ནས་ཇེ་ཞན་དུ་གྱུར་སོང་བ་ཡིན་སྲིད།
                                       2015 1 28ཉིན་ཚ་ཆེན་སོ་མང་ཆུ་བོའི་སྟོད་རྒྱུད་དུ་བྲིས་པ་དགེའོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱིད་དཔལ་གྱི་རྫོགས་ལྡན།

2015-06-18 གཡུ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།