བོད་ཀྱི་སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གྱི་གནས་བབས།

གསེར་ཚང་དཔོན་གསས་གཡུང་དྲུང་། (སྡེ་དགེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-02-12

  [ནང་དོན་གནད་བསྡུས།]|རྩོམ་འདིའི་ནང་དུ་བོད་ཁ་བ་ཅན་མཐོ་སྒང་གི་ཡུལ་དུ་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་འདུས་པའི་རྩོམ་རིག་གི་བརྩམས་ཆོས་ག་ཙམ་ཡོད་མེད་དང་། སྒྱུ་རྩལ་རྩོམ་རིག་གི་འཇུག་གཞིའམ་འདོགས་གཞི་གང་ཡིན་པ།ལྷུག་རྩོམ་ལ་སྒྱུ་རྩལ་རྩོམ་རིག་ཅེས་པའི་འདོགས་གཞི་ག་ཙམ་ཡོད་མེད་ཀྱི་རིགས་པ་ཅུང་ཙམ་བཀོད་ཡོད།

  [བརྡ་ཆད་གཙོ་བོ།]|སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ།སྒྱུ་རྩལ་རྩོམ་རིག་གི་འཇུག་གཞི། སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གྱི་གནས་བབས།

  ①དང་པོ་ལ་གཉིས། སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གཉིས།

  དང་པོ་ལ་སྤྱི་བསྟན་པ་དང་བྱེ་བྲག་བསྟན་པ་གཉིས།དང་པོ།ཐོག་མར་སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་འབྲི་དཀའ་ཞིང་བརྗོད་དཀའ་བ་ཞིག་ཡིན་པ་དང་།ལྷག་པར་དུ་རབ་ཏུ་དཔྱད་པ་དཀའ་བའི་སྒྱུ་རྩལ་རྩོམ་རིག་གི་གོ་དོན་ཕྱིར་འདོན་བྱེད་པ་ལ་མཐོང་རེག་མི་མངའ་བའི་སྒྱུ་རྩལ་གྱི་གོ་དོན་མ་རྟོགས་པའམ་རང་ངོས་ནས་ཐུན་མིན་གྱི་འགྲེལ་སྟངས་ཤིག་མེད་ཚེ་སུ་ལ་ཡང་སྒྱུ་རྩལ་རྩོམ་རིག་གླེང་བའི་ཐོབ་ཐང་བོར་ཚར་བ་དང་སུ་ལ་ཡང་གོང་དང་འབྲེལ་བའི་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་པ་མ་རེད་དོ།།

  གཉིས་པ་ལ། སྙན་ངག་དང་སྒྲུང་གཉིས།སྒྱུ་རྩལ་རྩོམ་རིག་གླེང་བ་ལ་དེ་དང་འབྲེལ་བ་ངེས་ཅན་ཡོད་པའི་སྙན་ངག་དང་སྒྲུང་གི་རྣམ་བཤད་རག་ཙམ་འགྲོ་དགོས་པ་སེམས་མོ།། ལོ་རྒྱུས་ཀྱི་དེབ་ཐེར་དང་ཚན་རིག་ཟིན་ཐོ་སོགས་དང་འདྲ་བོ་མ་ཡིན་པར་རྩོམ་རིག་ལས་སྙན་ངག་དང་སྒྲུང་ནི་སྒྱུ་རྩལ་རྩོམ་རིག་དང་འབྲེལ་བ་ཆེན་པོ་ཡོད།

  དང་པོ། སྙན་ངག སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་ལས་དེང་རབས་སྙན་ངག་ནི་སྒྱུ་རྩལ་རྩོམ་རིག་དང་འབྲེལ་བ་ངེས་ཅན་ལྡན་ཏེ།སྲོལ་རྒྱུན་སྙན་ངག་ལ་སྒྱུ་རྩལ་གྱི་ཆ་ཡོད་ཀྱང་དེང་རབས་སྙན་ངག་དང་སྡུར་དུས་ཅུང་ཟད་ཞན་པའི་སྣང་ཚུལ་ཡོང་གི་རེད།ལྟོས་དང་།སྲོལ་རྒྱུ་སྙན་ངག་མཁན་པོ་གཅན་རང་སད་དང་ཧོར་གཙང་འཇིགས་མེད་སོགས་ཀྱིས་བྲིས་པའི་སྙན་ངག་དང་བོད་ཁ་བ་ཅན་མཐོ་སྒང་གི་དེང་རབས་སྙན་ངག་པ་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་བྲིས་པའི་སྙན་ངག་ཀློག་སྐབས་དེང་རབས་སྙན་ངག་ལ་སྒྱུ་རྩལ་རྩོམ་རིག་གི་བྲོ་བ་ངེས་ཅན་ལྡན་པའི་སྣང་ཚུལ་ཡོང་གི་རེད།དེའི་རྒྱུ་མཚན་ཡང་སྒྱུ་རྩལ་རྩོམ་རིག་གི་རྩོམ་ལུས་ནི[༡]“བསམ་པའི་ཚོར་འདུ་སྣ་ཚོགས་ལྷག་མེད་དུ་བརྗོད་པ་ལ་བྱེད་ཐབས་དང་མཚོན་ཐབས་ཁྱད་པར་ཅན་ནམ་བརྗོད་སྟངས་དང་རྩོམ་སྟངས་ཐུན་མོང་མ་ཡིན་པ་ཞིག་རྩོམ་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་རིམ་གྱིས་ཆགས་པ་ལ་གོ”བ་ཡིན་པས་སྲོལ་རྒྱུན་སྙན་ངག་ལ་བསམ་པའི་ཚོར་འདུ་ལྷག་མེད་དུ་བརྗོད་པའི་ནུས་པ་ལྡན་ཡང་བྱེད་ཐབས་དང་མཚོན་ཐབས་ཁྱད་པར།བརྗོད་སྟངས་ཁྱད་པར་བ།རྩོམ་སྟངས་ཁྱད་པར་བའི་ཐུན་མིན་གྱི་ནུས་པ་དེ་འདྲ་མེད་པས་དེང་རབས་སྙན་ངག་དང་སྡུར་ན་སྒྱུ་རྩལ་རྩོམ་རིག་དང་ཅུང་ཟད་རྒྱང་གྱེས་པའི་སྣང་ཚོར་ཡོང་གི་རེད།སྙན་ངག་པ་འཇུ་སྐལ་བཟང་གིས[༢]“སྤྱིར་སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་འཚོ་བ་གཟུགས་བརྙན་དུ་བསྐྲུན་ཞིང་།ཡིད་ཀྱི་འགྱུར་བ་བརྗོད་པའི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཤིག་ལ་ཟེར་ཏེ།ལོ་རྒྱུས་ཀྱི་དེབ་ཐེར་རམ་ཚན་རིག་ཟིན་ཐོ་སོགས་དང་མི་འདྲ་བར་རྩོམ་པ་པོའི་རང་སྣང་བློ་ཡི་བཀོད་པ་དང་།རྟོག་པ་འཆར་ཡན་གྱི་བློས་བསླངས།ཟོལ་མེད་ཚོར་འདུའི་རྦ་རླབས་སོགས་ཀྱི་གྲུབ་ཆ་མང་དུ་འདྲེས་པའི་རྩོམ་རིག་ཅིག་ཡིན་ཏེ་སྒྲུང་རྩོམ་དང་སྙན་ངག་སོགས་ལྟ་བུ་ཡིན”ཟེར།སྲོལ་རྒྱུན་སྙན་ངག་ནི་ཁྲིམས་གང་རུང་བ་ཞིག་ལས་མི་འདའ་བར་འབྲི་དགོས་པས་ན་རྩོམ་རྩལ་བྱང་ཆུབ་པའི་རྩོམ་པོ་ཞིག་མིན་དུས་གཏན་ནས་དེང་རབས་སྙན་ངག་ལས་ཁྱད་པར་འཕགས་པའི་སྒྱུ་རྩལ་རྩོམ་རིག་གི་སྙན་ངག་ཅིག་འཁྱོང་བ་མིན།དེ་བས་སྒྱུ་རྩལ་རྩོམ་རིག་དང་ཆེས་ཐག་ཉེ་བ་ནི་དེང་རབས་སྙན་ངག་དང་ལྷུག་རྩོམ་བརྩམས་སྒྲུང་བཅས་ཡིན་ནོ།། སྒྱུ་རྩལ་ངེས་ཅན་ལྡན་པའི་སྙན་ངག་ཅིག་འབྲི་བ་ལ།བརྡ་དག་ལ་བྱང་ཆུབ་དགོས་པའི་གཞི་བཞག་གི་སྟེང་ནས་རང་རྟོན་དང་ཚུལ་བཟོས་ཀྱི་ཚོར་འདུ་དྲགས་པོ་དེ་འདྲ་མིན་པར་གང་བྱུང་གི་ཚོར་བ་དང་ཁྱད་པར་གྱི་ཚོར་ཤེས་དེ་དག་གཅིག་ཀྱང་མ་ལུས་པར་ཡི་གེའི་རྣམ་པ་ཅན་དུ་བཀོད་ཐུབ་པའི་ཁར།ཀློག་པ་པོས་ཀློག་པའི་སྐབས་སུ་ཡང་རྩོམ་པ་པོའི་གང་བྲིས་པའི་ཚོར་འདུ་དྲགས་པོ་དེ་རིམ་གྱིས་རང་ཉིད་ཀྱི་སེམས་སུ་ཆུ་ཟླའི་གཟུགས་བརྙན་དུ་འཆར་དུ་བཅུག་པ་ཐུབ་ཚེ་ད་གཟོད་བརྩམས་ཆོས་དེའི་མིང་ལ་སྙན་ངག་ཅེས་འདོགས་ཆོག་པ་ཡིན།དུངས་བརྗོད་སྙན་ངག་ཅིག་བྲིས་ནའང་ཀློག་པ་པོའི་ཡིད་ཀྱི་གུར་ཁང་དུ་བརྩེ་དུངས་ཀྱི་ས་བོན་ནོན་པོ་གདབ་ཐུབ་དགོས་པར་མ་ཟད།ཀློག་པ་པོ་གང་དེ་ཡང་བརྩེ་དུངས་ལ་དུངས་པ་ཆེས་ཆེར་སྐྱེ་དུ་འཇུག་པ་ནི་དུངས་བརྗོད་སྙན་ངག་འབྲི་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཡིན་ནོ།། འདིར་དཔེར་མཚོན་ཙམ་དུ་སྙན་ངག་སྐོར་ཞིག་དྲང་ན་བོད་ཀྱི་སྙན་ངག་པ“ཁུ་བྱུག་སྔོན་མོ”ས་བྲིས་པའི་སྙན་ངག[༣]«ས་སྲོད»ཀྱི་ནང་དུ་ཚན་པ་འདི་འདྲ་ཞིག་ཡོད།

  “རྨི་ལམ་ཞིམ་པོ་ཞིག་མཇུག་མ་བསྡུས་པར་གཉིད་ལས་སད་ཅིང་།

  སྒོ་རྡུང་མཁན་མེད་པར་ཡར་ལངས་དགོས་དུས།

  ཚེ་སྲོག་འཐིམ་བཞིན་པའི་དུས་ཚོད་ཀྱི་ནང་དུ།

  རང་ཉིད་རྒས་ཀྱིན་པའི་ཚུལ་ནི།

  སྨིན་བཞིན་པའི་གོ་རིམ་ཞིག་ཡིན་ན་སྤྲོ་ཨང་སྙམ་བྱུང་།”སྙན་ངག་འདི་ནི་དགེན་ཁུ་བྱུག་སྔོན་ལགས་ཀྱིས་ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་པ་གཅིག་ཉིན་བྲིས་པའི་སྙན་ངག་ཅིག་རེད།ཁོང་གིས་བྲིས་པའི་འཐུས་ཚབ་བརྩམས་ཆོས«འུག་པ་གླེང་བ»ནི་བཤད་མི་དགོས་ཤིང་།གོང་བྲིས་ཀྱི་སྙན་ངག་དེ་ལ་ཡང་སྒྱུ་རྩལ་གྱི་ཆ་ཆེན་པོ་ལྡན་ཡོད་དེ།ཐ་སྙད་ཕལ་པ་འགའ་ཡིས་ཧ་ཅང་ཕལ་པ་མིན་པའི་སེམས་ཚོར་ཞིག་བརྗོད་བྲིས་བྱས་ཡོད།སྙན་ངག་འདིའི་ཚིག་ཕྱི་མ(ཚེ་སྲོག་འཐིམ་བཞིན་པའི་དུས་ཚོད་ཀྱི་ནང་དུ།རང་ཉིད་རྒས་ཀྱིན་པའི་ཚུལ་ནི།སྨིན་བཞིན་པའི་གོ་རིམ་ཞིག་ཡིན་ན་སྤྲོ་ཨང་སྙམ་བྱུང་།)ཚིག་འདི་ལ་བརྟེན་ན་སྙན་ངག་གང་དེའི་བརྗོད་དོན་གསལ་བོར་སྟོན་ཐུབ་ཀྱི་འདུག་པསའདི་འབྲི་བ་མེད་བྱེད་དོ།། ད་དུང“སྐྱབས་ཆེན་བདེ་གྲོལ”གྱིས་བྲིས་པའི་སྙན་ངག[༤]«ཁོག་པའི་ནང་གི་ཉོན་མོངས»ཞེས་པའི་ནང་དུ་ཚིག་འདི་འདྲ་ཞིག་ཡོད།

  “ང་ཡིས་མེ་ཏོག་ཅིག་ལ་འོ་བྱས་ཀྱང་དེ་ལ་འོ་འཛིན་མེད

  ང་ཡིས་གངས་རི་ཞིག་ལ་གྲོགས་བསྒྲིགས་ཀྱང

  ཁ་སང་བཏང་བའི་མཛའ་གཞས་དེ་ཡིས་དེ་རིང་བརྗེད་པར་གྱུར”སྙན་ངག་འདི་ཧ་ཅང་གོ་སྙིང་སླ་བའི་སྙན་ངག་འབོལ་པོ་དེ་འདྲ་ཞིག་མ་རེད་པས་སེམས་པ་གཅིག་ཏུ་གཏད་དེ་ཞིབ་པོར་བཀླག་ཚེ་རང་ཉིད་ལ་འཚམས་པའི་གོ་བ་ཞིག་ནི་ཡོང་ངེས་པ་སྟེ།མེ་ཏོག་ཅིག་ལ་འོ་བྱེད་པ་དང་དེ་ལ་འོ་འཛིན་ནམ་ནུ་མའི་རྩེ་མེད་པ།ད་དུང་གངས་རི་ཞིག་ལ་གྲོགས་བསྒྲིགས་ཀྱང་དེས་ཁ་སང་བཏང་བའི་མཛའ་གཞས་དེ་ཡང་བརྗེད་པར་གྱུར་པའི་བརྒྱུད་རིམ་ལས་ཁ་བྱང་དུ་ཁོག་པའི་ནང་གི་ཉོན་མོངས་ཞེས་བཏགས་པ་བཞིན་སྙན་ངག་འདིས་མཛའ་བརྩེ་དང་བརྩེ་དུངས་བསྐྱངས་སྟངས་ཤིག་མཚོན་པ་དང་།ད་དུང་བརྩེ་དུངས་དེའི་མཇུག་མ་གྲུབ་པའམ་ཡང་ན་ཡིད་དུ་མི་འོང་བའི་རྣམ་པ་ཞིག་ཏུ་འགྱུར་གྱིན་པ་ཞིག་བསྟན་པར་འདོད་དོ།། ཕྱི་གླིང་ངམ་དབྱིན་ཇིའི་སྙན་ངག་པ“པེ་རོན”(拜伦)གྱི་སྙན་ངག་ཅིག་ལ[༥]«她走在美里的光彩中»ཟེར་བའི་དུངས་བརྗོད་སྙན་ངག་ཅིག་ཡོད་པ་རེད།སྙན་ངག་དེས་ཐད་ཀར་བུད་མེད་གང་དེའི་མིག་གི་མཛེས་པ་དང་སྐྲའི་རིང་ཚད་སྐེད་པའི་ཕྲ་སྦོམ་སོགས་མ་བརྗོད་པར་སྦས་བརྗོད་རིང་ལུགས་ཀྱིས་བྲིས་ཡོད་པ་རེད།

  “(一)

  *她走在美的光彩中,象夜晚

  皎洁无云而且繁星漫天

  明与暗的最美妙的色泽

  在她的仪容和秋波里呈现

  耀目的白天只嫌光太强

  它比那光亮柔和而幽暗

  (二)

  增加或减少一份明与暗

  就会损害这难言的美

  美波动在她乌黑的发上

  或者散布淡淡的光辉

  在那脸庞,恬静的思绪

  指明它的来处纯洁而珍贵

  (三)

  呵,那额际,那鲜艳的面颊

  如此温和,平静,而又脉脉含情

  那迷人的微笑,那容颜的光彩

  都在说明一个善良的生命

  她的头脑安于世间的一切

  她的心充溢着真纯的爱情”

  སྙན་ངག་འདིས་བུད་མེད་གང་དེའི་མཛེས་རིས་མང་པོ་གླེང་ཡོད་པས་འདི་ལྟ་བུའི་རིགས་ཀྱི་སྙན་ངག་དག་ལ་སྒྱུ་རྩལ་རྩོམ་རིག་ཅེས་ཐད་ཀར་འདོགས་ཆོག་པར་སེམས།ཡང་སྐོར་ཞིག་གིས་འདིའི་རིགས་སམ་སྦས་བརྗོད་རིང་ལུགས་ཀྱི་སྙན་ངག་འབྲི་བཞིན་ཡོད་ཅེས་འཚམས་ལ་མི་འཚམས་པའི་ཐ་སྙད་མང་པོ་བཙན་དུ་བསྒྲིགས་ཏེ་སྤེལ་བཞིན་འདུག་ཀྱང་།ཁོས་རང་རང་གི་སྐད་དང་ཡི་གེའམ་རང་མི་རིགས་ཀྱི་སྙན་ངག་རིག་པའི་རྣམ་དཔྱོད་ལ་རྒྱབ་འགལ་དང་གཏོར་བརླག་བྱེད་ཀྱིན་པ་ཤེས་ཀྱི་མེད་དོ།། དེང་སང་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཧ་ཅང་ཉུང་བའི་ཁར་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་སྡུད་ཆོག་པའི་སྲོལ་རྒྱུན་སྙན་ངག་ཕལ་ཆེར་མེད་པར་སྙམ།སྲོལ་རྒྱུན་སྙན་ངག་ཏུ་ཞེན་ན་ཨེ་ཆོག་གམ་པའི་ཐེ་ཚོམ་ཟ་ཆོག་ས་རེ་གཉིས་ཡོད་ཀྱང་དེང་རབས་སྙན་ངག་གི་ཤན་མ་ཞུགས་པ་ཉུང་བས་ཞིབ་པོར་བརྟག་ན་གཅིག་ཏུ་མ་མཐོང་ངོ་།། དེང་དུ་སྲོལ་རྒྱུན་ངག་གི་དཔེ་མཚོན་རེ་མཐོང་དཀོན་པའི་ཚད་དུ་ཟད་ཀྱང་།རྒན“རང་གྲོལ”ལམ“དོན་གྲུབ་རྒྱལ”ལགས་ཀྱིས་གསུངས་མཛད་པའི་ཚིགས་བཅད་སྙན་ངག[༦]“རྩྭ་ཐང་དྲན་གླུ”ཀློག་པའི་སྐབས་སུ་རྒན་ཁོང་གི་ནང་སེམས་ཀྱི་ཚོར་འདུ་དྲགས་པོ་དེ་དག་དང་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་དང་ཕ་ཡུལ་ལ་སྐྱོང་པའི་བརྩེ་དུངས་དེ་དག་རེ་རེ་བཞིན་ཀློག་པ་པོའི་སེམས་ཁམས་སུ་བར་མེད་ཀྱིས་རྒྱུ་བའམ་སྨིན་པར་གྱུར་པ་འདི་སྲོལ་རྒྱུན་སྙན་ངག་གམ་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་སྡུད་ཆོག་པའི་སྲོལ་རྒྱུན་སྙན་ངག་ཅིག་ཏུ་སེམས།གཞན་ད་དུང་ཁོང་གི་སྙན་ངག[༧]“ལེ་ལོ་ཅན་དང་བརྩོན་འགྲུས་ཅན”ལ་ཡང་སྒྱུ་རྩལ་ཁྱད་པར་ལྡན་ཡོད་པ་ཡིན།མི་ཚོས་ནམ་རྒྱུན་རྩོམ་པ་པོ་གང་དེའི་བརྩམས་ཆོས་སྙན་ངག་གྲགས་ཆེ་བ་དག་ལ་ཞིབ་དཔྱད་ཅུང་བྱེད་ཀྱིན་པའི་ཚུལ་གྱིས་གཞན་སྒྱུ་རྩལ་ངེས་ཅན་ཡོད་པའི་བརྩམས་ཆོས་དག་ཤུལ་དུ་ལུས་འགྲོ་བ་ཡིན།ང་ཚོས“ལེ་ལོ་ཅན་དང་བརྩོན་འགྲུས་ཅན”བཀླགས་རྗེས་རང་ཉིད་ལ་ཡང་བརྩོན་པ་བྱེད་འདོད་པའི་བསམ་བློ་ཞིག་སྦྱིན་ངེས་པ་ཡིན།འདི་ནི་བརྩམས་ཆོས་གོང་དེའི་ནོན་ཤུགས་དང་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིག་པ་གང་ནས་ཀྱང་མི་འབྱུང་།ད་ཆར་བོད་ཁ་བ་ཅན་མཐོ་སྒང་གི་ཡུལ་གྲུ་གང་ནས་ཀྱང་གནོན་ཤུགས་ཆེ་བའི་སྲོལ་རྒྱུན་སྙན་ངག་དེ་འདྲ་གཅིག་ཀྱང་མཐོང་དཀོན།སྐོར་རེས་སྲོལ་རྒྱུན་སྙན་ངག་ལ་དགའ་བ་ཆེན་པོ་བྱེད་ཀྱི་འདུག་ཀྱང་།ནང་དོན་ཚང་བའི་སྲོལ་རྒྱུན་སྙན་ངག་འབྲི་མཁན་ནི་རེ་གཉིས་ལས་མེད་དོ།།

  གཉིས་པ།སྒྲུང་། སྒྱུ་རྩལ་ལྡན་པའི་སྒྲུང་གཏམ་ཞིག་འབྲི་བ་ལ་སྒྲུང་གཏམ་ནང་གི་མི་སྣ་དག་ལ་རྒྱུས་ལོན་ངེས་ཅན་ལྡན་དགོས་པར་མ་ཟད།སྒྲུང་གཏམ་ནང་གི་ལོ་རྒྱུས་སམ་གཏམ་རྒྱུད་ལ་བརྟེན་ནས་འཚོ་བ་དངོས་ཀྱི་འཇིག་རྟེན་དང་འཇིག་རྟེན་པའི་འཚོ་བའི་བརྒྱུད་རིམ་དག་བགྲོ་བརྗོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ།བོད་ཁ་བ་ཅན་མཐོ་སྒང་གི་སྒྲུང་གཏམ་པ་གྲགས་ཅན་རྒན་ལྷ་བྱམས་རྒྱལ་གྱིས[༨]“སྒྲུང་གཏམ་ཟེར་བ་དེ་མཐར་གཏུགས་ན་གཏམ་རྒྱུད་ཀྱི་བྱུང་རིམ་ཙམ་མ་ཡིན་པར་གཏམ་རྒྱུད་ལ་བརྟེན་ནས་འཇིག་རྟེན་འཚོ་བའི་ནང་གི་སད་རྟོགས་ཤིག་བརྒྱུད་སྒྲོག་བྱེད་པ་དེ་ཡིན”པ་བཤད་ཡོད།དེ་བཞིན་སྒྲུང་གཏམ་ནང་གི་གཏམ་རྒྱུད་ལ་བརྟེན་ནས་འཇིག་རྟེན་འཚོ་བ་དངོས་ཀྱི་གནས་སྟངས་དང་སྤྱི་ཚོགས་ཀྱི་བདེ་སྡུག་དང་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབས་ལ་ཁེ་ཕན་དང་རིན་ཐང་ཡོད་པ་འབྲི་དགོས།དཔེར་མཚོན་ཙམ་ཞུས་ན་རྒན“ཨ་སྨྱོན་བཀྲ་ཤིས་དོན་གྲུབ”ཀྱིས་བརྩམས་པའི་སྒྲུང་རིང[༩]«མར་མེ་ཚེ་འབར»ལྟ་བུར་མཚོན་ན།སྒྲུང་གཏམ་ནང་གི་མི་སྣ་བརྩོན་འགྲུས་རྒྱ་མཚོ་དང་གངས་ལྷ་མེ་ཏོག་ནི་སྒྲུང་གཏམ་མར་མེ་ཚར་འབར་ནང་གི་མི་སྣ་གཙོ་བོ་བྱས་ཏེ་བྲིས་ཡོད་པའི་ཞོར་ནས་འཚོ་བ་དངོས་ཀྱི་གནས་སྟངས་དང་སློབ་ཆེན་སློབ་མ་ལ་ལེགས་ཆ་མང་པོ་ཡོད་པའི་གནས་ཚུལ་མང་པོ་ཤུགས་ཀྱིས་རྟོགས་ཡོང་།ད་དུང་བབརྩོན་འགྲུས་རྒྱ་མཚོའི་ཚེ་རོགས་གངས་ལྷ་མེ་ཏོག་གིས་རང་གི་སློབ་མའི་ཆེད་དུ་རང་སྲོལ་བློས་གཏོང་བའི་གཏམ་རྒྱུད་ལ་བརྟེན་ནས་དགེ་རྒན་གྱིས་སློབ་མ་ལ་སྐྱོང་བའི་བརྩེ་དུངས་དང་མཛའ་བརྩེ་མཚོན་ཐུབ་པ་རེད།ཀློག་པའི་སྐབས་སུ་ཡང་བརྩོན་འགྲུས་རྒྱ་མཚོ་དང་གངས་ལྷ་མེ་ཏོག་གི་བར་གྱི་བརྩེ་དུངས་ཀྱི་བརྒྱུད་རིམ་དེས་ཀློག་པ་པོ་གང་དེ་ཡང་བརྩེ་དུངས་ལ་ཡིད་སྨོན་དང་དགའ་ཞེན་ཡོད་པར་བསྒྱུར་ཐུབ་པའི་ནུས་ཤུགས་དེ་འདྲ་ནི་སྒྲུང་གཏམ་འབྲི་བའི་ཆ་རྐྱེན་གཙོ་གྲས་ཤིག་ཡིན་པར་སེམས་སོ།། རྒན“རང་གྲོལ”ལགས་ཀྱིས་གསུང་བརྩམས་པའི་བརྩམས་སྒྲུང[༡༠]«སད་ཀྱིས་བཅོམ་པའི་མེ་ཏོག»དང[༡༡]«ཚུལ་ཁྲིམས་རྒྱ་མཚོ»དང[༡༢]«ཤ་དང་རུས་པའི་བརྩེ་དུངས»དང[༡༣]«བརྩེ་དུངས་ཀྱི་རྦ་རླབས»དང[༡༤]«བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད»དང[༡༥]«སྤྲུལ་སྐུ»སོགས་ལ་ནི་བརྗོད་པ་དཀའ་བའི་སྒྱུལ་རྩལ་གྱི་ཆ་མང་པོ་འདུས་ཀྱང་འདིར་འབྲི་དགོད་མི་བྱེད་དོ།། སྒྲུང་མཁན་ཞིག་ལ་བསམ་ན་གློག་བརྙན་ལྟ་བ་དང་སྒྲུང་གཏམ་ལ་ཉན་རྒྱུ་ནི་བརྩམས་སྒྲུང་འབྲི་བ་ལ་ཕན་པ་ཆེན་པོ་ལྡན་པ་འདྲ་སྟེ།དཔེར་མཚོན་ཙམ་དུ་རྒྱ་གར་གྱི་གློག་བརྙན«神秘巨星»ཟེར་བ་དང«小萝莉的猴神大叔»དང«三傻大闹宝莱坞»ཟེར་བ་དང་ནང་གླིང་གི་སྒྲུང་རིང་འགུལ་རིས་ཟློས་གར་དུ་འཁྲབ་པའི་བརྙན་འཕྲིན«斗罗大陆»དང«武庚纪»དང«斗破苍穹»སོགས་ལ་ལྟ་བ་དང་།ཡང་བརྙན་འཕྲིན་བལྟས་པ་ཙམ་མིན་པར་འདི་དག་ཀློག་འདོན་གྱི་སྒྲ་ལ་ཉན་པས་བརྩམས་སྒྲུང་འབྲི་ལ་ཕན་པོ་ཆེན་པོ་ལྡན།རབ་ཡིན་ན་སྒྲུང་རིང་དེ་དག་གི་དེབ་གཟུགས་ལ་བལྟས་པས་ཕན་པ་བླ་ལྷག་ཆེའོ།།

  གཉིས་པ་ལྷུག་རྩོམ་ལ་སྤྱི་བསྟན་པ་དང་བྱེ་བྲག་བཤད་པ་གཉིས།དང་པོ་ནི། ལྷུག་རྩོམ་ནི་རྩོམ་པ་པོ་གང་དེའི་ནང་གི་མྱོང་བ་དང་ཕྱི་ཡི་མཐོས་ཐོས་གང་བྱུང་བ་ཐམས་ཅད་ཀློག་པ་པོའི་ལག་ཏུ་དམར་རྗེན་རྗེན་དུ་བཞག་པ་ཞིག་ཡིན་པས།ལྷུག་པོར་བྲིས་པའི་ཡིག་འཚོགས་ཤིག་ལ་གཏན་ནས་ངོས་འཛིན་བྱས་མི་ཆོགདེ་བས་ལྷུག་རྩོམ་རྩོམ་པ་པོ་ནི་ཀློག་པ་པོ་དང་གློ་བ་ཉེ་ཞིང་བར་ཐག་ཐུང་བ་ཞིག་ཡིན་པ་དང་།ལྷུག་རྩོམ་ཞིག་འབྲི་བ་ལ་བདེན་པ་ཁོ་ནས་མཛེས་པ་བསྐྲུན་ཏེ་རྟོག་བཟོ་དང་ཚིག་རྒྱན་ཉུང་བ་ཞིག་ཡིན་དགོས།འདི་ནི་སྙན་ངག་དང་མི་འདྲ་སའི་གཙོ་བོའི་ཆ་ཞིག་ཡིན།སྙན་ངག་པ་སྐོར་ཞིག་ནི་ཀློག་པ་པོ་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་ཡང་རྩོམ་པ་པོ་གང་དེས་བྲིས་པའི་སྙན་ངག་ལ་རྒྱུས་ལོན་དང་ཞིབ་ཀློག་མི་ཐུབ་པ་དང་ཧ་ཅང་ཀློག་པ་དཀའ་བས་རེད། ཁ་གཅིག་གིས་ཁ་བརྡའི་རིགས་ཀྱང་ལྷུག་རྩོམ་གྱི་གྲས་སུ་སྡུད་བཞིན་འདུག་ཀྱང་ཁོ་བོ་ནི་དེའི་རྗེས་སུ་མི་འཇུག་པར་བྱའོ།། དུས་རབས་ཉེ་གཅིག་པ་ནས་བཟུང་བོད་ཀྱི་རྩོམ་པ་པོའི་སྡེ་གྲས་སུ་ལྷུག་རྩོམ་ལ་དོ་སྣང་དང་སྣང་དོགས་བྱེད་མཁན་ཇེ་མང་དུ་གྱུར་པའི་རྣམ་པ་མངོན་ན་ཡང་།ཞིབ་བལྟས་ཤིག་བརྒྱབ་ཚེ་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ནང་དུ་རང་ངོས་ནས་ཡིད་ཚིམ་འོས་པའི་ལྷུག་རྩོམ་བྲིས་ཐུབ་པའི་རྩོམ་མཁན་མེད་ཅིང་གཞན་ངོས་ནས་ཀྱང་ཀློག་སྙིང་བྲོ་བའི་ལྷུག་རྩོམ་ཞིག་རེད་འདུག་པའི་བསམ་བློ་ཁུར་ཐུབ་མཁན་ཧ་ལམ་མེད་མོད།ད་ལྟ་མང་ཤོས་ཀྱིས་དུས་རབས་འགྱུར་བ་བཞིན་རྩོམ་གཤིས་ལ་ཡང་འགྱུར་བ་ངེས་ཅན་ཐེབས་དགོས་པའི་བསམ་བློ་ཁུར་ཏེ་གོ་སླ་བ་ལས་གོ་དཀའ་བའི་ལྷུག་རྩོམ་འབྲི་མཁན་ཇེ་མང་དུ་གྱུར་གྱིན་ཡོད།འོན་ཀྱང་ལྷུག་རྩོམ་དེ་དག་ཞིབ་ཀློག་རེ་བྱས་དུས་སྐབས་རེར་ལྷུག་རྩོམ་གྱི་བྲོ་བ་ཉམ་སྟེ་རང་མོས་ཀྱི་ཤན་ཆེན་པོ་ཞུགས་པའི་སྣང་ཚོར་ཡོང་གི་ཡོད།མཐའ་གཅིག་ཏུ་ཐག་མི་ཆོད་ཀྱང་ང་ལ་ནམ་རྒྱུན་ཚོར་སྣང་དེ་འདྲ་ཡོང་གི་ཡོད།རྒྱུན་མི་ཆད་ཅེས་བཤད་ན་ཕལ་ཆེར་ཐལ་མི་ཆེ།ང་རང་གིས་བྲིས་པའི་ལྷུག་རྩོམ“ཕྱི་དྲོའི་ཉི་འོད”ཅེས་པ་ཡང་རང་མོས་སྙན་དང་འབྲེལ་བ་ངེས་ཅན་ཡོད་དོ།། མ་གཞི་ལྷུག་རྩོམ་ལ་རྩ་བའི་དབྱེ་བ་འབོལ་རྩོམ་དང་ལྷུག་རྩོམ་གཉིས་འབྱེད་ཆོག་པར་སེམས་ཀྱང་དེའི་སྐོར་ནི་ཁོ་བོའི་དཔྱད་རྩོམ«བོད་དབུས་མཐོ་སྒང་གི་ལྷུག་རྩོམ་དང་འབོལ་རྩོམ་གྱི་རྣམ་བཞག་རོབ་ཙམ་གླེང་བ»ཞེས་པར་གསལ་བས་ཀུན་པོས་དེར་གཟིགས་ཆོག་པ་འདུག་པས་འདིར་འབྲི་འགོད་མ་བྱས་སོ།།

  གཉིས་པ་ལ་གཉིས།དབྱེ་བ་དང་སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་གཉིས། དང་པོ་ལ།དོན་བརྗོད་ལྷུག་རྩོམ་ནི་ཡུལ་སྐོར་ལྷུག་རྩོམ་དང་ཁྱད་པར་མེད་ཅེས་བཤད་ཆོགའགའ་ཞིག་གིས་དོན་བརྗོད་ལྷུག་རྩོམ་ཡིན་ལ་ཡུལ་སྐོར་ལྷུག་རྩོམ་མ་ཡིན་པ་སྐོར་རེ་བཞག་ཀྱང་ཁོ་བོས་ནི་དེ་ལྟར་མི་འདོད་དེ།སྐབས་འདིའི་དོན་བརྗོད་ཅེས་པ་ཐད་ཀར་གོ་བ་བླངས་ན་ཆོག་ཚེ་བརྩམས་སྒྲུང་ཡང་དོན་བརྗོད་ལྷུག་རྩོམ་དུ་ཐལ་བས་དེ་ལྟར་མི་རིགས་སོ།། “ཚེ་དབང་།བློ་ཚུལ”གྱིས་བརྩམས་པའི[༡༦]«དཔའ་བོའི་མེ་ཏོག»ཅེས་པ་ནི་དོན་བརྗོད་ལྷུག་རྩོམ་དང་ཡུལ་སྐོར་ལྷུག་རྩོམ་གཉིས་ཀར་འདོད་ཆོག་པར་སེམས།ལྷུག་རྩོམ་འདིའི་ཁ་བྱང་ཙམ་ལ་བལྟས་པས་ཡིད་འགྱུར་ལྷུག་རྩོམ་མམ་ལྷུག་རྩོམ་སྙན་ངག་ཅིག་ཏུ་སེམས་མོད་ཀྱང་ལྷུག་རྩོམ་འདི་ནི“དབྱིན་འགོག་བཙན་རྫོང་རྒྱལ་རྩེར་ལྟ་སྐོར་དུ་ཕྱིན་པ”འི་ལྷུག་རྩོམ་ཞིག་ཡིན་གྱི་ལྷུག་རྩོམ་འདི་ཞིབ་པོར་བཀླགས་རྗེས་ད་གཟོད་དོན་བརྗོད་ལྷུག་རྩོམ་ལས་འདའ་ས་གཞན་མེད་དོ།། “དབྱངས་ཅན་ལྡིང་ཁང”གི་ལྷུག་རྩོམ[༡༧]«གངས་སྐོར»ནི་ཁོ་བོ་ཆེས་ཀློག་པ་སྤྲོ་བའི་ལྷུག་རྩོམ་གྱི་གྲས་གཅིག་ཡིན།སྐབས་འདིར་གླེང་བར་བྱེད་པའི་དོན་བརྗོད་ལྷུག་རྩོམ་གྱི་གྲས་སུ་སྡུད་ཆོག་པར་སེམས།སྤྱི་ལེ༥༢ཡོད་པའི་གངས་སྐོར་འགྲོ་བ་ནི་སྙན་གྲགས་ཀྱི་ཆེད་དང་མི་ཆེན་ཚོའི་གྲས་སུ་ཚུད་པའི་ཆེད་དུ་ཡིན་ན་ཡང་དེའི་བརྒྱུད་རིམ་དེ་ནི་ཤིན་ཏུ་སྒྱུ་རྩལ་མཚོན་ཐབས་ཤིག་ལས་མ་འདས་ཤིང་ནང་གི་ཡི་གེའི་མཚོན་ཐབས་དང་བརྗོད་ཐབས་ཀྱིས་དོན་བརྗོད་ལྷུག་རྩོམ་གྱུ་གྲས་སུ་སྡུད་དོ།། གཉིས་པ་ལ།ཡུལ་སྐོར་ལྷུག་རྩོམ་དང་འབོལ་རྩོམ་གྱི་བར་ལ་འབྲེལ་ངེས་ཅན་ཡོད་དེ་དཔེར་མཚོན་ན་བོད་རང་ངོས་ནས་བརྩམས་སྒྲུང་པ“ལྷ་བྱམས་རྒྱལ”ལགས་ཀྱིས་བྲིས་པའི[༡༨]«བོད་པ་ཞིག་གི་མིག་ནང་གི་ཉིང་ཧོང»ལྟ་བུ་རེད།ག་དུས་གང་དུ་སོང་མིན་དང་ནམ་དུས་ཅི་ཞིག་བསྒྲུབས་མིན་སོགས་ཡི་གེའི་གསེབ་ནས་ལྷུག་པོར་བརྗོད་པ་ཞིག་ལ་ཟེར།[༡༩]«ངས་འབོར་གྱིན་པའི་ཀློག་པ་པོ»དང[༢༩]«ཚེ་འདིའི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག་ལ»ཞེས་པའི་རིགས་ནི་དོན་བརྗོད་ལྷུག་རྩོམ་གྱི་གྲས་སུ་བསྡུ་བ་མི་རིགས།དོན་བརྗོད་པའི་ཕྱིར་ན་མ་ཁྱབ་བོ།། གསུམ་པ་ལ།བརྩེ་དུངས་ལྷུག་རྩོམ་ཞེས་པ་ནི་རྒྱ་ཅུང་ཟད་ཆེ་བར་སྣང་ལ་ཀློག་པ་པོ་དག་གིས་ཀྱང་ཆེས་ཀློག་སྙིང་སྤྲོ་བའི་ལྷུག་རྩོམ་ཞིག་ཏུ་འདོད་ཀྱིན་ཡོད།ལྷུག་རྩོམ་ཀློག་པ་པོ་ཞིག་གི་ངོས་ནས་བཤད་ན་ཉིས་སྟོང་ཉི་ཤུ་དང་ཉེ་གཅིག་གི་ནང་དུ་དྲ་རྒྱའི་ཁམས་སུ་ཀློག་པ་པོ་མང་ཞིང་བརྩེ་དུངས་ལྷུག་རྩོམ་གྱི་ཚད་གཞི་ངེས་ཅན་ལོན་པའི་བརྩེ་དུངས་ལྷུག་རྩོམ་གྱི་རིགས་སྐོར་ཞིག་མཐོང་རྒྱུ་བྱུང་མོད།དེའི་སྔོན་དུ་འུ་ཅག་བོད་མཐོ་སྒང་གི་རྩོམ་པ་པོའི་སྡེའི་གྲས་སུ་བརྩེ་དུངས་ལྷུག་རྩོམ་གྱི་ཚད་གཞི་ངེས་ཅན་ལོན་པའི་བརྩེ་དུངས་ལྷུག་རྩོམ་དེ་འདྲ་མེད་པར་སེམས།དཔེར་བཞག་ན“དབྱངས་ཅན་ལྡིང་ཁང”གི་ལྷུག་རྩོམ[༢༡]«སྨིན་དྲུག་ཁྲ་མོ་སིམ་སིམ་སིམ»དང[༢༢]«བདེ་སྐྱིད་ལས་ཀྱི་དཔལ་མོ»གཉིས་ནི་མི་དང་མིའི་བར་གྱི་བརྩེ་དུངས་ཀྱི་བརྒྱུད་རིམ་མམ་ཡང་ན་རྩོམ་པ་པོ་དང་ཁོ་མོའི་བར་བརྩེ་དུངས་ཀྱི་མྱོང་བ་དེ་དག་ཚིག་གི་སྲུབས་སུ་བརྡལ་བའི་བརྩེ་དུངས་ཀྱི་རྩོམ་ལྟ་བུ་དང་།ད་དུང་ཁོང་གི་བརྩམས་ཆོས་ང་ཡི་ཨ་ཕྱི་ལྟ་བུའོ།། ཡང་མི་དང་མིའི་བར་གྱི་བརྩེ་དུངས་ཀྱི་བརྒྱུད་རིམ་ལས་གཞན་བརྩེ་དུངས་ལྷུག་རྩོམ་ཡང་མང་པོ་ཡོད་དེ།དཔེར་མཚོན་པ་ཞིག་དྲངས་ན།“འབུམ་སྐྱབས”ལགས་ཀྱིས་བྲིས་པའི[༢༣]«ང་ནི་རྩྭ་ཕྲན་འདི་ལ་དགའ»ཞེས་པ་དང“མ་ངེ་ར་གདུགས”ཀྱིས་བརྩམས་པའི[༢༤]«པོ་ཏ་ལ»ལྟ་བུའོ།། བཞི་བ་ཡིད་འགྱུར་ལྷུག་རྩོམ་དང་འབོལ་རྩོམ་ནི་མེ་ཆུའི་དཔེ་རུ་འགོད་ཆོག་སྟེ།ཡིད་འགྱུར་ལྷུག་རྩོམ་ནི་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་བའི་རླབས་ཕྲེང་རེ་རེ་རང་རང་གི་སྨྱུག་རྩེའི་ཐ་སྙད་ལ་བརྟེན་ཏེ་ཧ་ཅང་འབོལ་བས་མི་བརྗོད་པར་ཡིད་བརྙན་བེད་སྤྱོད་དེ་འབྲི་དགོས།སྙན་ངག་པ“ཁྱུང་བཟང”ལགས་ཀྱིས་བརྩམས་པའི[༢༥]«འབྲོག་ཁྱི་ཞིག་གི་གཏམ་བརྒྱུད»ལྟ་བུ།“འཇུ་སྐལ་བཟང”གིས་བརྩམས་པའི[༢༦]«རླུང་བུའི་ཟིན་ཐོ»ལྟ་བུ།དགེན“ཁུ་བྱུག་སྔོན་མོ”ལགས་ཀྱིས་བརྩམས་པའི[༢༧]«མེ་ཏོགམེ་ཏོག»དང[༢༨]«ཆར་བ»ལྟ་བུ་སོགས་ནི་ཡིད་འགྱུར་ལྷུག་རྩོམ་གྱི་གྲས་སུ་སྡུད་ཆོག་པར་འདོད་དོ།།

  གཉིས་པ་སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་ལ་ངོ་བའི་ཆ་ནས་ཅུང་ཟད་ཅིག་འབྲི་བར་འདོད་དེ།སྤྱིར་བོད་མཐོ་སྒང་གི་རྩོམ་པ་པོའི་སྡེ་ལ་སྒྱུ་རྩལ་རྩོམ་རིག་འབྲི་མཁན་ཧ་ཅང་ཉུང་བའི་ཁར་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་ངེས་ཅན་ལོན་པའི་ལྷུག་རྩོམ་འབྲི་མཁན་ཞིག་ནི་དེ་ལས་ཀྱང་དཀའ་བ་འདུགའདི་ནི་སྒྱུ་རྩལ་རྩོམ་རིག་གི་སྤྱི་ཡོངས་ཀྱི་ཆ་ནས་བཤད་པ་ཡིན།“余秋雨”ལགས་ཀྱིས་བྲིས་པའི་ལྷུག་རྩོམ[༢༩]«我在等你»ཟེར་བ་ཞིག་ཡོད་པ་རེད།

  ①余秋雨《我在等你》散文1

  我藏不住秘密,也藏不住忧伤,正如我藏不住爱你的喜悦,藏不住分离时的彷徨。我就是这样坦然,你舍得伤,就伤。

  如果有一天,你要离开我,我不会留你,我知道你有你的理由;如果有一天,你说还爱我,我会告诉你,其实我一直在等你;如果有一天,我们擦肩而过,我会停住脚步,凝视你远去的背影,告诉自己那个人我曾经爱过。或许人一生可以爱很多次,然而总有一个人可以让我们笑得最灿烂,哭得最透彻,想得最深切。

  炊烟起了,我在门口等你。夕阳下了,我在山边等你。叶子黄了,我在树下等你。月儿弯了,我在十五等你。细雨来了,我在伞下等你。流水冻了,我在河畔等你。生命累了,我在天堂等你。我们老了,我在来生等你。能厮守到老的,不只是爱情,还有责任和习惯。

  每个人都有一个死角,自己走不出来,别人也闯不进去。我把最深沉的秘密放在那里。你不懂我,我不怪你。每个人都有一道伤口,或深或浅....我把最殷红的鲜血涂在那里。你不懂我,我不怪你。每个人都有一行眼泪,喝下的冰冷的水,酝酿成的热泪。我把最心酸的委屈汇在那里。你不懂我,我不怪你。

  假如你想要一件东西,就放它走。它若能回来找你,就永远属于你;它若不回来,那根本就不是你的。如果真的有一天,某个回不来的人消失了,某个离不开的人离开了,也没关系。时间会把最正确的人带到你的身边,在此之前,你所要做的,是好好的照顾自己。

  无论生活得多么艰难,最后你总会找到一个让你心甘情愿傻傻相伴的人。

  你可以沉默不语,不管我的着急;你可以不回信息,不顾我的焦虑;你可以将我的关心,说成让你烦躁的原因;你可以把我的思念,丢在角落不屑一顾。你可以对着其他人微笑,你可以给别人拥抱,你可以对全世界好,却忘了我一直的伤心。------你不过是仗着我喜欢你,而那,却是唯一让我变得卑微的原因。

  如果,在身边的最后真的不是你。如果经历了那么多坎坷辗转后,最终还是要分开。如果故事到最后,是我们的身边都有了别的人。如果回忆,诺言和曾经相爱的决心都在现实面前变得渺小,不堪一击。不管以后如何,不管结局如何。现在的我还是愿意执着的去爱。

  我们一起等我们的最后,最后的'最后。

  ②余秋雨《我在等你》散文2

  来生,我依旧等你

  我藏不住秘密,也藏不住忧伤,

  正如我藏不住爱你的喜悦,

  藏不住分离时的彷徨。我就是这样坦然,你舍得伤,就伤。

  炊烟起了,我在门口等你。

  夕阳下了,我在山边等你。

  叶子黄了,我在树下等你。

  月儿弯了,我在十五等你。

  细雨来了,我在伞下等你。

  流水冻了,我在河畔等你。

  生命累了,我在天堂等你。

  我们老了,我在来生等你。

  能厮守到老的,不只是爱情,还有责任和习惯。

  永远也不要记恨一个男人,毕竟当初,他曾爱过你,疼过你,给过你幸福。永远不要说这个世界上再也没有好男人了,或许明天,你就会遇到爱你的那个男人,在你眼里,他再坏也是好。

  每个人都有一个死角,自己走不出来,别人也闯不进去。我把最深沉的秘密放在那里。

  你不懂我,我不怪你。

  每个人都有一道伤口,或深或浅。我把最殷红的鲜血涂在那里。

  你不懂我,我不怪你。

  每个人都有一行眼泪,喝下的冰冷的水,酝酿成的热泪。我把最心酸的委屈汇在那里。

  你不懂我,我不怪你。

  你可以沉默不语,不管我的着急;

  你可以不回信息,不顾我的焦虑;

  你可以将我的关心,说成让你烦躁的原因;

  你可以把我的思念,丢在角落不屑一顾;

  你可以对着其他人微笑,你可以给别人拥抱,你可以对全世界好,却忘了我一直的伤心。

  你不过是仗着我喜欢你,而那,却是唯一让我变得卑微的原因。

  有些事,明知是错的,也要去坚持,因为不甘心;有些人,明知是爱的,也要去放弃,因为没结局;有时候,明知没路了,却还在前行,因为习惯了。

  ད་དུང“刘亮程”ལགས་ཀྱིས་བྲིས་པའི[༣༠]«狗这一辈子»ཟེར་བ་དང“刘亮程”ལགས་ཀྱི་ལྷུག་དེབ[༣༡]«一个人的村庄»ཟེར་བའི་ནང་དུ་མང་པོ་ཡོད་པ་རེད།འདི་དག་ནི་སྒྱུ་རྩལ་རྩོམ་རིག་གི་སྤྱི་ཡོངས་ཀྱི་ཆ་ནས་སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་གྱི་གྲས་སུ་འགྲོ་བ་སེམས་སོ།། བོད་མཐོ་སྒང་ནས་བོད་ཀྱི་རྩོམ་པ་པོའི་སྡེ་ལས་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་ལོན་པ་ནི་མང་པོ་ཡོད།སྒྱུ་རྩལ་རྩོམ་རིག་གི་ལྷུག་རྩོམ་གྱི་ངོ་བོའམ་རང་བཞིན་ནི་སྒྱུ་རྩལ་དང་འབྲལ་ཐབས་མེད་པ་ཞིག་རེད།སྙན་ངག་པའམ་ལྷུག་རྩོམ་མཁན་སུ་ཞིག་ཡིན་ན་ཡང་རང་རང་ལ་ཐུན་མོང་མ་ཡིན་པའི་སྙན་ངག་དང་སྒྱུ་རྩལ་མཚོན་ཐབས་ཤིག་ཡོད་པ་རེད།བོད་ཀྱི་ལྷུག་རྩོམ་རྩོམ་པ་པོའི་གྲས་ཀྱི“ས་དཀྱིལ་ཚེ་བཀྲ”ས་བརྩམས་པའི[༣༢]«ས་སྲོད་ཀྱི་ཞིང་གྲོང»ཟེར་བ་ལྟ་བུ་དང་།ད་དུང་ཁོང་གི་ལྷུག་རྩོམ[༣༣]«ཕྱི་མིག་ཨང་ཉེར་ལྔ་བ»ལྟ་བུ་དང་།“དོ་སྨྱོན་ཚེ་རིང་བཀྲ་ཤིས”ཀྱིས་བརྩམས་པའི[༣༤]«ས་སྲོད་ཀྱི་མཚམས་སྤྲིན»ལྟ་བུ་དང་།“ཅོ་ནེ་ཡུམ་ཚེ་རིང”ལགས་ཀྱིས་བྲིས་པའི[༣༥]«ཁྱི་ཕྲུག་མ་རེད་སྟག་ཕྲུག་རེད»ཅེས་པ་ལྟ་བུ་དང་།“གཉན”གྱིས་བརྩམས་པའི[༣༦]«ཡིད་སེམས་དབང་མེད་གཡོ་བའི་རིག་གནས་ཤིག»ཅེས་པ་ལྟ་བུ།ད་དུང་བུད་མེད་རྩོམ་པ་པོ“དཔལ་མོ་རྒྱལ”ལགས་ཀྱིས་བྲིས་པའི་ལྷུག་རྩོམ[༣༧]«བལ་དཀར་པོ་སྲུང་གི་མདུད་པ་ཅན»ལྟ་བུ།རྒན“ལྷ་བྱམས་རྒྱལ”གྱིས་བརྩམས་པའི[༣༨]«སྒེའུ་ཁུང»ལྟ་བུ།བུད་མེད་རྩོམ་པ་པོ་འཆི་མེད་ཀྱིས་བརྩམས་པའི[༣༩]«ཕལ་བའི་མི»ལྟ་བུའོ།། “ས་དཀྱིལ་ཚེ་བཀྲ”འི་ལྷུག་རྩོམ«ས་སྲོད་ཀྱི་ཞིང་གྲོང»ནང་དུ“ས་སྲོད་འདིར།ཞིང་གྲོང་གི་ས་སྲོད་འདིར།ནམ་མཁའ་སྔོན་པོའི་མཐའ་ཡི་ཉི་ནུབ་ཀྱི་མཚམས་སྤྲིན་དམར་པོ་སུ་ཞིག་གི་ངོ་གདོང་དང་མཚུངས་པར་དམར་ལམ་ལམ་བྱེད་ཅིང་།རི་སྒང་གི་དར་ལྕོག་ཧྲལ་ཧྲུལ་བསིལ་བསིལ་རླུང་བུས་འགུལ་ཙམ་འགུལ་ཙམ་གྱིས་གཡོ་བར་བྱེད”ཅེས་པའི་ཚིག་དུམ་འདི་ལས་ལྷུག་རྩོམ་གཞན་དག་དང་མི་འདྲ་བའི་སྒྱུ་རྩལ་མཚོན་ཐབས་གཞན་ཞིག་རྙེད་ཀི་རེད་དོ།།

  ②གཉིས་པ་ལ་གཉིས། སྤྱི་བསྟན་པ་དང་བྱེད་བྲག་ཕྱིར་ཀློག་བྱེད་པ་གཉིས།

  དང་པོ་ནི།འཚོ་བའི་ནང་གི་ཚོར་ཤེས་དང་བསམ་བློ་ཀུན་དག་ཤེས་རབ་དང་ཐ་སྙད་ཀྱིས་གཟུགས་རྒྱན་དང་ཡིད་བརྙན་གྱི་རྣམ་པས་བརྗོད་ཅིང་།ཀློག་པ་པོས་ཀློག་པའི་སྐབས་སུ་ཡང་རླབས་ཀྱིས་འཕྱོ་བའི་ཚོར་འདུ་གྲགས་པོ་ཤུགས་ཆེར་སྐྱེས་སུ་འཇུག་ཐུབ་པ་དེ་ནི་སྒྱུ་རྩལ་རྩོམ་རིག་གི་འཇུག་གཞི་རེད།ནང་སེམས་ཀྱི་ཞིང་ཁམས་སུ་མཐོང་རེག་མི་མངའ་བར་སྐྱེས་པའི་འདུ་ཤེས་རྣམ་ཀུན་རང་རང་གི་སྨྱུག་རྩེར་སྡོང་བོའི་ལོ་མའི་ཚུལ་དུ་སྐྱེས་པའི་ཐ་སྙད་ཀྱི་ཡིག་འབྲུ་དག་གིས་ལྷུག་པོར་འབོལ་ཞིང་མི་འབོལ་བར་ཡིད་བརྙན་གྱིས་བརྗོད་ཅིང་ཀློག་པ་པོའི་ལག་ཏུ་དམར་རྗེན་དུ་བཞག་པའམ་སྦས་བརྗོད་དུ་བཞག་ཐུབ་པ་དེ་ནི་སྒྱུ་རྩལ་རྩོམ་རིག་གི་འཇུག་གཞི་གཞན་ཞིག་རེད།མ་གཞི་སྒྱུ་རྩལ་ཞེས་པ་ནི་རྨད་དུ་བྱུང་བའམ་ཁྱད་པར་ཐོན་པ་ཞིག་ལ་གོ་བ་དང་།ཕྱིའི་བཟོ་བཀོད་ཀྱི་རྣམ་པ་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བ་མཚོན་པར་བྱེད་པའི་སྤྱི་ཚོགས་ཀྱི་འདུ་ཤེས་ཀྱི་རྣམ་པ་ཞིག་སྟེ་རྩོམ་རིགས་དང་རི་མོ་དང་བཟོ་བསྐྲུན་དང་རོལ་མོ་སོགས་ལ་གོ་བ་ཡང་ཡོད།གོང་ཞུས་བཞིན“ཕྱིའི་བཟོ་བཀོད་ཀྱི་རྣམ་པ་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བ་མཚོན་པར་བྱེད་པའི་སྤྱི་ཚོགས་ཀྱི་འདུ་ཤེས”ཞེས་བརྗོད་ཡོང་བའི་སྐབས་སུ་རྩོམ་རིག་ནི་སྒྱུ་རྩལ་མཚོན་བྱེད་ཀྱི་ཆེས་བླ་ན་མེད་པའི་ལག་ཆ་ཞིག་ཏུ་འདོད་ཆོག་པ་ཡིན།གོ་ཐོས་སུ“རི་མོ”དང“རོལ་མོ”སོགས་ཀྱིས་ཀྱང་སྒྱུ་རྩལ་ཁྱད་པར་མཚོན་ཐུབ་པ་བཤད་ཅིང་དེ་ལས“རི་མོ”ཡིས་ནང་སེམས་ཀྱི་ཚོར་འདུ་ཡང་རེ་རེ་བཞིན་བརྗོད་ཐུབ་པའི་སྐོར་གྱི་སྐད་རེ་ཐོས་པ་ཡོད་ཀྱང་ཁོ་བོས་ནི་ངེས་པ་མ་བྱུང་ངོ་།། ངས་རྩོམ་རིག་ནི་སྒྱུ་རྩལ་མཚོན་བྱེད་ཀྱི་ཆེས་བླ་ན་མེད་པའི་ལག་ཆ་ཞིག་རེད་ཅེས་བརྗོད་དོན།སྒྱུ་རྩལ་ཞེས་པ་ནི་གོང་ཞུས་བཞིན“ཕྱིའི་བཟོ་བཀོད་ཀྱི་རྣམ་པ་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བ་མཚོན་པར་བྱེད་པའི་སྤྱི་ཚོགས་ཀྱི་འདུ་ཤེས་ཀྱི་རྣམ་པ་ཞིག”ལ་གོ་བ་ལེན་གྱིན་ཡོད་པས་ཡིན།ཅི་ཞིག་ལ“ཕྱིའི་བཟོ་བཀོད་ཀྱི་རྣམ་པ་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བ་མཚོན་པ་བྱེད་པ”ཟེར་རམ།ཕྱིའི་བཟོ་བཀོད་ལ་བརྟེན་ནས་དངོས་ཡོད་ཀྱི་འཚོ་བ་མཚོན་པ་བྱེད་ཅེས་པ་ནི“ཕྱིའི་བཟོ་བཀོད་ཀྱི་བརྩམས་ཆོས་སུ་འཚོ་བ་དངོས་ཀྱི་གནས་སྟངས་དང་གནས་བབས་དང་འཚོ་སྟངས་དང་གྲུབ་ཆ་སོགས་མཚོན་པ་བྱེད་པའམ་བརྗོད་པར་ཐུབ་པ”ཞིག་ལ་ཟེར་བ་སྙམ།དེ་ལྟར་གོ་བ་བླངས་ཡོང་དུས་སྒྲུང་དང་སྙན་ངག་དང་འབོལ་རྩོམ་སོགས་ནི་ཆེས་བླ་ན་མེད་པའི་སྒྱུ་རྩལ་མཚོན་བྱེད་ཀྱི་ལག་ཆ་འབའ་ཞིག་ཏུ་འདོད་ཆོག་པ་རེད།དེ་ལས་ཀྱང་འབོལ་རྩོམ་དང་བརྩམས་སྒྲུང་ནི་ཐུན་མིན་གྱི་སྒྱུ་རྩལ་མཚོན་བྱེད་དམ་སྒྱུ་རྩལ་མཚོན་ལུགས་ཀྱི་ལག་ཆ་གཅིག་ཏུ་འདོད་ཆོགདཔེ་ན“བསྟན་པ་ཡར་རྒྱས”ཀྱིས་བརྩམས་པའི་སྒྲུང་རིང[༤༠]«ཁ་སང་གི་འཚོ་བ»ལྟ་བུ།“སྒོ་མེ་ཚེ་རིང་བཀྲ་ཤིས”ཀྱིས་བརྩམས་པའི་སྒྲུང་རིང[༤༡]«མར་ངོའི་ཟླ་བ»ལྟ་བུ།“མཁའ་མོ་རྒྱལ”གྱིས་བརྩམས་པའི་སྒྲུང་རིང[༤༢]«ཕྱུར་བ»ལྟ་བུ།རྒན“ལྷ་བྱམས་རྒྱལ”ལགས་ཀྱིས་བརྩམས་པའི[༤༣]«གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»ལྟ་བུ་དང་།ད་དུང་ཁོང་གི་བརྩམས་སྒྲུང་རིང་མོ[༤༤]«བོད་ཀྱི་གཅེས་ཕྲུག»ལྟ་བུ་སོགས་ནི་བོད་ནང་ཁུལ་གྱི་སྒྱུ་རྩལ་རྩོམ་རིག་གི་མཚན་སྙན་བཞེས་པའི་བརྩམས་ཆོས་ཁག་གཅིག་ཡིན་པ་ནི་བརྗོད་པ་མི་དགོས་སོ།། སྒྱུ་རྩལ་རྩོམ་རིག་ཅིག་འབྲི་བ་ལ་མ་མཐའ་ཡང་ཀུན་སྤྱོད་ཡག་པོ་ཞིག་དགོས་པ་ཡིན།“白居易”ལགས་ཀྱི་གདམས་ཚིག་ཅིག་ལ“言者志之苗,行者文之根。”ཞེས་གསུངས་པ་ལྟར།སྤྱོད་པ་ནི་རྩོམ་པའི་གཞི་མ་ཡིན་པས་སྤྱོད་པ་ནི་སྒྱུ་རྩལ་རྩོམ་རིག་ཅིག་འབྲི་བ་ལ་ཆེས་མེད་ན་མི་རུང་བ་ཡིན་པའང་གོང་གི་གདམས་ཚིག་དེས་བདེན་དཔང་བྱས་ཡོད་པ་ཡིན།

  གཉིས་པ་ནི་གོང་གི་ས་བཅས་དང་པོའི་གཉིས་པའི་དང་པོ་དང་གཉིས་པར་གཟིགས་པར་འཚལ།དེ་ལས་གཞན་སྒྱུ་རྩལ་རྩོམ་རིག་གི་འཇུག་གཞི་ཞིག་ནི་མི་རྙེད་པ་འདུག་གོ།

  ③གསུམ་པ་ལ་གཉིས། གདོད་མའི་སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་དང་།ད་ལྟའི་སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གྱི་གནས་བབས།

  གདོད་མའི་དུས་སྐབས་སུ་བརྩམས་སྒྲུང་གི་བརྩམས་ཆོས་དང་ཡིད་འགྱུར་ལྷུག་རྩོམ་གྱི་རྩོམ་རིགས་ནི་ཧ་ཅང་ཉུང་བ་འདྲ།ད་ལྟར་གདོད་མའི་བརྩམས་ཆོས་སོགས་ལ་ཕྱི་བལྟས་རེ་བགྱི་དུས་བརྩམས་སྒྲུང་གི་རིགས་དང་ཡིད་འགྱུར་ལྷུག་རྩོམ་སྐབས་འདིར་གླེང་བར་བྱེད་པའི་རྩོམ་པ་པོའི་ཉམས་སྣང་འབྲི་བ།བརྩེ་དུངས་སྟོན་པ།བརྗོད་བྱའི་ཐད་བཀག་རྒྱ་མེད་པར་ལྷུག་མར་འབྲི་བའི་བརྩམས་ཆོས་གྲས་ཡིན་པས་གདོད་མའི་དུས་སུ་འདིའི་རིགས་ནི་ཕལ་ཆེར་མེད་པར་སྙམ་མོ།། གདོད་མའི་སྐབས་སུ་ལྷུག་རྩོམ་གྱི་ཆ་བསྟན་བཅོས་དང་བཀའ་ཡིག་དང་ད་ལྟ་ཏུན་ཧོང་ཡི་གེ་རུ་བརྗོད་ཀྱིན་པ་དེ་ལྟ་བུ་ཤིན་ཏུ་མང་ཡང་སྐབས་འདིར་གླེང་བར་བྱེད་པ་ནི་མེད།འགའ་རེ་ཡོད་པ་ནི་གླིང་སྒྲུང་དང་དྲི་མེད་ཀུན་ལྡན་ལྟ་བུའོ།། སྒྱུ་རྩལ་སྣོན་ཏེ་ལྷུག་རྩོམ་གྱི་གྲས་རེ་ངོས་འཛིན་བྱེད་རྒྱུའི་རིགས་ནི་ཡང་ཧ་ཅང་མང་པོ་ཡོད་དེ།སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བོན་དང་།དེའི་རྗེས་འཛིན་གྱི་བོན་གཤེན་དང་གྲུབ་ཐོབ་མཁན་རྣམས་ཀྱིས་གསུངས་པའི་ཡིག་ཆའི་རིགས་དག་ལ་ནི་སྒྱུ་རྩལ་གྱི་ཆ་ཤས་མང་པོ་ཡོད་ཅིང་རྩོམ་ལུགས་ཀྱི་ཐད་ལའང་ཐུན་མིན་ཁྱད་ཆོས་མང་པོ་ཡོད།དཔེ་ན་སྒ་རིགས་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས་གསུངས་པའི་ཐེག་པའི་རྣམ་བཞག་དང་མཛོད་ཀྱི་རྣམ་བཤད་སོགས་ལ་ནི་རྩོམ་ལུགས་ཀྱི་ཆ་ལ་གཞན་གཞུང་པོད་གྱི་དང་རྩོམ་སྟངས་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ལྡན་པ་ལྟ་བུའོ།། ད་དུང་འགྲོ་མགོན་ཐམས་ཅད་མཁྱེན་པ་བློ་གྲོས་རྒྱལ་མཚན་གྱིས་གསུངས་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ལྟ་བུའོ།། ད་ལྟ«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས»ཟེར་བའི་དཔེ་ཆ་མཐོང་རྒྱུ་ཡོད་ཀྱང་དེ་དག་ནི་འདིར་གླེང་བ་དགོས་པའི་སྒྲུང་གི་རྣམ་བཞག་དང་གཏན་ནས་མི་འདྲའོ།། དེ་དག་ནི་དངོས་བྱུང་འཚོ་བ་དང་བསྲེས་ཏེ་བྲིས་པ་ཡིན་པས་ད་ལྟའི་བརྩམས་སྒྲུང་དང་གཏན་ནས་འདྲ་བ་མིན་ནོ།།

  གཉིས་པ་ནི།དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་ཅུ་ནས་བཟུང་བོད་ཀྱི་ལྷུག་རྩོམ་གྱི་ཁྱབ་རྒྱ་ཅུང་ཟད་ཆེ་ཡོད་ཅེས་བརྗོད་ཆོག་པ་ཡིན།དུས་དེ་བཟུང་བོད་ཀྱི་གཞོན་ནུའི་གྲས་སུ་ལྷུག་རྩོམ་འབྲི་མཁན་དང་སྙན་ངག་འབྲི་མཁན་རྡོ་འོག་གི་གྲོག་མ་བཞིན་མོད་པོ་གྱུར་ཏེ་གྲུབ་འབྲས་ཀྱང་མི་སྡུག་པ་ལོན་ཡོད།གཞོན་ནུ་དེ་དག་གི་གྲས་སུ་བོད་ཁུལ་ནས་རྩོམ་པ་པོ་ཞེས་འདོགས་ཆོག་པའི་རྩོམ་པ་པོ་མང་པོ་འཚར་སྐྱེས་བྱུང་བ་མ་ཟད།ཁོང་ཚོའི་བརྩམས་ཆོས་ལའང་མི་དམན་པའི་གདེང་འཇོག་ཐོབ་ཡོད།འོན་ཀྱང་རྗེས་ཀྱི་དུས་རབས་ཉེ་གཅིག་པའི་ནང་དུ་གཞོན་སྐྱེས་མང་པོས་སྙན་ངག་དང་བོད་ཡིག་ལ་ཁ་གཡོར་བཞིན་ཡིག་ནོར་ཤོར་རུ་སྣང་དོགས་ཅི་ཡང་མི་བྱེད་པར་སྙན་གྲགས་དང་མཚན་སྙན་གྱི་ཆེད་དུ་བོད་ཀྱི་ཡི་གེ་དང་བརྡ་དག་ལ་རྒྱལ་འགལ་ཆེན་པོ་བྱེད་ཀྱིན་ཡོད།ད་དུང་ཚིག་སྐྱོན་དང་དོན་སྐྱོན་ཤོར་བའི་རྩོམ་ཡིག་ཐར་ཐོར་རེ་ལ་སྙན་ངག་གི་མིང་གཡར་དེ་སྙན་ངག་ཅེས་འདོགས་ཀྱིན་འདུག་པ་ནི་བོད་ཀྱི་སྙན་ངག་དང་བརྡ་སྤྲོད་ལ་རྨས་སྐྱོན་ཆེན་པོ་ཐེབས་ཡོད།འདིའི་རིགས་ནི་བོད་ཀྱི་ཞབས་འདྲེན་དང་བརྡ་དག་གི་གདུལ་བྱའི་རིགས་སུ་སྡུད་ཆོག་པར་སེམས་སོ།།

  ཕྱོགས་གཅིག་ནས་བལྟས་ན་ད་ལྟ་བོད་ཀྱི་སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གྱི་གནས་བབས་ནི་ཧ་ཅང་ཚད་ཇེ་མཐོར་ཕྱིན་གྱིན་ཡོད།ད་ལྟ་དགོན་སྡེའི་སློབ་གཉེར་པའི་གྲས་སུ་སྙན་ངག་དང་སྒྱུ་རྩལ་རྩོམ་རིགས་ཀྱི་ཁུངས་སུ་སྡུད་ཆོག་པའི་བརྩམས་ཆོས་ཇེ་མང་དང་ཇེ་མང་དུ་ཕྱིན་བཞིན་ཡོད།བོད་ཀྱི་དུས་དེབ«གངས་མེ»དང«སྦྲང་ཆར»སོགས་ཀྱི་ནང་དུ་དགོན་སྡེའི་གྲྭ་གཞོན་ཚོའི་སྙན་ངག་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདིས་དགོན་སྡེའི་སློབ་གླིང་དུའང་བོད་ཀྱི་རྩོམ་པ་པོ་མང་པོ་འཚར་གྱིན་པའི་བདེན་དཔང་བྱས་ཆོད།སྙན་ངག་པ་དང་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས“ཁོང་ཚོར་སུན་ཡང་སུན་ལ་དགའ་ཡང་དགའ”ཞེས་གྲྭ་བ་ཚོར་སྐད་ཆ་འདི་འདྲ་ཞིག་བཤད་ཀྱིན་འདུག་ཀྱང་།ཚད་མ་རིག་པའི་རིག་པ་གཡར་ཏེ་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་མིན་ན་འདི་ནི་རིགས་ཤིག་ལས་“ཁོང་ཚོ”ཞེས་པའི་སྤྱི་མིང་དེ་ནི་མི་འཇུག་པ་འདུག་གོ། གྲྭ་གཞོན་སྙན་ངག་པ“ཐོ་ཡོར”དང་ལོ་འདི་ཚོར་གསར་སྐྱེས་གྲྭ་གཞོན་སྙན་ངག་པ“གཞི་ཚང་ཟླ་བཟང་གྲགས་པ”ལྟ་བུའི་རིགས་ཀྱི་གྲྭ་གཞོན་སྙན་ངག་པ་ཇེ་མང་དུ་ཕྱིན་བཞིན་འདུག་པ་འདིས་བོད་ཀྱི་སྙན་ངག་དང་སྒྱུ་རྩལ་རྩོམ་རིག་གི་གདན་ཁྲི་ཇེ་མཐོར་གཏོང་བཞིན་ཡོད་ཅེས་བཤད་ཆོགསྔར་དང་མི་འདྲ་བ་ད་ལྟ་བོད་ཀྱི་རྩོམ་པ་པོའི་གྲས་སུ་ལྷུག་རྩོམ་ལ་འཇུག་མཁན་ཡང་ཇེ་མང་དུ་ཕྱིན།སྙན་ངག་པ་སྐོར་ཞིག་ཀྱང་ལྷུག་རྩོམ་རྩོམ་པ་པོའི་གདན་དུ་ཞུགས་ཏེ་བོད་ཀྱི་ལྷུག་རྩོམ་གྱི་གནས་ཚད་ཇེ་མཐོ་རུ་གཏོང་བཞིན་ཡོད།༢༠༢༠ལོར་སྨིན་དྲུག•བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས་ཟེར་བའི་རིགས་ཀྱི་ལྷུག་རྩོམ་སྐོར་གྱི་དེབ་དང་དཔེ་ཚོགས་ཇེ་མང་དུ་ཕྱིན་གྱིན་པ་འདིས་བོད་ཀྱི་ལྷུག་རྩོམ་གྱི་ཚད་ཀྱང་ཇེ་མཐོར་ཕྱིན་ཡོད་པའི་བདེན་དཔང་བྱས་ཡོད་པ་འདོད་པས་ད་ལྟ་སྔར་དང་མི་འདྲ་བའི་བོད་ཀྱི་ལྷུག་རྩོམ་གྱི་ཚད་ཇེ་མཐོ་རུ་ཕྱིན་ཡོད་པ་གདོན་མི་ཟ།འོན་ཀྱང་སྤྱི་ཡོངས་ནས་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་སྡུད་ཆོག་པའི་ལྷུག་རྩོམ་གྱི་ཆ་ནི་ཡང་ཧ་ཅང་ཉུང་བ་ཡིན།སྨིན་དྲུག•བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས་ཞེས་པས་ལྷུག་རྩོམ་གྱི་དེབ་དྲུག་དཔར་ཡོད་པ་དེའི་ནང་དུ་ཡང་ཧ་ཅང་སྒྱུ་རྩལ་མཚོན་ཐབས་ཀྱིས་ཕྱུག་པའི་ལྷུག་རྩོམ་གྱི་རིགས་ནི་ཅུང་ཟད་མཐོང་དཀོན་པའི་ཚད་དུ་ཟད།ཕྱི་གླིང་གི་ལྷུག་རྩོམ་གྱི་རིགས་དང་བསྡུར་ན་ང་ཚོ་བོད་ཀྱི་ལྷུག་རྩོམ་གྱི་ཆུ་ཚད་ནི་ད་དུང་ཅུང་ཟད་ཞན་པ་འདུགཕྱི་གླིང་གི་ལྷུག་རྩོམ་ནི«和平精英»ནང་གི«无敌战神»ལྟ་བུ་ཞིག་ཏུ་མཚོན་ན།འུ་ཅག་བོད་ཀྱི་ལྷུག་རྩོམ་ནི«坚韧铂金»ལྟ་བུ་ཞིག་ཏུ་འདོད་དོ།། འོན་ཀྱང་བོད་ཁུལ་ནས་གོང་ཞུས་བཞིན་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་འདུས་པའི་ལྷུག་རྩོམ་དང་སྙན་ངག་གི་ཆ་ནི་མི་ཉུང་བས་ང་ཚོ་ཕྱོགས་གཅིག་ནས་དགའ་ཞིང་ཕྱོགས་གཅིག་ནས་ཤུགས་རྒྱག་དགོས་པའི་ཚད་དུ་ཐོན་ཡོད་དོ།།

                                              ༢༠༢༡༡༡༢༤

  * 张芸:你能想象的美的一切,都在这首情诗里。《她走在美的光彩中》是诗人在一次舞会中遇见美丽优雅的新寡妇霍顿夫人之后写下的,在这首诗里没有为革命的呐喊,没有东方稀奇古怪的故事,有的只是一位温婉动人的美丽女子。然而作者却用精彩的语言极力赞美了这位女子,留下了这首脍炙人口的诗篇。

  这首诗不仅很有画面美,细细读来,还有几分盛唐诗人王维诗中有画的韵味。他巧妙地借助光与影,不断参照明与暗的自然美,在动与静的对立和谐中来描述女子外表美和内在美的统一,生动细腻地刻画出一幅光线柔和、层次丰富的立体人物肖像画。

  语言是思维的载体,诗歌标题中的走一词,生动、凝练地暗示了女子动中有静,静中有动的和谐美,这让人不由地想起摇曳生姿一词。她走在美的光彩中,像夜晚皎洁无云而且繁星漫天/明与暗的最美妙的色泽/在她的仪容和秋波里呈现”从远到近,轻轻读来,仿佛迎面走来了一位美丽的女子,伴着柔和的光亮,女子巧笑倩兮,款款而来。

  在第二节,诗歌又利用了全景镜头和远景镜头,把女子笼罩在光与影中的朦胧美展示给读者:“增加或减少一份明与暗/就会损害这难言的美”。诗中的“她”是接近于天然的,是自然的宠儿,光亮不明不暗,恰到好处。“在那脸庞,恬静的思绪/指明它的来处纯洁而珍贵”又从前面两句的外在美的描绘转为对女子神思的描写,显示出了女子恬静、善良、纯洁的美。

  在第三节,诗歌再次把镜头聚焦于女子的脸庞、美目和神情:“啊,那额际,那鲜艳的面颊/如此温和,平静,而又脉脉含情。”女子的美荡漾在面颊上与眉宇间,柔和、安详却胜似万语千言。“那迷人的微笑,那容颜的光彩都在说明一个善良的生命”。

  最后两句诗人笔锋一转,由渲染外表美而转向颂扬心灵美,由表及里,深化了主题:“她的头脑安于世间的一切,/她的心充溢着真纯的爱情”。一位秀外慧中的女子形象赫然展现在读者面前。

  ——ཟུར་གྱི་གདན་ཞུས་བརྩམས་ཆོས།

  [༡] «སྦྲང་ཆར»རྩོམ་སྒྲིག་གིས་བསྒྲིགས་པའི་«སྙན་ངག་གི་རྣམ་བཤད»རྩོམ་པ་པོ་འཇུ་སྐལ་བཟང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།༢༠༡༦ལོའི་ཟླ7པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༣ནང་གསལ།

  [༢] «སྦྲང་ཆར»རྩོམ་སྒྲིག་གིས་བསྒྲིགས་པའི་«སྙན་ངག་གི་རྣམ་བཤད»རྩོམ་པ་པོ་འཇུ་སྐལ་བཟང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།༢༠༡༦ལོའི་ཟླ7པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༣ནང་གསལ།

  [༣] «སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས་པའི“དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང(ཁག་ལྔ་པ)”«ཟླ་བའི་གཙང་བོ»རྩོམ་པ་པོ་ཁུ་བྱུག་སྔོན་མོ།མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་དཔར།༢༠༡༣ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༣༡ནང་གསལ།

  [༤] «བར་སྐོར་ཆང་ཁང»རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ།སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བཀྲམ།༢༠༡༨ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༤༩པར་གསལ།

  [༥] «她走在美里的光彩中» (拜伦)པེ་རོན(དབྱིན་ཇིའི་སྙན་ངག་པ)གྱི་སྙན་ངག“本赛雍仲”པོད་འཕྲིན(微博)དུ་ཕྲན་དཔྱད་དང་བཅས་པ་གསལ།

  [༦] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་དང་པོ།སྙན་ངག་ཕྱོགས་བསྒྲིགས»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༢༠༠པར་གསལ།

  [༧] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་དང་པོ།སྙན་ངག་ཕྱོགས་བསྒྲིགས»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༢༠༣པར་གསལ།

  [༨] «我的孤独,你的文学»作者·拉先加、出版发行·中国藏学出版社、2018年4月第一版第一次印刷、页面·031

  [༩] «མར་མེ་ཚེ་འབར»རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ།༢༠༡༦ལོའི་སྦྲང་ཆར་དེབ་གསུམ་པ་དང་བཞི་བ་དང༢༠༡༧ལོའི་དེབ་དང་པོར་གསལ།

  [༡༠] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «སད་ཀྱིས་བཅོམ་པའི་མེ་ཏོག»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༢༡༨པར་གསལ།

  [༡༡] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «ཚུལ་ཁྲིམས་རྒྱ་མཚོ»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༧༨པར་གསལ།

  [༡༢] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «ཤ་དང་རུས་པའི་བྲཙེ་དུངས»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༥༦པར་གསལ།

  [༡༣] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «བརྩེ་དུངས་ཀྱི་རྦ་རླབས»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༨པར་གསལ།

  [༡༤] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «བཙན་པོའི་བང་སོ་མྱུལ་བའི་གཏམ་རྒྱུད»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༣༥༢པར་གསལ།

  [༡༥] «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།པོད་གཉིས་པོ།བརྩམས་ཕྱོགས་བསྒྲིགས» «སྤྲུལ་སྐུ»རྩོམ་པ་པོ་དོན་གྲུབ་རྒྱལ།མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།༡༩༩༧ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༡༩པར་གསལ།

  [༡༦] «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས།«དཔའ་བོའི་མེ་ཏོག»རྩོམ་པ་པོ་ཚེ་དབང་ཚུལ་བློ།མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།༢༠༡༦ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༣༡༡པར་གསལ།

  [༡༧] «གངས་སྐོར»རྩོམ་པ་པོ་དབྱངས་ཅན་ལྡིང་ཁང་།སྐད་འཕྲིན་འཕྲིན་སྟེགས(微信公众号)<央金当康>དུ༢༠༢༠ལོའི་ཟླ༣ཚེས༡༣་པར་གསལ།

  [༡༨] «我的孤独,你的文学»作者·拉先加、出版发行·中国藏学出版社、2018年4月第一版第一次印刷、页面·001

  [༡༩] «我的孤独,你的文学»作者·拉先加、出版发行·中国藏学出版社、2018年4月第一版第一次印刷、页面·023

  [༢༠] «我的孤独,你的文学»作者·拉先加、出版发行·中国藏学出版社、2018年4月第一版第一次印刷、页面·039

  [༢༡] «སྨིན་དྲུག་ཁྲ་མོ་སིམ་སིམ་སིམ»རྩོམ་པ་པོ་དབྱངས་ཅན་ལྡིང་ཁང་།སྐད་འཕྲིན་འཕྲིན་སྟེགས(微信公众号)<央金当康>དུ༢༠༢༠ལོའི་ཟླ༤ཚེས༡པར་གསལ།

  [༢༢] «བདེ་སྐྱིད་ལས་ཀྱི་དཔལ་མོ»རྩོམ་པ་པོ་དབྱངས་ཅན་ལྡིང་ཁང་།སྐད་འཕྲིན་འཕྲིན་སྟེགས(微信公众号)<央金当康>དུ༢༠༢༡ལོའི་ཟླ༨ཚེས༡༦པར་ཁག་དང་པོ་གསལ།༢༠༢༡ལོའི་ཟླ༨ཚེས༢༣པར་ཁག་གཉིས་པ་གསལ།

  [༢༣] «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས།«ང་ནི་རྩྭ་ཕྲན་འདི་ལ་དགའ»རྩོམ་པ་པོ་འབུམ་སྐྱབས།མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།༢༠༡༦ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡༡༠པར་གསལ།

  [༢༤] «པོ་ཏ་ལ»རྩོམ་པ་པོ་མ་ངར་ར་གདུགས།༢༠༡༧ལོའི་གངས་རྒྱན་མེ་ཏོག་དེབ༢པ།ཤོག་ངོས༧༡པར་གསལ།

  [༢༥] «འབྲོག་ཁྱི་ཞིག་གི་གཏམ་རྒྱུད»རྩོམ་པ་པོ་ཁྱུང་བཟང་།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།ཤོག་ངོས༡པོར་གསལ།

  [༢༦] «འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས»རྩོམ་པ་པོ་འཇུ་སྐལ་བཟང་།(གཡུ་དྲུག་དཀར་དཔེ་ཚོགས།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།༢༠༡༦ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༤༢པར་གསལ།

  [༢༧] «ཆར་བའི་རོལ་དབྱངས»རྩོམ་པ་པོ་ཁུ་བྱུག་སྔོན་མོ།(སྨིན་དྲུག•བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས།)མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།༢༠༢༠ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༡པོར་གསལ།

  [༢༨] «ཆར་བའི་རོལ་དབྱངས»རྩོམ་པ་པོ་ཁུ་བྱུག་སྔོན་མོ།(སྨིན་དྲུག•བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས།)མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།༢༠༢༠ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།ཤོག་ངོས༧པར་གསལ།

  [༢༩] «我在等你»余秋雨ཡི་སྙན་ངག“本赛雍仲”པོད་འཕྲིན(微博)དུ་གསལ།

  [༣༠] «一个人的村庄»作者·余秋雨、出版发行·春风文艺出版社、2006年1月第一版、页面·001

  [༣༡] «一个人的村庄»作者·余秋雨、出版发行·春风文艺出版社、2006年1月第一版、

  [༣༢] «ས་སྲོད་ཀྱི་ཞིང་གྲོང་»རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ།སྐད་འཕྲིན་འཕྲིན་སྟེགས(微信公众号)<藏族现代文学>དུ༢༠༢༠ལོའི་ཟླ༡༡པའི་ཚེས༧པར་གསལ།

  [༣༣] «ཕྱི་མིག་ཨང་ཉེར་ལྔ་བ»རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ།སྐད་འཕྲིན་འཕྲིན་སྟེགས(微信公众号)<藏族现代文学>དུ༢༠༢༠ལོའི་ཟླ༡༡པའི་ཚེས༧པར་གསལ།

  [༣༤] «ས་སྲོད་ཀྱི་མཚམས་སྤྲིན»རྩོམ་པ་པོ་དོ་སྨྱོན་ཚེ་རིང་བཀྲ་ཤིས།སྐད་འཕྲིན་སྟེགས(微信公众号)<岗兰查姆文学平台>དུ༢༠༡༩ལོའི་ཟླ༩བའི་ཚེས༢༨པར་གསལ།

  [༣༥] «ཁྱི་ཕྲུག་མ་རེད་སྟག་ཕྲུག་རེད»རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།༢༠༡༧ལོའི་ཟླ༧པའི་ཚེས༡༣པར་གསལ།

  [༣༦] «ཡིད་སེམས་དབང་མེད་གཡོ་བའི་རིག་གནས་ཤིག»རྩོམ་པ་པོ་གཉན།སྐད་འཕྲིན་སྟེགས(微信公众号)<太阳下的黑暗>དུ་༢༠༢༠ལོའི་ཟླ༣པའི་ཚེས༤བར་གསལ།

  [༣༧] «བལ་དཀར་པོ་སྲུང་གི་མདུད་པ་ཅན»རྩོམ་པ་པོ་དཔལ་མོ་རྒྱལ།སྐད་འཕྲིན་སྟེགས(微信公众号) <藏语夜读>དུ༢༠༢༠ལོའི་ཟླ༣པའི་ཚེས༡༡པར་གསལ།

  [༣༨] «སྒེའུ་ཁུང»རྩོམ་པ་པོ་ལྷ་བྱམས་རྒྱལ།མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།༢༠༢༠ལོའི་ཟླ༣པའི་ཚེས༢༦པར་གསལ།

  [༣༩] «ཕལ་བའི་མི»རྩོམ་པ་པོ་འཆི་མེད།སྐད་འཕྲིན་སྟེགས(微信公众号) <藏族朗诵平台>དུ༢༠༢༡ལོའི་ཟླ༡༡པའི་ཚེས༤བར་གསལ།

  [༤༠] «ཁ་སང་གི་ཚོ་བ»རྩོམ་པ་པོ་བསྟན་པ་ཡར་རྒྱས།(སྒྲུང་རིང་དཔེ་ཚོགས།)མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།༡༠༡༤ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  [༤༡] «མར་ངོའི་ཟླ་བ»རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས།(སྒྲུང་རིང་དཔེ་ཚོགས།)མཚོ་སྔོན་མི་རིགས་དཔེ་སྐྲུང་ཁང་གིས་བསྐྲུན།

  [༤༢] «ཕྱུར་བ»རྩོམ་པ་པོ་མཁའ་མོ་རྒྱལ།སི་ཁྲོན་དུས་དེབ་ཚོགས་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བཀྲམ།༢༠༡༤ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས།

  [༤༣] «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»རྩོམ་པ་པོ་ལྷ་བྱམས་རྒྱལ།བརྩམས་སྒྲུང་འདི་ཕྲན་པོས་དྲ་ལམ་ནས་མཐོང་བས་དམིགས་བསལ་དུས་དེབ་དང་ལོ་དེབ་གང་དུ་བཀོད་ཡོད་མེད་མ་ཤེས་པས་དགོངས་དག་ཞུ།།

  [༤༤] «བོད་ཀྱི་གཅེས་ཕྲུག»རྩོམ་པ་པོ་ལྷ་བྱམས་རྒྱལ།བརྩམས་སྒྲུང་འདིའི་དེབ་ད་ལྟ་ངའི་ལག་ཏུ་མི་འདུག་པས་ལྷ་སའི་པར་མ་དང་མཚོ་སྔོན་པར་མ་གང་ཡིན་སོགས་ཅི་ཡང་མ་ངེས་པས་སླར་ཡང་དགོངས་དག་ཞུ།།

  [༤༥] «ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས»རྩོམ་སྒྲིག་པ་སྟོབས་ལྡན།རིན་ཆེན་སྒྲོལ་མ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།༢༠༡༦ལོའི་ཟླ༣པར་པར་གཞི་དང་པོ་བསྒྲིགས།
 
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་སྒྱུ་རྩལ་རྩོམ་རིག་དང་ལྷུག་རྩོམ་གྱི་གནས་བབས།

2022-02-12 གསེར་ཚང་དཔོན་གསས་གཡུང་དྲུང་། (སྡེ་དགེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།