བྱ་སྒྲོ།

        ————གཟི་ཚ་སྡེ་དགུའི་བོད་དམག་གི་གླུ་གར་ལ་རོལ་བ།

ཁ་ཆར་འབབ་མཚམས་མེད་པས
ཁྱོད་ཚོ་ཁྲུང་ཁྲུང་བཞིན་དུ
ཡང་ཡང་མཐོང་འདོད་པའི་གངས་རིའི་རྩེ་མོར
ན་བུན་སྟུག་པོ་འཁྱིལ་ཞིང
ཉི་འོད་ཀྱི་རླབས་འཇགས

ཁྱོད་ཚོའི་གླུ་སྐད་ཀྱིས
སུ་ཡི་བས་མཐའི་རྨི་ལམ་དཀྲོགས
ཁྱོད་ཚོའི་སྐོར་བྲོས
སུ་ཞིག་མཐའ་མཇུག་གི་རྩྭ་ཐང་ལ་ཁྲིད
ངའི་མིག་གི་མཐོང་ཚད་ན
ཡི་མུག་པའི་ལས་དབང་ལ་སྙིང་རྗེ་སྟེར་མཁན་མེད་ལ
དབུགས་རིང་རེ་རེ་ལ་ཅི་བསམ
ངས་མིག་ཟུང་བཙུམས་ནས   ཐེངས་གཅིག་ལ་ཤུགས་ཀྱིས་ངུ་འདོད
ངའི་མིག་ཆུ  དོན་ཟབ་པའི་མིག་ཚིག་ལ་མ་སྦྱར་རོགས
སྐར་ཚོགས་མུན་པར་འདྲེས་ཤིང
ཧ་ཅང་རྒྱང་རིང་གི་ཟླ་བ་རེ་སྨོན་དུ་བརྗོད་པས
མཚན་མོའི་མངལ་དུ་མུན་ནག་ལས་ཅི་ཡོད  གང་ཡང་མེད
གདུང་བ་དྲག་པོས་མནར་བཞིན
སེམས་པ་དངོས་གནས་ཕྱི་རུ་ལོག་འདོད་ན
གྲང་རླུང་ཁྲོད་ན་སྙིང་ཉེ་བའི་གཟུགས་བརྙན་ཞིག་འདར་ཞིང
མི་ཚེ་སྙིང་གཏམ་ཞིག་ལ་དུང་སྐོར
ཡི་གེ་ལྩི་ཡང་གང་གིས་གླུ་རུ་ལེན་དཀའ

དྲན་པ་དུ་མར་གོ་རིམ་བསྒྲིགས་རྗེས
ཕ་ཡུལ་གྱི་ནམ་མཁའ  ནམ་མཁའ་གང་ལས་མཛེས་ཀྱང
ཁ་དོག་གཞན་ཞིག་ཏུ་འགྱུར་སོང
ངས་སྐྱོ་ངལ་གྱི་སྒྲུང་ཞིག་རང་ཉིད་ལ་བཤད་ཀྱིན
ཁ་ཆར་འབབ་མཚམས་མེད་སྙམ
          ༢༠༠༦ལོའི་ཟླ༣ནས༤ནང་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་སྒྲོ།

2008-12-03 ཚེ་བརྟན་རྒྱལ། ཀློག་གྲངས། མཆན ཡོད།

        ————གཟི་ཚ་སྡེ་དགུའི་བོད་དམག་གི་གླུ་གར་ལ་རོལ་བ།

ཁ་ཆར་འབབ་མཚམས་མེད་པས
ཁྱོད་ཚོ་ཁྲུང་ཁྲུང་བཞིན་དུ
ཡང་ཡང་མཐོང་འདོད་པའི་གངས་རིའི་རྩེ་མོར
ན་བུན་སྟུག་པོ་འཁྱིལ་ཞིང
ཉི་འོད་ཀྱི་རླབས་འཇགས

ཁྱོད་ཚོའི་གླུ་སྐད་ཀྱིས
སུ་ཡི་བས་མཐའི་རྨི་ལམ་དཀྲོགས
ཁྱོད་ཚོའི་སྐོར་བྲོས
སུ་ཞིག་མཐའ་མཇུག་གི་རྩྭ་ཐང་ལ་ཁྲིད
ངའི་མིག་གི་མཐོང་ཚད་ན
ཡི་མུག་པའི་ལས་དབང་ལ་སྙིང་རྗེ་སྟེར་མཁན་མེད་ལ
དབུགས་རིང་རེ་རེ་ལ་ཅི་བསམ
ངས་མིག་ཟུང་བཙུམས་ནས   ཐེངས་གཅིག་ལ་ཤུགས་ཀྱིས་ངུ་འདོད
ངའི་མིག་ཆུ  དོན་ཟབ་པའི་མིག་ཚིག་ལ་མ་སྦྱར་རོགས
སྐར་ཚོགས་མུན་པར་འདྲེས་ཤིང
ཧ་ཅང་རྒྱང་རིང་གི་ཟླ་བ་རེ་སྨོན་དུ་བརྗོད་པས
མཚན་མོའི་མངལ་དུ་མུན་ནག་ལས་ཅི་ཡོད  གང་ཡང་མེད
གདུང་བ་དྲག་པོས་མནར་བཞིན
སེམས་པ་དངོས་གནས་ཕྱི་རུ་ལོག་འདོད་ན
གྲང་རླུང་ཁྲོད་ན་སྙིང་ཉེ་བའི་གཟུགས་བརྙན་ཞིག་འདར་ཞིང
མི་ཚེ་སྙིང་གཏམ་ཞིག་ལ་དུང་སྐོར
ཡི་གེ་ལྩི་ཡང་གང་གིས་གླུ་རུ་ལེན་དཀའ

དྲན་པ་དུ་མར་གོ་རིམ་བསྒྲིགས་རྗེས
ཕ་ཡུལ་གྱི་ནམ་མཁའ  ནམ་མཁའ་གང་ལས་མཛེས་ཀྱང
ཁ་དོག་གཞན་ཞིག་ཏུ་འགྱུར་སོང
ངས་སྐྱོ་ངལ་གྱི་སྒྲུང་ཞིག་རང་ཉིད་ལ་བཤད་ཀྱིན
ཁ་ཆར་འབབ་མཚམས་མེད་སྙམ
          ༢༠༠༦ལོའི་ཟླ༣ནས༤ནང་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།