སྙན་ངག་པའི་ནང་སེམས་ལ་ཉུལ་བ།

             ཁྱོད་རང་སོང་རྗེས།

                                   གཤིན་པོ།

ཁྱོད་ཉིད་ཐག་རིང་དུ་སོང་ནས་ཟླ་བ་འགའ་འགོར་རྗེས
བདག་གི་མལ་ཁྲི་ཤེལ་དམ་ཞིག་ཏུ་གྱུར

དཔྱིད་ཀ་ལྟ་བུའི་ཁྱོད་རང
མེ་ལོང་གི་མདུན་དུ་ལེ་ལོའི་ཚུལ་གྱིས་མངོན་ཡོང་ན
ང་ལ་ཆར་ཆུ་སྐོམ་པའི་གདུང་བ་བྱུང

ས་རུབ་ཁར
ཕྱེ་ལེབ་ཀྱིས་བདག་གི་མལ་ཁྲི་སྒུལ
དྲན་པ་ཁོ་ན་བསྐྱར་དུ་མི་སོས་པའི་ལོ་མ་རྙིང་བ་ཞིག

                                     ཕྲན་དཔྱད་པ། དུར་སྲི། 

  སྙན་ངག་ཡག་པོ་ཞིག་ལ་ཕྲན་དཔྱད་འབྲི་བ་ནི་ཡིད་ནས་བཟོད་ཐབས་མེད་པའི་ནག་ཉེས་ཤིག་རེད། རྒྱུ་མཚན་སྙན་ངག་དེའི་བསྟན་བྱ་ཙམ་བསྔོགས་ཐུབ་པའི་དབང་དུ་བཏང་ཡང་། རྩོམ་པ་པོའི་སེམས་ཀྱི་གདུང་བ་དང་ཡིད་ཀྱི་སུན་སྣང་། ལུས་ཀྱི་འཇིགས་སྐྲག སྡུག་ཡུས། མདོར་ན་རྩོམ་པོ་པོའི་རྣམ་ཤེས་ཀྱི་གཏིང་ལ་འཐིམས་པའི་སྐབས་དེའི་ཚོར་བ་ནི་སུས་ཀྱང་སྨྲ་ཐབས་བྲལ་བ་ཞིག་རེད་ལ། རྒྱུ་མཚན་དེའི་དབང་གིས་སྙན་ངག་བསྒྱུར་བ་དང་ཕྲན་དཔྱད་འབྲི་བ་གང་ཡིན་ཡང་། སྙན་ངག་རང་སྟེང་ནས་བཤད་ན་སྙན་ངག་དེར་དམའ་ཕབ་པའམ་སྙན་ངག་དེར་བཙན་གཡེམ་བྱས་པ་རེད་འདོད། ཡིན་ན་ཡང་། སྙན་ངག་ཀློག་པར་སྤྲོ་ཡང་སྙན་ངག་གི་ཀློང་ཡངས་པོར་འཇུག་པའི་ཤེས་རབ་དང་བྲལ་བའི་ཀློག་པ་པོ་ཐོ་རེ་བ་ཞིག་ལ་མཚོན་ན། ཕྲན་དཔྱད་རེ་དང་དཔྱད་བརྗོད་རེས་ཀྱང་སྙན་ངག་གི་སྒྱུ་རྩལ་གྱི་ཀློང་དུ་འཇུག་ཐུབ་པ་རེའང་ཡོད་སྲིད་པས། འདི་ནས་སྙན་ངག་འདི་ཅུང་ཙམ་དགྲོལ་བར་བྱ། སྙན་ངག་ནི་རོལ་དབྱངས་ཡག་པོ་ཞིག་རེད་ལ། རོལ་དབྱངས་དེའི་ཁུད་དུ་སྤྲོ་སྐྱིད་དང་སྡུག་ཡུས། སུན་སྣང་དང་འཇིགས་སྐྲག་སོགས་ཅི་ཞིག་ཡོད་མེད་བསྔོག་རྒྱུ་ནི། སྙན་ངག་དེའི་སྒྱུ་རྩལ་གྱི་ཀློང་ཡངས་པོར་འཇུག་པའི་ཐོག་མའི་རྟེན་འབྲེལ་རེད། སྙན་ངག་འདི་ཡང་དེ་ལས་མ་འདས་ཏེ་སྙན་ངག་གི་འགོ་བརྩམས་པ་ནས་/ཁྱོད་རང་ཐག་རིང་ལ་སོང་ནས་ཟླ་བ་འགའ་འགོར་རྗེས/ཞེས་འཇིག་རྟེན་སྟེང་གི་སྐྱོ་གདུང་ཐམས་ཅད་ཀྱི་ཚབ་མཚོན་དུ་གྱུར་བའི་གྱེས་གདུང་གི་ངོ་བོ་ཞིག་ཕྱིར་མངོན་ཡོང་བ་དེས། རྩོམ་པ་པོ་ན་ཟུག་དང་ཁེར་རྐྱང་སུན་སྣང་གི་ངང་ན་གནས་ཡོད་པ་ཤེས་ཐུབ་ལ། སྙན་ངག་འདིའི་དབུ་བརྩམས་པ་ནས་རྩོམ་པ་པོས་མིག་ཆུ་འཐོར་བཞིན་བྲིས་པ་ལོས་ཡིན་སྙམ་པའི་སྙན་ངག་འདིའི་ཁམས་ཡངས་པོར། སྐྱོ་གདུང་དང་སུན་སྣང་གི་སྐྱུར་དྲི་ཞིག་འཐུལ་འདུག དེ་ནས་རིམ་བཞིན་སྙན་ངག་པ་སྐྱོ་གདུང་གི་གཏིང་ཟབ་སར་ཕྱིན་ཏེ / བདག་གི་མལ་ཁྲི་ཤེལ་དམ་ཞིག་ཏུ་གྱུར/ཞེས་རྩོམ་པ་པོས་རང་ཉིད་ཀྱི་འཚོ་བ་དེ། ཤེལ་དམ་གྱི་མལ་ཁྲི་ལྟར་རབ་ཏུ་འཁྱགས་པའི་སྣང་བརྙན་བསྐྲུན་ཏེ། སྙན་ངག་འདིའི་ཁམས་ཡངས་པོར་སྤྲིན་ནག་འཁྲིགས་སུ་བཅུག་ཡོད། སྤྱིར་བཏང་ང་ཚོའི་རྒྱུན་ལྡན་གྱི་འཚོ་བར་གཞིགས་ན་མལ་ན་ཡོད་དུས་ནི་ལུས་སེམས་གཉིས་ངལ་གསོས་ཏེ་བདེ་སྐྱིད་ཀྱི་ངང་ན་ཡོད་པ་ཞིག་ཡིན་ན་འགྲིག་ལ། མལ་ས་དྲོན་པོ་སྐྱིད་པོ་ཞིག་ཡིན་མོད། རྩོམ་པ་པོའི་མལ་ཁྲི་འཁྱགས་པར་གྱུར་བ་ནི། རང་སེམས་འཁྱགས་པར་གྱུར་བས་རེད་ལ། རྩོམ་པ་པོའི་ནང་སེམས་འཁྱགས་པར་གྱུར་བ་དེས། རྩོམ་པ་པོའི་འཚོ་བ་དང་འཇིག་རྟེན་ཡོད་ཚད་འཁྱགས་པ་རྡོ་ལྟར་གྱུར་ཡོད་པའང་ཤེས་ཐུབ། དེ་བས་སྣང་བརྙན་འདིས་སྙན་ངག་འདིའི་གདུང་བ་མཚོན་པར་བླ་ལྷག་གིས་ཤུགས་བརྒྱབ་ཡོད་པ་རེད། དེ་ནས་མར་བཀླགས་ན། /དཔྱིད་ཀ་ལྟ་བུའི་ཁྱོད་རང/མེ་ལོང་གི་མདུན་དུ་ལེ་ལོའི་ཚུལ་གྱིས་མངོན་ཡོང་ན/ང་ལ་ཆར་ཆུ་སྐོམ་པའི་གདུང་བ་བྱུང/ཞེས་འདིས་རྩོམ་པ་པོ་ཡི་གེས་མཚོན་ཐབས་བྲལ་ཞིང་ངག་གིས་བརྗོད་ཐབས་བྲལ་བའི་སྐྱོ་གདུང་དང་ཁེར་རྐྱང་། སུན་སྣང་ངང་ན་གནས་ཡོད་ནའང་།ཁོ་མོའམ་ཁོང་དང་བྲལ་སོང་བའི་མི་གང་དེ་ལེ་ལོའི་ཉམས་ཀྱིས་རང་སེམས་དུ་འཆར་ཙམ་བྱས་ནའང་སྤྲོ་བ་འཕེལ་བའམ་རེ་བ་ཡོད་པ་ལྟ་བུའི་ཉམས་སྣང་ཤར་གྱི་ཡོད་དེ། ཁོ་རང་རབ་ཏུ་སྐྱོ་བའམ་ཡང་ན་སྐོམ་པས་གདུང་བ་བཞིན་ཁོ་མོ་རབ་ཏུ་དྲན་པར་གྱུར་བ་ཡིན། སྣང་བརྙན་དེ་དག་གིས་རྩོམ་པ་པོ་ཁོང་། ཁོ་མོ་ལ་བརྩེ་གདུང་རབ་ཏུ་ཟབ་པ་དང་། ཁོ་མོ་ཁོང་དང་མཉམ་དུ་མེད་ཀྱང་ཉིན་རྒྱུན་དྲན་འཛིན་དུ་རྒྱུ་ལ། རྨི་ལམ་དུ་འཕྲད་པར་འགྱུར་གྱི་ཡོད་པ་ཤེས་ལ། སྐད་ཅིག་མའི་ཐུགས་འཕྲད་དེ་དག་གིས་ཀྱང་རྩོམ་པ་པོ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བས་སྦྲིད་འགྲོ་བ་ཤེས་ཡོང་། དེ་ལས་ཀྱང་སྙན་ངག་འདིའི་མཇུག་གི་ཚན་པ་འདི་གལ་ཆེ་བར་འདོད་དེ། བརྩམས་སྒྲུང་ཞིག་ཡིན་ན་ཚན་པ་འདི་ནི་གཏམ་རྒྱུད་ཀྱི་མཐོ་རླབས་དང་ཛ་དྲག་གི་ངང་ན་ཡོད་པར་འདོད་ལ་མཐོ་རླབས་དང་མཇུག་འབྲས་གཉིས་མཉམ་དུ་ཐོན་པ་ལྟ་བུའི་ཉམས་སྣང་ཡང་འདུག ཡིན་ཏེ་རྩོམ་པ་པོས་མཚན་མོའམ་མུན་རུབ་ལ་ཉེ་བའི་ས་སྲོད་ཅིག་ལ་སྙུག་ཁ་བསྒྱུར་བར་རིན་ཐང་ཆེ་སྟེ། སྔོན་གྱི་ཚན་པ་དག་ན་བྱུང་བའི་མལ་ཁྲི་སོགས་དང་ལྷུ་འགྲིག་པ་དང་། རྩོམ་པ་པོས་རང་གི་གདུང་བ་དང་སྐད་ཆས་བཤད་མ་ནུས་པའི་ཚོར་འདུ་ཡོད་ཚད་ས་སྲོད་ལ་འཕོས་པ། དེ་ནས་ཡང་བསྐྱར་རྩོམ་པ་པོས་ཤི་མ་གསོན་གྱིས/ དྲན་པ་ཁོ་ན་བསྐྱར་དུ་མི་སོས་པའི་ལོ་མ་རྙིང་བ་ཞིག/ ཅེས་སྙན་ངག་དེའི་མཇུག་བསྡུས་པ་རེད་ལ། རྩོམ་པ་པོས་སེམས་ལའང་མུན་ཡོངས་སུ་རུབ་སོང་བ་རེད། ཁོང་ཉིད་ཚོར་ཤེས་མེད་པའི་ལོ་མ་རྙིང་བ་ཞིག་དང་འདྲ་བར་དྲན་མེད་དུ་བརྒྱལ་སོང་བའང་རེད།དེ་བས་རྩོམ་པ་པོ་ཁོ་མོ་དང་འཕྲད་པའི་སྐད་ཅིག་གི་འཕྲོ་འདུ་དེ་ཡང་མེད་པར་འགྱུར་ལ། ཡང་ན་ཁོ་དང་གཏན་དུ་གྱེས་སོང་བ་རེད། ཡིན་ཙང་འདི་ནི་རྩོམ་པ་པོས་རང་སེམས་ལ་གུ་ཡངས་གཏོང་སྲོལ་ཞིག་ཀྱང་ཡིན་སྲིད་མོད། རྩོམ་པ་པོའི་ནང་སེམས་སུ་འཛུལ་ཏེ་སྙན་ངག་ཀློག་མཁན་ཞིག་ལ་མཚོན་ན། ད་ལྟ་ཡིད་རབ་ཏུ་བསྐྱོམས་ཡོད་པར་གདོན་མི་ཟ་ལ། ཁྲ་ཆུང་མིག་མཐར་མཆི་མ་འཁྲིགས་པའང་ཅི་ལ་མི་སྲིད། དེ་བས་ད་ལྟ་ཀློག་པ་པོའི་ནང་སེམས་ཀྱི་ཚོར་འདུ་དེ་ཡང་སྙན་ངག་ཞིག་ཏུ་འགྱུར་ཡོད་ངེས་རེད།
  ད་ནི་སྙན་ངག་འདི་བམ་ཀློག་ཙམ་བྱས་ཟིན་པའི་སྤྱི་བསྡོམས་ཀྱི་ཚུལ་དུ་སྙན་ངག་འདིའི་དགེ་སྐྱོན་གཉིས་ཀྱི་ཆ་ནས་ཅུང་ཙམ་མོལ་ཁུལ་བགྱིས་ན།
  གཅིག སྙན་ངག་འདི་ཚན་པ་གསུམ་གྱི་གྲུབ་པ་ཞིག་རེད་ལ། ཚིག་ཉུང་དོན་འདུས་ཀྱི་ཚན་པ་གསུམ་པོ་དབལ་ཁ་རྣོ་བའི་རལ་གྲི་ཞིག་རེ་རེ་འདྲ་བར། རེ་རེ་བཞིན་མི་སེམས་གཙེས་བར་བྱེད་ལ། ཚན་པ་དང་པོ་ནས་གཉིས་པ་སོགས་རིམ་བཞིན་རྣོ་དབལ་ཇེ་ཆེར་འགྱུར་ལ། གདུང་བ་དང་སྐྱོ་བའང་དེ་དང་དབྱངས་འགྲོས་མཉམ་པོར་མི་སེམས་ལ་སིམ་འགྲོ་བ་རེད། དེ་བས་དེ་ནི་སྙན་ངག་འདིའི་ལེགས་འགྲུབ་ཀྱི་ཆ་ཆེན་པོ་ཞིག་ཏུ་འདོད།
  གཉིས། དེ་བཞིན་དུ་སྙན་ངག་འདི་ནི་ཚིག་ཉུང་ལ་མཚོན་སྟོབས་ཆེ་བ་ཞིག་རེད་དེ། ཇི་སྐད་དུ༼ལོ་གསུམ་རིང་ལ་ཚིག་གཉིས་བྲིས།། དབྱངས་སུ་གྱེར་ཚེ་མཆི་མ་ཉུལ།།༽ཞེས་པ་ལྟར་སྙན་ངག་འབྲི་བ་ལ་ཚིག་ཉོག་མང་པོས་མི་ཕན།ང་ཚོ་སྲོལ་རྒྱུན་གྱི་མཁས་པ་དག་གིས་ཀྱང་“ཚིག་ཉུང་དོན་འདུས”ཞེས་གསུངས་བ་ཇི་བཞིན་དུ་དེ་ཡང་སྙན་ངག་འདིའི་ཁྱད་གཤིས་ཤིག་ཏུ་འདོད།
  གསུམ། མི་སེམས་དང་འཁོར་ཡུག་བསྟུན་པ་ཤིན་ཏུ་ལེགས་ཏེ། སྙན་ངག་འདི་སྐྱོ་གདུང་མཚོན་པའི་སྙན་ངག་ཅིག་ཡིན་པས་མཇུག་བསྡུ་ཁར་རྩོམ་པ་པོས་ས་སྲོད་ཀྱི་དུས་ཚོད་ཅིག་བདམས་པ་དེ་ལ་བལྟས་ན་རྩོམ་པ་པོའི་སྒྱུ་རྩལ་གྱི་མིག་རབ་ཏུ་ཡངས་བ་ཚོར་ཐུབ་སྟེ། དེས་སྙན་ངག་འདིའི་སྤྱི་བམ་གྱི་དྲན་གདུང་གི་མཁའ་དབུགས་ཇེ་སྟུག་ཏུ་བཏང་འདུག་ལ། མུན་རུབ་པ་དང་སྙན་ངག་གི་མཇུག་བསྡུས་པ་གཉིས་དུས་མཉམ་དུ་ཁེལ་བས། དེ་ཡང་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་ཞིག་ཏུ་འདོད་ལ་ཁམས་བཞེངས་བསྐྲུན་གྱི་ཐབས་རྩལ་ཡིད་དུ་འོང་བ་ཞིག་ཀྱང་རེད།
  བཞི། མ་འདང་སའི་ཕྱོགས་ནས་བཤད་ན་སྙན་ངག་འདི་ནི་གདུང་བ་མཚོན་པའི་སྙན་ངག་ཞིག་ཡིན་པས་མགོ་མཇུག་བར་གསུམ་དུ་སྐྱོ་བ་དང་གདུང་བའི་ངང་ན་གནས་དགོས་པ་རེད་མོད། སྙན་ངག་པས་རང་གི་བརྗེད་ཆུ་འཐུང་བ་བཞིན་དྲན་མེད་ཚོར་མེད་ངང་མཇུག་བསྡུས་པས། སྙན་ངག་འདི་སྐྱོ་གདུང་ངང་གཏན་སྡོད་བྱེད་མ་ཐུབ་པ་རེད། རྒྱུ་མཚན་ཁོ་རང་ཅི་ཡང་དྲན་རྒྱུ་མེད་པའི་ཚོར་མེད་ཀྱི་ལོ་མ་ཞིག་ཏུ་གྱུར་ཟིན་པས། ད་ལྟ་ཁོང་ལ་གོང་སྨྲས་ཀྱི་དྲན་གདུང་གི་ཚོར་བ་དག་ཟུར་ཙམ་ཡང་ཡོད་མི་སྲིད། དེ་ནི་སྙན་ངག་འདིའི་ཆེས་མ་འདང་སའི་ཆ་དེ་རེད་འདོད། གང་ལྟར་སྙན་ངག་འདི་ལ་བཀླགས་མཆན་ཙམ་བྲིས་ནས་འདིར་སླེབས་དུས་སེམས་ལ་རང་གིས་ནག་ཉེས་ཞིག་བཟོས་སོང་ཡོད་པ་དྲན་ལ། ནག་ཉེས་དེ་རང་དང་འདྲ་བའི་མི་མང་པོ་ཞིག་གིས་ཀྱང་བཟོ་བཞིན་ཡོད་པ་དྲན་ཡོང་།
                          ༢༠༡༥•༤•༡ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་ཁང་ནས་བྲིས།
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་ནང་སེམས་ལ་ཉུལ་བ།

2015-11-20 དུར་སྲི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།