གློག་བརྙན《དུས་ཚོད་དང་ཚེ་སྲོག》ཅེས་པར་བལྟས་པའི་མྱོང་ཚོར།
གལ་སྲིད་ངོ་མ་དུས་ཚོད་ནི་གློག་བརྙན་འདིའི་བརྗོད་དོན་ལྟར་ཚེ་སྲོག་དང་སྒོར་མོ་ཡིན་ཚེ། ང་རང་མི་ཚེ་འདིར་ཐེངས་བརྒྱ་ལ་ཤི་ཡོད་ངེས།
ཚེ་སྲོག་རྟ་རྔ་འདྲ་བོའི་དབུགས་རྒྱུན་ལ་ཞིབ་འདང་མེད་པའི་འུ་ཚོ་ཕལ་ཆེར་ཟིང་ཟིང་གི་ཀློང་དུ་སིམ་པའི་རྣམ་ཤེས་འཁྱམ་པོ་རྐྱང་རྐྱང་ཡིན་པ་འདྲ། འཚོ་བའི་ཆེད་དུ་འབར་བཞིན་པའི་ང་ཚོའི་མི་ཚེ་ནི་ཞག་སྒྲོན་རྐང་གཅིག་བཞིན་ལྟ་ལང་ཉན་ལང་མི་བྱིན་པར་ཡུན་གྱིས་ཟད་འགྲོ་བའི་བར་གླགས་ནས། འུ་ཚོ་ལ་ཐོབ་འོས་པ་ཅི་ཡང་མེད་པ་འདྲ། ཕར་ཚེ་སྲོག་གི་འགྲོ་གྲོན་གཏོང་དགོས་པའི་འུ་ཚོས་ཚུར་ཡོང་སྒོ་ཅི་ཡང་མེད་པ་འདྲ། ཡང་གཅིག་བྱས་ན་སྒོར་མོ་རེ་འགའ་ཡོད་པའི་དབང་དུ་བཏང་ན་དེ་ནི་དུས་ཚོད་ཀྱི་རིན་ཐང་ཙམ་ཡང་མེད། སྒོར་མོ་ནི་དུས་ཚོད་དང་ཚེ་སྲོག་གི་རིན་ཐང་འདྲ་བར་འགངས་ཆེན་ཞིག་ཡིན་ཚེ་གློག་བརྙན་འདིའི་བརྗོད་དོན་ལྟར་བསམ་གཞིགས་མི་གནང་ཀ་མེད་གྱུར།
ངས་དྲྭ་ལམ་ནས་གློག་བརྙན་འདིའི་མཚམས་སྦྱོར་ཐུང་ངུ་ཞིག་མཐོང་བ་བརྟེན་ལྟ་འདོད་སྲེད་པ་རབ་ཏུ་འཕེལ་བས་སྒོར་རེ་འགའ་བྱིན་ནས་ཉོས། གློག་བརྙན་འདིའི་ནང་གི་བརྗོད་གཙོ་བོ་ནི་མི་རེ་རེའི་ལག་ངར་དུ་དུས་ཚོད་ཀྱི་ཨང་གྲངས་རེ་ཡོད་ལ་དེ་འཛད་ན་ཚེ་སྲོག་ཚར་འགྲོ་བ་དང་། དེ་ནི་དུས་ཚོད་ཡིན་ལ་ཚེ་སྲོག་དང་སྒོར་མོའི་གྲངས་ཀའང་ཡིན་པ་རེད། དེ་མ་ཚར་གོང་དངུལ་ཁང་ནས་ཚེ་སྲོག་ཨང་གྲངས་བླུག་ཆོག་པ་དང་། མི་ཕན་ཚུན་སྦྱིན་གཏོང་ཡང་བྱེད་ཆོག་པ་དང་། བཙན་གཉོམ་བར་ནས་འཕྲོག་རྩོད་དང་། སླུ་བྲིད་ཀྱིས་འཕྲོག་རེ་རེས་བྱེད་ཀྱིན་ཡོད་པ་དེ་འདྲ་ཞིག་བཞེངས་སྐྲུན་བྱས་འདུག
དེ་ན་ང་ཚོས་གཞིགས་ན་ཕྱུག་པོ་ཚང་མ་ཚེ་སྲོག་དང་སྟོབས་འབྱོར་ལྡན་ལ་དབུལ་བོ་ཚང་མ་དུས་ངེས་མེད་དུ་འཆི་བར་ངེས་སོ་སྙམ་ན་དེའང་མ་ངེས་ཏེ། ཁྱོད་ཀྱི་ལག་ངར་དུ་ཚེ་སྲོག་གི་གྲངས་ཀ་ཅི་ཙམ་མང་ན་ཡང་དེའི་ཚོད་དུ་སྐད་ཅིག་ཙམ་སྡོད་ལང་མེད་པར་ཚེ་སྲོག་ནི་སྐད་འཕྲིན་བཞུར་རྒྱུན་ལྟར་མྱུར་བར་བཞུར་འགྲོ། ཁྱོད་ཀྱི་ཚེ་སྲོག་ལས་རྩ་ཆེ་བའི་དངོས་པོ་ཞིག་གི་སླད་དུ་སྲོག་གཏོང་བ་དང་། ཡང་ན་ཧམ་སེམས་ཆེ་བའི་མི་གཞན་ཞིག་གིས་འཕྲོག་འགྲོ། སྐབས་དེར་མིའི་རིགས་ལ་ཚེ་སྲོག་ལས་རྩ་ཆེ་བའི་དངོས་པོ་ངོ་མ་དེ་བྱམས་བརྩེ་ལས་གཞན་ཅི་ཡང་མེད་པ་འདྲ། སྐབས་དེར་བྱམས་བརྩེ་དབུལ་བའི་མི་ཞིག་འཆི་བ་ལས་ཀྱང་གསོན་པའི་འཇིགས་སུ་རུང་ངོ་།།
འདི་དང་འབྲེལ་ནས་དོགས་འདྲི་ཞིག་བྱས་ན། ང་ཚོའི་དབུལ་ཕྱུག་གི་ཁྱད་པར་གང་ནས་འབྱེད་དགོས་སམ་ཞེ་ན་མང་ཆེ་བས་དེ་ནི་འབྱོར་བ་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས་ཟེར་ངེས། ངས་ནི་དེ་ལྟར་མ་ངེས་ཏེ། མིའི་རིགས་ཀྱི་རྒྱུ་འབྱོར་དོན་དུ་འབད་འབུངས་བྱེད་དགོས་དོན་གཙོ་བོ་ཚེ་སྲོག་གི་ཆེད་དུ་ཡིན་པ་གོར་མ་ཆག་ལ། ཚེ་སྲོག་འཇིག་རྟེན་འདིར་འཚོ་བ་ལ་དབུགས་རྒྱུན་ཡོད་པ་ཙམ་གྱིས་མི་ཆོག་པར་ལུས་བདེ་སེམས་སྐྱིད་ངང་འཚོ་ཐུབ་པར་རེ་སྙེག་བྱེད་བཞིན་ཡོད།
དེའི་ཕྱིར་སྒོར་མོ་ཅི་ཙམ་མང་ནའང་ན་ཚ་ཡོད་ཚེ་ཁྱོད་རང་དབུལ་བོ་ཡིན་ལ། སྒོར་མོ་མང་བོ་ཡོད་ཀྱང་བུ་ལོན་ཆེན་པོ་དགོས་ཚེ་ཡང་སྔར་བཞིན་དབུལ་བོ་ཡིན། དེས་ན་ང་ཚོས་རྟོག་སྒྲུང་གི་འཇིག་རྟེན་ལས་བརྒལ་ནས་དངོས་ཡོད་ཀྱི་འཇིག་རྟེན་འདིར་འཚོ་ཐབས་ལ་མནོ་བསམ་རེ་ཐོངས་དང་། ང་ཚོ་འཇིག་རྟེན་འདིར་འཚོ་བ་ལ་ཕྱིའི་དཔལ་འབྱོར་གྱི་འཚོ་གནས་དང་། ནང་བསམ་བློའི་འཚོ་བ་གཉིས་ཀ་དགོས་པ་གདོན་མི་ཟ་མོད། རྒྱུ་མཚན་འདི་གས་མི་ཞིག་གི་ཚེ་སྲོག་འཚོ་བར་ཆེས་རྩ་ཆེ་བའི་དངོས་པོ་ནི་བདེ་ཐང་དང་། བརྩེ་བ། བསམ་བློའི་རིག་གནས་དང་རྒྱུ་འབྱོར་སོགས་མཐུ་རྐྱེན་གཅིག་མ་ཚང་ཚེ་ངས་ནི་སྔར་བཞིན་དབུལ་བོར་ཁས་ལེན་ངེས།
གཞན་ང་ཚོ་འཚོ་བ་ནི་གསོན་པའི་ཆེད་དང་གསོན་པ་ནི་ཚེ་སྲོག་གི་ཡང་སྙིང་འཚོལ་བའི་ཆེད་དུ་ཡིན་ཚེ་འུ་ཚོས་གཅེས་སྤྲས་བྱེད་འོས་པ་ནི་དུས་ཚོད་ཁོ་ན་ཡིན་ཏེ། དུས་ཚོད་ཡོད་པས་གཟོད་རིན་ཐང་མེད་པའི་དངོས་པོ་ཞིག་རིན་ཐང་ཅན་དུ་བསྒྱུར་ཐུབ་པས་སོ།། ང་རང་ཚོ་མི་རེ་རེར་དུས་ཚོད་བརྒྱ་རེ་ཡོད་པའི་དབང་དུ་བཏང་ན་དུས་ཡུན་དགུ་བཅུ་རྣམ་གཡེང་ངང་ཕུགས་བསམ་མེད་པའི་ལོ་ཟླ་ཁོ་ནས་ཆུད་ཟོས་སུ་གཏོང་ཚེ་དུས་ཚོད་བཅུ་ཙམ་གྱི་ནང་དུ་ཚེ་སྲོག་གི་ཡང་སྙིང་ཇི་ལྟར་འཚོལ། ཚེ་སྲོག་ལ་དོན་སྙིང་ཅི་ཡང་མེད་པས་གསོན་ཀྱང་འཆི་བ་ལས་འདའ་མེད་པས་སོ། །
༢༠༢༠ ༢ ༡༨ཉིན།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།