དབྱིན་ཡིག་གི་བོད་ཀྱི་རྩོམ་རིག་དང་སྤེན་པ་ཚེ་དབང་ཡེ་ཤེས་ལགས་ཀྱི་སྒྲུང་རིང་སྐོར་རགས་ཙམ་གླེང་བ།

         ལོ་ཙཱ་བའི་གསལ་བཤད། ད་རེས། ཕྱི་ལོ་༢༠༢༠ལོའི་ཟླ་༡༠པར། སྤེན་པ་ཚེ་དབང་ཡེ་ཤེས་ལགས་ཀྱིས་བརྩམས་པའི《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》ཞེས་པའི་དབྱིན་ཡིག་གི་སྒྲུང་རིང་འཆི་མེད་ལགས་ཀྱིས་ཉི་ཡིག་ཏུ་བསྒྱུར་ཏེ། ཉི་ཧོང་གི་དཔེ་སྐྲུན་ཁང་ཞོ་ཞི་ཁང་ཁང་བྷོ་ནས་པར་སྐྲུན་བྱས་འདུག དེ་དང་སྐབས་བསྟུན་ནས་དེ་སྔོན་འཆི་མེད་ལགས་ཀྱིས་《གསེར་ཉ》ཞེས་པའི་ཉི་ཡིག་གི་དུས་དེབ་དང་དྲ་ཐོག་ཏུ་བཀོད་པའི་དེབ་དེ་དང་འབྲེལ་བའི་དཔྱད་བརྗོད་དེ་ཁོ་བོས་བོད་ཡིག་ཏུ་བསྒྱུར་ཏེ་ཀློག་མཁན་དག་ལ་ངོ་སྤྲད་པར་བྱའོ།།

བོད་ཀྱི་དེང་རབས་རྩོམ་རིག་ལས་སྒྲུང་རིང་།

  བོད་ཀྱི་རྩོམ་རིག་ལ་ཉིན་ལྟར་མཇལ་ནས་ཡོད་ནའང་གོ་སྐབས་རག་ཚེ་བོད་ཡིག་གི་སྒྲུང་རིང་དག་ཀློག་བསྡད་ཡོད། ང་རང་རྔམ་རྔམ་པོར་ཀློག་པར་འཇུག་པའི་སྒྲུང་རིང་གི་གཏམ་རྒྱུད་དུ་འཐིམ་པར་བྱ་རྒྱུར་དགའ་པོ་ཡོད་མོད། བོད་ཡིག་གི་སྒྲུང་རིང་ཀློག་པ་ནི་ཧ་ཅང་གི་ཚད་མཐོ་བོ་ཞིག་རེད་དེ།(ཉི་ཧོང་གི་ཀློག་པ་པོ་རྣམས་ལ་ཧ་ལམ་རྟོགས་དཀའ་བར་བསམ་མོད་ཀྱང་། བོད་ཡིག་གི་དེང་རབས་བརྩམས་སྒྲུང་དུ་ཚིག་མཛོད་ནས་རྙེད་པ་མེད་པའི་ཐ་སྙད་མང་པོ་འདུག་པས། སྐབས་རེར་ཡིད་ཐང་ཆད་པར་བྱེད།) མི་ཡིས་མཚམས་སྦྱོར་བྱུང་ན་མ་གཏོགས། ནང་དོན་མཚར་པོ་ཡོད་མེད་ཀྱང་མགོ་མ་འཚོས་པར་སྒྲུང་རིང་ལ་ལག་པ་བསྲིངས་པའི་འདོད་པ་ནི་སྐྱེས་ཀྱིན་མེད།

  དེ་འདྲའི་སྨྱུག་ཐོགས་པ་བདག་ལ་མཚོན་ན། ཧྥ་རན་སིའི་དེང་རབས་བོད་ཀྱི་རྩོམ་རིག་ཞིབ་འཇུག་པ་ཆོས་ཉིད་དབང་མོ་ལགས་(Françoise Robin)ཀྱིས་བོད་ཀྱི་སྒྲུང་རིང་ལ་རོབ་བལྟ་བྱ་པར་གདམས་ཤིང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདུ་བར་བསམ་བློ་གཞིགས་ཡོད་པའི་འགྲེལ་བརྗོད་ཀྱི་རྩོམ་ཡིག་དེ་(Tibetan Novels: Still a Novelty: A Brief Survey of Tibetan Novels Since 1985)ཕན་ཐོགས་ཆེན་པོ་བྱུང་། ཆོས་ཉིད་དབང་མོ་ལྟར་ན། བོད་ཡིག་གི་སྒྲུང་རིང་ནི་ཨེ་ཤ་ཡའི་ས་ཆ་གཞན་དག་དང་བསྡུར་ན་ཧ་ཅང་གི་ཉུང་ཉུང་ཡིན་པ་དང་། དེ་ནི་བོད་དུ་སྔ་དུས་ནས་ནང་ཆོས་གཞི་བའི་སྒྲུང་གཏམ་མང་པོ་དམངས་ཁྲོད་རིག་གནས་ཀྱི་གྲུ་ག་གང་སར་འཐིམས་ཡོད་པའི་རྐྱེན་དུ་དབྱེ་འདུག

  གང་ལྟར་བོད་ཀྱི་སྒྲུང་རིང་ནི་དེང་ཕྱིན་གོང་འཕེལ་དུ་འགྲོ་སྲིད་པའི་གཤིན་ས་ཞིག་ཡིན་ཚོད་འདུག་ལ། དེ་བས་འདིར་རང་ཉིད་ཀྱི་འདོད་བློ་ལྟར། ༢༠༡༠བའི་ལོ་རབས་ནས་བཀྲམས་པའི་སྒྲུང་རིང་སོགས་རྩོམ་རིག་ནས་ཞིབ་བཤེར་བྱས་པ་དང་། ཆོས་ཉིད་དབང་མོ་ལགས་ཀྱིས་བཏོན་མེད་པའི་ལྟ་བ་སྟེ། པར་སྐྲུན་དེབ་རིགས་དང་དེབ་དཔར་གྲངས་ཀའི་འགྱུར་ལྡོག རྩོམ་མཁན་གྱི་སྐྱེས་ཡུལ། ཕོ་མོའི་གྲངས་བསྡུར། པར་སྐྲུན་བྱ་ཡུལ་ས་ཁུལ་གྱི་ཆད་པར་སོགས་ཞིབ་བཤེར་བྱས་བ་ཡིན། ད་དུང་ཆོས་ཉིད་དབང་མོ་ལགས་ཀྱིས་ནི་བོད་ཡིག་གི་སྒྲུང་རིང་རྐྱང་བ་གཞི་བྱས་ཡོད་པ་དང་། ང་རང་རྒྱ་ཡིག་ཐོག་བརྩམས་འདུག་པའི་བོད་ཀྱི་བརྩམས་སྒྲུང་དག་དང་མཇལ་བས་སྤྲོ་སྣང་ཆེན་པོ་རྙེད། (སྨྱུག་ཐོགས་པས་༼སྒྲུང་རིང་དཔར་བསྐྲུན་གྱི་གནས་བབ་ནས་བོད་ཀྱི་རྩོམ་རིག་གི་ད་ལྟ་འགྲེལ་བ།༽ཞུ་པ་སྐབས་༦༤པའི་ཉི་ཧོང་བོད་རིག་པ་ཞིབ་འཇུག་ཚོགས་འདུ་རུ་ངག་ཐོག་ནས་སྤེལ་ཡོད།)

  བདག་གིས་ཤེས་པ་ལྟར་ན། འཇམ་དཔལ་རྒྱ་མཚོ་ལགས་ཀྱི《སྐལ་བཟང་མེ་ཏོག》ནི་དེང་རབས་རྩོམ་རིག་ཏུ་ངོས་འཛིན་བྱས་ཆོག་པའི་རྒྱ་ཡིག་གི་སྒྲུང་རིང་ཐོག་མ་དེ་རེད་འདུག དེ་ནས་ལོ་༥ཡི་རྗེས་སུ། གླང་མདུན་དཔལ་འབྱོར་ལགས་ཀྱིས་བརྩམས་པའི་བོད་ཡིག་གི་སྒྲུང་རིང་ཐོག་མ《གཙུག་གཡུ》པར་སྐྲུན་བྱས་པ་དང་། གཞོན་ནུའི་འཚར་ལོངས་ཀྱི་གཏམ་རྒྱུད་དུ་ལོ་རབས་༡༩༣༠པའི་ལྷ་སའི་ངོ་གདོང་བསྟན་པའི་བརྩམས་ཆོས་རེད་ལ། གོ་དཀའ་པའི་ཚིག་རྒྱན་གྱིས་མ་སྤྲས་བར་ཀློག་བདེ་ཞིང་། སྒྲུང་གི་ནང་དོན་མཚར་པོ་ཡོད་པ་དང་བཅས་སྐབས་དེའི་ལྷ་ས་རུ་དགའ་སྤྲོའི་ལྡིར་སྒྲ་སྒྲོག་ཏུ་བཅུག

  དེ་བས། དོན་གྲུབ་རྒྱལ་ལ་མདོ་སྨད་ཡུལ་གྱི་དེང་རབས་རྩོམ་རིག་དར་སྤེལ་གྱི་རིག་པའི་སེང་གེ་རུ་བརྗོད་པར་གྱུར་ན། ལྷ་ས་ནས་རིག་པའི་བ་དན་སྒྲེང་མཁན་དུ་དབུས་ཀྱི་སེང་གེ་རུ་འབོད་པར་གླང་མདུན་དཔལ་འབྱོར་ནི་མི་གླེང་ཐབས་མེད་ཀྱི་མི་སྣ་ཞིག་རེད་འདུག་མོད། སྐབས་ཐོག་བརྗོད་གཞི་ནས་འདལ་འགྲོ་བས་བསྐྱུར་འཇོག

དབྱིན་ཡིག་ཐོག་བརྩམས་པའི་བོད་ཀྱི་རྩོམ་རིག

  ཇི་ལྟར་བརྗོད་པ་ལྟར་ན། དེང་རབས་བོད་ཀྱི་རྩོམ་རིག་ལས་སྒྲུང་རིང་གི་ལོ་རྒྱུས་ནི་༡༩༨༠ལོའི་གོང་རོལ་དུ་ཟློག་མི་ཐུབ་པཪ་བསམས་ཏེ་བསྡད་པ་ཡིན་མོད། ཁུངས་མེད་བློས་འགེལ་ནི་ནམ་ཞིག་མགོ་མཇུག་སློག་པའི་དཔེ་ལྟར་རེད། ༢༠༡༨ལོའི་ཟླ་༥པཪ། ཨ་རི་ན་ཤཪ་གླིང་ལོ་རྒྱུས་ཉམས་ཞིབ་པའི་གྲས་སུ་པདྨ་ཚེ་བརྟན་ཀྱི་གློག་བརྙན་ལ་དོ་སྣང་གནང་མཁན་པ་ཝུ་སྲོའུ་ཅིན་ལགས་བདག་ལ་བཅར་ཞིང་། ཕན་ཚུན་སྐབས་ཐོག་གི་གནས་ཚུལ་བརྗེ་རེས་ཀྱི་གླེང་མོལ་བྱས་པ་དང་། ངས་བོད་ཀྱི་སྒྲུང་རིང་ཐད་ཞིབ་བཤེར་བྱེད་ཀྱིན་པ་གླེང་བ་ཡིན་ལ། ཝུ་ལགས་ཀྱིས་བདག་གི་གླེང་གཞིའི་ཐོག་སྤྲོ་བ་ཆེན་པོ་བཏོན་ཏེ་འདི་བཞིན་ལབ་བྱུང་། “དབྱིན་ཡིག་ཐོག་བྲིས་བ་དག་བོད་ཀྱི་རྩོམ་རིག་གི་གྲས་སུ་འཇུག་གི་མེད་དམ། འཇམ་དབྱངས་ནོར་བུ་རུ་འབོད་པའི་བོད་པ་རྩོམ་མཁན་གྱིས་སྒྲུང་རིང་མང་ཙམ་བྲིས་ཡོད་པ་རེད།”ཅེས། དེ་ག་རང་རེད། འཇམ་དབྱངས་ནོར་བུས་ནི་ཤེར་ལོག་ཧོམ་Sherlock Holmes གྱི་རྟོག་སྒྲུང་དུ་དཔེ་སྒྲུང་དེབ་ཕྲེང་གསུམ་ཡང་བརྩམས་ཡོད་ལ། དེའི་ནང་གི་དེབ་གཅིག་ཉི་ཡིག་ཏུའང་བསྒྱུར་འདུག བོད་པའི་དབྱིན་ཡིག་གསར་རྩོམ་གྱི་བྱ་གཞག་ཀྱང་གཞིགས་བྱ་རུ་མ་བཅུག་པ་མིན་མོད། སྐབས་ཐོག་གི་ཞིབ་བཤེར་གྱི་གྲས་སུ་འདུས་མེད་པ་ནི་བདེན་པ་རེད། དེ་བས། ཉིན་འདིའི་ཁ་བརྡ་དེ་རྐྱེན་གྱིས་ཏེ་བོད་ཀྱི་དབྱིན་ཡིག་གི་སྒྲུང་རིང་ཞིབ་བཤེར་བྱ་རྒྱུ་ཡང་བརྩམས་པ་ཡིན།

སྤེན་པ་ཚེ་དབང་ཡེ་ཤེས་དང་མཇལ་བ།

  དེ་སྔ་དབྱིན་ཡིག་གི་གསར་འགྱུར་དྲ་བ་ག་གེ་མོ་ཞིག་ནས་བོད་པ་རྩོམ་མཁན་གྱིས་བརྩམས་པའི་བརྩམས་སྒྲུང་ཞིག་མི་འགྱངས་བཪ་པཪ་སྐྲུན་ཡོད་ཚུལ་གྱི་རྩོམ་ཡིག་ཞིག་མཐོང་མྱོང་པ་དང་། ཕྱི་ནད་སྨན་པ་ཞིག་གིས་བྲིས་པའི་བརྩམས་སྒྲུང་ཞེས་བཀོད་འདུག་པ་དྲན། “བོད་པ། སྨན་པ། སྒྲུང་རིང་”གི་ཐ་སྙད་ནས་འབྲེལ་ཡོད་རྩོམ་ཡིག་བཙལ་བ་དང་། སྤེན་པ་ཚེ་དབང་ཡེ་ཤེས་སུ་འབོད་པའི་སྨན་པ་དང་རྩོམ་མཁན་གྱིས་བརྩམས་པའི《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》 ཞེས་པའི་སྒྲུང་རིང་པར་སྐྲུན་དང་འབྲེལ་བའི་རྩོམ་ཡིག་ཅིག་ལམ་སང་རྙེད་བྱུང་། རིག་འཛིན་མཚངས་དབྱངས་རྒྱ་མཚོའི་“བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང་། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབ་ཡོང་”གི་དབྱངས་སུ་སྦྱར་འདུག་པའི་དེབ་མིང་དེ་ནི་སྙན་འཇེབས་ཀྱི་མཛེས་སྡུག་དང་མཉམ་པོར་སྐྱོ་སྣང་ཞིག་བཞིན་གྱིས་མཐོང་ཡོང་བ་ཞིག་ཡིན་འདུག གང་ལྟར་ཀློག་དགོས་པར་བསམ་སྟེ་དྲ་ཐོག་ནས་མངག་ཉོ་བྱས་པ་ཡིན་ལ། བརྡ་ཁྱབ་ཀྱི་རྩོམ་ཡིག་དེ་མུ་མཐུད་ཀློག་པ་དང་མི་སེམས་འགུགས་པའི་སྐད་ཆ་ཚིག་གཅིག་དང་འཕྲད་བྱུང་། རྩོམ་པ་པོ་ནི་“བོད་པའི་ཐོག་མ་”ཞེས་བའི་མཚན་སྙན་མང་དུ་འཛིན་པའི་མི་སྣ་ཞིག་ཡིན་པ་དང་། དེའི་ནང་གི་གཅིག་དེ་སྒྲུང་རིང་ཐོག་མར་བྲིས་པའི་མཚན་སྙན་རེད་འདུག ཁོང་གི་ཐོག་མའི་སྒྲུང་རིང་ནི《དབུས་ལམ་གྱི་སྒྲོལ་མ་རྣམ་པ》ཞུ་བ་ཡིན་པ་དང་། ༡༩༦༦ལོར་ལོན་ཊོན་ནས་པར་སྐྲུན་བྱས་འདུག

  དེ་ནི་བོད་དུ་ད་དུང་རྒྱ་ཡིག་དང་བོད་ཡིག་གི་སྒྲུང་རིང་མ་བྱུང་གོང་གི་ཡར་སྔོན་གྱི་ལོ་རབས་སུ་ཡིན་པས་མ་ཚད། བོད་དང་ས་ཐག་རྒྱང་བའི་མི་ཡུལ་ནས་བཏོན་འདུག་པའི་མངོན་སུམ་ལ་ཧ་ལས་པ་ཡིན། དེ་བས་ཅིའི་ཕྱིར་འདི་འདྲ་བྱ་ཐུབ་པ་བྱུང་བ་དང་། མ་གཞི་ཁོང་ཉིད་ག་འདྲ་ཞིག་ཡིན་མིན་ཐད་སེམས་པ་མི་འཁོར་ཀ་མེད་དུ་གྱུར།

སྤེན་པ་ཚེ་དབང་ཡེ་ཤེས་ཀྱི་སྐོར།

  འདིར་ཚེ་དབང་ལགས་ཀྱི་མི་ཚེ་ཕྱེད་ཀ་འདུ་བའི་ལྷུག་རྩོམ་ཕྱོགས་བསྒྲིགས《ཆུང་དུས་བོད་ནང་གི་ལོ་ཟླ》དང་། 《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང་》གི་དེབ་ཀྱི་སྔོན་འགྲོ་རུ་བཅུག་ཡོད་པའི་ཞེའི་ལེ་•བྷོ་ཨིལ་(Shelly Bhoil)ལགས་ཀྱི་འགྲེལ་བརྗོད་གཞི་རུ་བཟུང་ནས་མདུད་པ་དག་དགྲོལ་བར་བྱ།

  སྤེན་པ་ཚེ་དབང་ཡེ་ཤེས་ནི་༡༩༣༢ལོར་རྒྱལ་རྩེ་རུ་འཁྲུངས་པ་དང་། ཁོང་གི་སྤོ་བོ་ནི་མདོ་སྨད་སྨར་ཁམས་ཀྱི་མི་ཡིན་ལ། རྟ་དྲེལ་གྱི་ཁལ་པ་ཁྲིད་ནས་རྒྱ་གར་ལ་འགྲོ་འོང་བྱེད་པའི་ཚོང་བ་ཞིག་ཡིན་སྐད། ཁོང་གིས་ཁོའི་བུ་སྟེ་ཚེ་དབང་གི་ཨ་ཕ་སྤེན་པ་ཚེ་རིང་ཁྲིད་དེ་ཚོང་དུ་འགྲོ་བ་དང་། ཁོ་ཕ་བུ་གཉིས་ཀ་རྡོ་རྗེ་གླིང་ནས་འཚོ་བའི་ཉམས་མྱོང་བརྒྱུད་ཚེ་དབང་གི་ཨ་ཕ་སྤེན་པ་ཚེ་རིང་དབྱིན་སྐད་ལ་བྱང་པར་གྱུར་བ་དང་། སྐབས་དེར་རྒྱལ་རྩེ་རུ་དབྱིན་ཇིའི་ཚོང་དོན་སྐུ་ཚབ་བཙུགས་ཡོད་པའི་ལས་ཁུངས་སུ་ལས་བྱེད་དུ་གླས་པ་རེད་འདུག

  ཚེ་དབང་རྒྱལ་རྩེ་ནས་འཁྲུངས་ཡོད་པ་ནི་ཁོང་གི་ཨ་ཕས་སྐབས་དེར་དེ་གར་བྱ་བ་བྱེད་ཀྱིན་པས་རེད་ལ། དེ་རྗེས་འབྲུག་དང་རྒྱལ་མཚམས་སུ་ས་ཐག་ཉེ་བའི་གྲོ་མོ་ལའང་ཚོང་དོན་སྐུ་ཚབ་བཙུགས་པ་དང་། པཱ་ལགས་ཀྱི་ལས་ཀ་ཡང་དེ་གར་སྤོ་དགོས་བྱུང་བས་ནང་མི་དག་གྲོ་མོ་རུ་གནས་སྤར་འདུག་པར། རྩི་ཤིང་ལྗང་ལོ་སྟུག་ཞིང་གནམ་གཤིས་དྲོད་གྲང་འཇམ་པའི་གྲོ་མོ་ནས་ན་ཆུང་གི་ལོ་ཟླ་བསྐྱལ་འདུག གནས་འདི་ནས་གཏམ་ལ་མཁས་པའི་རྨོ་རྨོ་དང་མཉམ་པོར་འཚོ་བ་རོལ་ཡོད་པ་དང་། རྫོགས་རྒྱུ་མེད་པའི་བོད་ཀྱི་སྒྲུང་གཏམ་ལ་གསན་པའི་ཉམས་མྱོང་དག་གིས་ཕྱིས་ཀྱི་ཁོང་གི་གསར་རྩོམ་གྱི་ལས་ཀར་བག་ཆགས་འགངས་ཆེན་བཞག་འདུག ཡང་དེའི་རྗེས་སུའང་ཨ་ཕའི་ལས་ཀ་དང་བསྟུན་ནས་ནང་མི་ཚང་མ་ལྷ་སར་སྤར་པ་དང་། ཚེ་དབང་དགུང་ལོ་༩པར་ལྷ་ས་ནས་འཚར་ལོངས་བྱུང་ཡོད།

  བྱ་དངོས་དང་འཛམ་གླིང་གི་གནས་ཚུལ་རྣམས་སྐབས་ཐོག་སྐབས་ཐོག་ཏུ་འགྱུར་གྱིན་པ་གོ་ཚོར་བྱུང་བའི་ཚེ་དབང་གི་ཨ་ཕས་རང་གི་བུ་ལ་དབྱིན་ཡིག་སློབ་གསོ་ཐོབ་དགོས་པར་དགོངས་པ་དང་། ༡༩༤༡ལོར་རྡོ་རྗེ་གླིང་གི་ཉེ་འཁོར་གྱི་ཁར་ཤང་Kurseong ན་ཡོད་པའི་ཝེཀ་ཊོ་རི་ཡ་བུ་ཚའི་སློབ་གྲྭར་Victoria Boys' School བཅུག སློབ་གྲོགས་ཚང་མ་དབྱིན་ཇི་བ་ཡིན་པས་དབྱིན་ཡིག་ཐོག་དཀའ་ལས་ཁག་ཙམ་བྱུང་འདུག་ནའང་ཁོང་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཀྱིས་དེ་རིགས་བརྒལ་ཐུབ་ཡོད། དེ་བས། ༡༩༤༩ལོ་སྟེ་ཁོང་ལོ་༡༧ལ་སོན་པ་དང་གསོ་རིག་སྦྱོང་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས་ཤིང་། ཕུགས་བསམ་གྱི་ཆེད་དུ་ཕ་ཡུལ་དང་གྱེས་ནས་ལོན་ཊོན་གཙུག་ལག་སློབ་ཆེན་དུ་ཁེར་རྐྱང་ངང་ཕྱི་འགྲིམས་སློབ་སྦྱོང་དུ་ཆས།

  པཱ་ལགས་ཀྱིས་མཚམས་རེར་བསྐུར་ཡོང་བའི་འཕྲིན་ཡིག་ནས་དུས་འགྱུར་གྱི་འོག་གི་བོད་ལ་འགྱུར་ལྡོག་འབྱུང་གིན་པ་རྟོགས་པ་དང་ལྷན། ལོན་ཊོན་གྱི་བོད་ཀྱི་ཐད་ལ་རྟོག་བཟོའི་བསམ་པ་རྐྱང་རྐྱང་བཟུང་འདུག་པའི་མི་ཚོར་གདོང་གཏུག་དགོས་པའི་ཉིན་མོ་དག་ལ་ཞེན་པ་ལོག་ཅིང་། རྨི་ལམ་དང་འཁྲུལ་སྣང་དུ་བཞེངས་བ་མ་ཡིན་པར། ཇི་མ་ཇི་བཞིན་གྱི་བོད་ལ་རྒྱུས་ལོན་བྱ་ཐུབ་པ་བྱུང་ན་ཅི་མ་རུང་པར་སེམས་ཤིང་། ཁོང་གི་སེམས་འདུན་དག་ཕྱིས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས《ཆུང་དུས་བོད་ནང་གི་ལོ་ཟླ》ཞེས་བར་འབྲས་བུ་སྨིན་པའི་རྒྱུ་རུ་བཏབས་ཡོད།

  ཚེ་དབང་ལགས་༡༩༥༥ལོར་གཙུག་ལག་སློབ་ཆེན་མཐར་ཕྱིན་ཡོད་པ་རེད་མོད་ཀྱང་། ལོ་སྔོན་མར་རྒྱལ་རྩེ་རུ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་ཆུ་ལོག་ཆེན་པོ་འཁྱིལ་བས་ཕ་མ་གཉིས་རྐྱེན་ལམ་དུ་ཁུར་སོང་བ་དང་། སྐབས་དེ་དུས་ཕྱིར་ཕ་ཡུལ་དུ་ལོག་སའི་གནས་མེད་པར་གྱུར་ཡོད་པ་རེད། དཀྱོག་མཚམས་དེ་འདྲའི་སྒང་ན་ཡོད་དུས། དེ་རྗེས་འབྲུག་རྒྱལ་ཁབ་ཀྱི་སྲིད་སྐྱོང་དུ་ཆགས་པའི་འཇིགས་མེད་རྡོ་རྗེ་ལགས་ཀྱི་རེ་ཞུ་ལྟར་འབྲུག་ཏུ་ཕེབས་པ་དང་། ནུབ་ལུགས་གསོ་རིག་གི་སྨན་ཁང་ཐོག་མ་བཙུགས་ཏེ་རང་ཉིད་ཀྱིས་སྨན་པའི་ཕྱག་ལས་གཉེར་ཡོད། ༡༩༥༩ལོར་ཁོང་གི་འབྲུག་པ་བ་ཆུང་མ་ཚེ་རིང་བཟང་མོ་དང་མཉམ་པོར་རྡོ་རྗེ་གླིང་དུ་གནས་སྤོས་བ་དང་ས་གནས་ཀྱི་སྨན་ཁང་ཞིག་ནས་ཕྱག་ལས་གནང་འདུག

  ཡང་དེ་རྗེས་བསྐྱར་དུ་གསོ་རིག་ཞིབ་འཇུག་གི་ཆེད་ལོན་ཊོན་དུ་ཆས་ཡོད་པ་དང་། སྐབས་དེར་ལྗགས་རྩོམ་གནང་ཞིང་༡༩༦༦ལོར་པར་སྐྲུན་བྱུང་བ་ནི་རང་རྣམ་གྱི་གྲུབ་ཆ་འདུ་བའི་སྒྲུང་རིང《དབུས་ལམ་གྱི་སྒྲོལ་མ་རྣམ་པ》ཞུ་བ་དེ་རེད། དུས་རབས་༢༠པའི་དུས་མགོར་དབྱིན་ཇི་བ་ཡཱང་ཧ་སེ་བན་Sir Francis Edward Younghusband ཡི་རྟོགས་ཞིབ་འགྲུལ་བཞུད་པའི་སྒོ་མོ་རུ་ཆགས་པའི་གྲོ་མོ་དང་དབྱིན་ཇིའི་ཚོང་དོན་ལས་ཁུངས་ཀྱི་ལྷ་སའི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱ་གར་གྱི་རྡོ་རྗེ་གླིང་སོགས་རྒྱབ་ལྗོངས་སུ་ཁྱིམ་ཚང་ཅིག་གི་ཆོད་སེམས་དྲག་པོའི་བགྲང་བྱ་བཅུའི་ལོ་ཟླ་བྲིས་པའི་བརྩམས་སྒྲུང་རེད་ལ། མི་སྣ་གཙོ་བོ་ཁོང་ན་གཞོན་ནས་དར་མ་རུ་འཚར་ལོང་གི་ལམ་ཁ་དག་གསོན་ཉམས་དོད་པོར་བྲིས་ཡོད་པའི་ཆ་ནས་བལྟས་ཚེ་ལང་ཚོའི་བརྩམས་སྒྲུང་དུའང་ངོས་འཛིན་བྱས་ཆོག་སྟེ། བརྩམས་སྒྲུང་འདི་བཀླགས་མྱོང་བའི་དབྱིན་ཇི་བ་དང་། དབྱིན་ཡིག་ཁྱབ་ཁོངས་ཀྱི་ཀློག་པ་པོ་ཚོའི་སེམས་སུ་ཚོར་བ་ག་འདྲ་ཞིག་གཉེར་ཡོད་པར་བསམ་བཞིན་ལྷག་པ་ཡིན།

  ༡༩༦༧ལོར་དབྱིན་ཡུལ་ནས་ཕྱིར་སླེབས་པ་དང་། རྡོ་རྗེ་གླིང་དང་ཐིམ་ཕུ་ནས་ལོ་མང་པོར་སྨན་པའི་ཕྱག་ལས་གནང་ཞིང་། ༢༠༠༧ལོར་རྨི་ལམ་དང་སྨོན་ལམ་ཁྲོད་ཀྱི་བོད་དུ་འཚམས་གཟིགས་སུ་ཕེབས་ཐུབ་ཡོད། ༡༩༤༩ལོའི་གྱེས་བ་ནས་ཐོག་དང་པོར་ཕྱིར་ཕ་ཡུལ་དུ་ལོག་པ་རེད་འདུག་ལ། རང་ཡུལ་གྱི་འགྱུར་ལྡོག་ཐད་ཟླ་བ་མང་པོར་དྲན་པའི་བསམ་གཞིགས་སུ་ལུས་པ་ཡིན་སྐད། དེ་རྗེས《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》འབྲི་འགོ་བརྩམས་ཤིང་། བོད་མདོ་སྨད་ཁམས་ཉག་རོང་དུ་ཐོག་མར་འབྱོར་བའི་གཞོན་སྐྱེས་ཨ་རི་བ་ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱི་ཁྱིམ་ཚང་ཅིག་གི་གཏམ་རྒྱུད་གཙོ་བྱས་ཏེ། ཕྱོགས་བཞི་རི་བོས་བསྐོར་པའི་ས་ཆར་ལྷིང་འཇགས་ཀྱི་ལོ་ཟླས་འཚོ་བའི་ཡུལ་མི་དག་ཕ་ཡུལ་ནས་བསྐྲད་པ་དང་། བྱ་དངོས་ཐམས་ཅད་འཐོར་ཤིག་ཏུ་འགྲོ་བའི་སྐྱོ་གར་གྱི་གཏམ་རྒྱུད་དང་རྙོག་འཛིང་དྲག་པོར་འདྲེས་པར་བཅུག་པའི་དཔའ་བོའི་རྟོགས་བརྗོད་ཀྱི་ལོ་རྒྱུས་བརྩམས་སྒྲུང་ཞིག་ལྗགས་རྩོམ་གནང་བ་རེད། ཚེ་སྨད་དུ་ཚེ་དབང་ལགས་ལ་མཆིན་པའི་སྐྲན་ནད་བྱུང་བ་རེད་མོད་ཀྱང་། ན་ཟུག་གི་སྡུག་བསྔལ་བསྲན་ཏེ་རྩོམ་འབྲི་མུ་མཐུད་ཀྱིས་མཇུག་བསྡུས་པ་དང་། ༢༠༡༡ལོར་སྐུ་ཚེའི་འཕེན་པ་རྫོགས། ཚེ་དབང་ལགས་ཀྱི་རེ་འདུན་གྱི《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》གི་པར་སྐྲུན་དེ་ཁོང་འདས་པ་ནས་མི་ལོ་༦ཕྱིན་པའི་༢༠༡༧ལོར། ཁྱིམ་མི་གཉེན་ཉེ་དག་གིས་མངོན་གྱུར་བྱུང་དུ་བཅུག་པའོ།།

རིག་གནས་སྣ་གཉིས་ཀྱི་བར་ནས།

  བོད་པའི་ངོ་བོ་དང་རྒྱབ་ལྗོངས་ཁུར་ཏེ་དབྱིན་ཇིའི་སློབ་རྭའི་རིག་གནས་ནས་ན་གཞོན་གྱི་ལང་ཚོ་བསྐྱལ་ཞིང་། ཕྱིས་ཀྱི་མི་ཚེ་ཡང་རིག་གནས་སྣ་གཉིས་ཀྱི་བར་ནས་ལོ་ཟླ་རིང་པོར་འཐབ་རྩོད་རྒྱུན་འཁྱོངས་བྱས་པ་དང་། ནང་ཆོས་དང་ཡེ་ཤུའི་ཆོས་ལུགས་ཐད་ལའང་མནོ་བསམ་ཡངས་པོ་བཏང་ཡོད་པས། བསམ་གཞིགས་ཀྱི་ཞབས་རྗེས་དག་《དབུས་ལམ་གྱི་སྒྲོལ་མ་རྣམ་པ》དང་《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》ནས་ཀྱང་མཐོང་ཡོང་གི་འདུག ད་དུང་དེ་བས་ཀྱང་། རིག་གནས་སྣ་གཉིས་བར་འགྲོ་འོང་བྱེད་པའི་རྩོམ་མཁན་ཞིག་ཡིན་པའི་ཆ་ནས་རིག་གནས་འབྲེལ་མཐུད་ཀྱི་ཟམ་པར་ཆགས་འདུག་པའི་ཚིག་བརྗོད་མང་དུ་སྤྱད་ཡོད་དེ། དབྱིན་ཡིག་ཁྱབ་ཁོངས་ཀྱི་ཀློག་མཁན་ཚོའི་སེམས་པར་གཞིགས་ཏེ་ལ་ཏིང་ཡི་གེ་ལུང་དྲངས་ནས་ཡེ་ཤུ་དང་ནང་ཆོས་གཤིབ་བསྡུར་བྱེད་པ། དབྱིན་ཇི་དང་ཧྥ་རན་སིའི་གནའ་རྩོམ་མམ་ལེགས་རྩོམ་སོགས་ལུང་འདྲེན་བྱས་ནས་རིག་གནས་ཕན་ཚུན་གྱི་རྒྱུས་ལོན་དུ་རམ་འདེགས་ཞིབ་ཆ་ལྡན་པར་འབྲི་བའི་ཁྱད་ཆོས་མང་ལ། ཡང་དེ་ལས་ལྡོག་ཏེ། རང་སའི་རྩོམ་རིག་དང་ཁ་སྐད་ཀྱི་བོད་སྐད་གང་འཚམ་ཞིག་ཇི་བཞིན་ངང་དབྱིན་རྩོམ་ནང་བཀོལ་ཡོད་པས་བོད་པའི་བྲོ་བ་ཡོངས་སུ་ཁྱབ་པར་བྱས་འདུག འདི་བཞིན་དུ་ཧེ་བག་རྣམས་དོ་སྙོམས་པོར་བྱ་ཐུབ་པའི་ཁྱད་མཚར་གྱི་ཚོར་བ་དེ་ཅི་ལྟར་གསོས་པ་ཡིན་ནམ་བསམ་ཞིང་། རྒྱ་གར་ཁར་ཤང་གི་སློབ་གྲྭར་འགྲིམ་པའི་ན་ཆུང་དུས་ཀྱི་ཉམས་མྱོང་དག་དང་འབྲེལ་བ་ཤིན་དུ་ཟབ་པར་སྣང་བ་ཡང་། སློབ་གྲྭ་ནས་ཡོ་རོབ་པའི་ལེགས་རྩོམ་དག་ཀློག་པར་དགའ་པ་དང་། ཚན་རིག་དང་མཐུན་པའི་ཤེས་བྱ་སྦྱོང་གིན་པའི་ན་ཆུང་གི་ཚེ་དབང་རེད་ལ། སློབ་གྲྭའི་གུང་གསེང་རིང་པོའི་དུས་ཚིགས་སུ་སླེབ་ཚེ་ནམ་ཡང་གྲོ་མོ་རུ་བཞུགས་པའི་ནང་ཆོས་ལ་དད་པ་ཟབ་པའི་རྨོ་རྨོའི་གམ་དུ་ལོག་པ་དང་། རྨོ་རྨོའི་གཏམ་དང་སློབ་གྲྭ་ནས་སྦྱངས་པའི་ཤེས་བྱ་གཉིས་བསྡུར་བ་བྱས་ཏེ་རྩོད་གླེང་ཤིན་དུ་དྲག་པོ་བྱེད་པར་སྐད་ལ། བློ་སེམས་བྲག་བཞིན་བརྟན་པའི་རྨོ་རྨོའི་བོད་པའི་སྲོལ་རྒྱུན་གྱི་ལྟ་བར་ནི་ཤེས་བྱ་ཆ་ལེ་ཆོ་ལེ་ཞིག་གིས་འགྲན་ཡ་ཁྱོན་ནས་བྱུང་མི་འདུག་པར། རྨོ་རྨོའི་གམ་ནས་མི་ཚེའི་སྦྱོང་བ་ཤིན་དུ་མང་པོ་ཐོབ་ཡོད་པ་ཕྱིར་དྲན་བྱས་འདུག

སྤེན་པ་ཚེ་དབང་ཡེ་ཤེས་ཀྱི་བརྩམས་ཆོས་ཀྱི་རིན་ཐང་།

  《བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང》ཞེས་པ་ནི་སྐྱི་གཡའ་བའི་གཏམ་རྒྱུད་རྒྱས་པར་འགྲོ་བ་དང་སྐབས་སྐབས་ནས་སློང་བའི་ཀུ་རེའི་རྩེ་མཚར་དག་གིས་ཀློག་མཁན་ཚོར་སྤྲོ་བ་རྫོགས་མེད་སྦྱིན་པའི་བརྩམས་ཆོས་ཤིག་རེད། ཚེ་དབང་གི་འདི་ལྟ་བུའི་རྩོམ་རིག་གི་ཁྱད་རྩལ་ནི་ཁོང་གི་རྨོ་རྨོ་ནང་བཞིན་གཏམ་ལ་དགའ་ཞིང་བརྗོད་མཁས་པོ་ཡོད་པ་དང་། ཁང་ཤར་གྱི་དུས་ནས་བཟུང་། དབྱིན་ཡིག་བརྒྱུད་དེ་ཡོ་རོབ་སོགས་ཀྱི་རྩོམ་རིག་འདྲ་མིན་ལ་སྤྲོ་བ་བསྐྱེད་པའི་ཉམས་མྱོང་དག་ལ་བརྩོན་འགྲུས་ཀྱི་ཆུ་གཏོར་པར་མཛེས་སྡུག་གི་མེ་ཏོག་བཞད་པ་ཇི་བཞིན་རེད། ད་དུང་རྩོམ་མཁན་རང་ཉིད་དེ་གའི་ས་ཐོག་ལ་ངེས་སུ་ཞབས་བཅག་གནང་མེད་ནའང་། ཉག་རོང་ནས་བྱུང་བའི་འདས་པའི་གཏམ་རྒྱུད་དག་མིག་ལམ་དུ་གསལ་ལྷང་ངེར་གསོན་ཉམས་དོད་པོར་བྲིས་ཐུབ་ཡོད་པ་ནི། རྩོམ་མཁན་གྱིས་༡༩༥༩ལོ་ནས་དུས་ཡུན་རིང་པོར་རྡོ་རྗེ་གླིང་ནས་སྐྱབས་བཅོལ་བར་སྨན་བཅོས་ཀྱི་ཞོར་དུ་ནད་པ་དག་གི་གཏམ་ལ་རྣ་ཅོག་རྒྱུན་གཏད་བྱས་པའི་ཉམས་ལེན་རྩ་ཆེ་བ་དག་ལས་བྱུང་པ་ཡིན་པ་དང་། སྤེན་པ་ཚེ་དབང་ཡེ་ཤེས་ཀྱི་མཛད་རྗེས་དང་། ལོ་རྒྱུས་བརྩམས་སྒྲུང་རིང་པོ་སྐུ་བལྟམས་པར་བཅུག་པའི་བྱ་གཞག་གཙིགས་ཆེན་ལ་གཞིགས་ཚེ་གུས་པ་མི་སྐྱེས་ཀ་མེད་རེད།

  (རྩོམ་འདིའི་རྩོམ་པ་པོ་འཆི་མེད་དམ་Hoshi Izumiནི་ཐོ་ཁྱོ་ཕྱི་སྐད་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཀའི་སྐད་དང་གཙུག་ལག་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་དང་དབུ་འཛིན་ཡིན)

                                                                      ཆོས་འཁོར་བསོད་ནམས་ཚེ་རིང་གིས་ཉི་ཡིག་ནས་བསྒྱུར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དབྱིན་ཡིག་གི་བོད་ཀྱི་རྩོམ་རིག་དང་སྤེན་པ་ཚེ་དབང་ཡེ་ཤེས་ལགས་ཀྱི་སྒྲུང་རིང་སྐོར་རགས་ཙམ་གླེང་བ།

2020-10-27 འཆི་མེད།(ཉི་ཧོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།