ལྡོམ་པའི་འབོད་སྒྲ།
ང་ཚོ་ལ་ཅི་ཞིག་དགོས་སམ།
རང་ཉིད་ཆེ་མཐོང་གི་ང་རྒྱལ་དགོས།
གལ་ཏེ། དེ་མེད་ན་ང་ཚོར་རང་གི་ཐོབ་སྐལ་ལེན་འདོད་ཀྱི་ལམ་ཁ་འགག
ང་ཚོར་ཅི་ཞིག་དགོས་སམ།
རང་དོན་ཡིད་བྱེད་ཀྱི་འདོད་ཆགས་དགོས།
གལ་ཏེ། དེ་མེད་ན་ང་ཚོ་ནམ་ཡང་སྤྲང་ཁུག་དང་ཁ་བྲལ་མི་ཐུབ།
ང་ཚོར་ཅི་ཞིག་དགོས་སམ།
ཕས་རྒོལ་ཟིལ་གནོན་གྱི་ཞེ་སྡང་དགོས།
གལ་སྲིད། དེ་མེད་ན་ང་ཚོ་ནམ་ཡང་གཞན་གྱི་གཉའ་འོག་ནས་ཐོན་པའི་ཐབས་མེད།
མདོར་ན། ང་ཚོ་འཇིག་རྟེན་འདིར་འཚོ་ཞིང་གནས་མཁན་ཞིག་ཡིན་སྟབས།
འཇིག་རྟེན་གྱི་དོན་དུ་ལུས་ངག་ཡིད་གསུམ་བསྒྲིམ་དགོས།
རྩོམ་ཁུངས། ངེད་དྲ་བ།