ཕྱེ་མ་ལེབ།(ཞར་བཀོད་གཅིག་ཡོད)

ཕྱེ་མ་ལེབ  ཆར་བ་དང་ལྷན་དུ་འཕུར་སོང
འཛུམ་མདངས་གཞན་ཞིག་བསྣན་ནས་འཕུར་སོང
གླུ་ལོགས་ཤིག་ལ་ཡིད་ཆེས་གོམས་བཞིན
ཡང་སྙིང་གི་མཛེས་སྡུག་གང་ཡིན
ཚིག་འབྲུ་མག་མོག་ཅིག་བལྡད་ཀྱང
སྔོན་གྱི་བྱུང་རིམ་ནི
སུས་ཀྱང་རྨི་ལམ་ལ་འཇོག

འཕུར་སོང  ཡུན་རིང་གི་ན་ཟུག་ཁུར་བའི་ཕྱེ་མ་ལེབ
གངས་ཀྱི་འདབ་མའི་ཀློང་ན་ལྷབ་ལྷུབ་ཏུ
ལྷབ་ལྷུབ་ཀྱི་གྲིབ་རིས་ཤིག་དྲན་བཞིན
ཉམ་ངའི་རྒྱང་འབོད་རིང་ཞིང
དྲན་བཞིན་དྲན་བཞིན   སེམས་སྐྱོ་བའི་དབུགས་ཤིག
ཧ་ཅང་ལྩི

དཔྱིད་མགོའི་རླུང་འཚུབ་བསྟུད་མར་ལྡང་བྱུང
ཐག་རིང་གི་ཕྱེ་མ་ལེབ   ཁྱོད་ལ་ཚོར་སྣང་རེ་རེ་རྒུམ་བཞིན
ཟ་ཟིའི་རྨི་ལམ་ནང་དུ་འཛུལ་རུང   སྟོང་འཇགས་ཀྱི་རི་ལུང
དོན་ངོ་མའི་སུ་ལ་དབང  གྲིབ་ནག་འདྲ་བས
འོད་སྣང་ལ་རེ་སྨོན་བྱེད་སྙམ

སེར་ཐིགས་ལྷུང་བའི་ལོ་མ་ཁྱོད་ལྟར་འཕུར་སོང
དྲན་རྟེན་དུ་ཁ་དོག་ཅིག་བསྩལ་བས
རེ་སྒུག་ནི་རྟོགས་རྟོགས་ཙམ་དུ་གྱུར་སོང
ལྷབ་ལྷུབ་ཀྱི་འཕུར་སྟངས་ཤིག  ད་དུང་སེམས་ཁོང་ན་མཛེས་དུས
ཕྱེ་མ་ལེབ   ཁྱོད་ངའི་སྐུ་མགྲོན་མིན
          ༢༠༠༥ ༥ ༤
    
       བྱེའུ་སྐད།
ཁ་དོག་ཅིག་གི་དགོས་དབང་གིས
གནས་འདི་ནས་ཁྱོད་ཀྱི་སྣང་བརྙན་རྙེད་འོང
འགྱུར་ཁུགས་ཟབ་པའི་དབྱངས་ཀྱི་བཞུར་རྒྱུན་ཀློང་དུ
འཇིག་རྟེན་འདིར་ཁ་བ་ཕབ་པས
ངས་རང་ཉིད་ཁྱོད་ལས་སྐྱོ་སྐྱོ་བསམ་རུང
ང་ཚོའི་མཛེས་སྡུག་དེ་ཚོ
ཧ་ཅང་ཐག་རིང་ན་ཡོད་ཡོད་འདྲ

རེ་སྒུག་ཅིག་ལ་ཡིད་ཆེས་བཅོལ་ཏེ
སྐྱེ་བ་འདིའི་རྣམ་ཤེས་འཁྱམས་ཤིང
མཚན་མོ་དང་མཉམ་དུ་མུན་ནག་གཏིང་སར་འཛུལ་ནས
གང་ཡང་མཐོང་མི་འདོད
ཐ་ན་ཟླ་བ་དང་རིང་དུ་གྱེས་བཞིན
དམར་ཆུང་གི་སེམས་པ་འདི
ནམ་ཡང་ཁེར་རྐྱང་ངང

ཟུག་གཟེར་དུ་སྨིན་པའི་དྲན་གདུང་གི་རྒྱབ་ཏུ
ལྗིད་དྲགས་པའི་ཐ་སྙད་རེ་རེ་ནང་དོན་ནོར
གོམ་པ་རེ་རེ
ལས་སྐལ་རེ་རེ་ཡིན་ནམ
མཐོང་ཐབས་དཀའ་བའི་ཉི་ཟེར
ལོ་མ་ལྷུང་ཚར་བའི་སྡོང་སྐམ
ནམ་ཡང་དབུགས་རིང་གིས་འགྱེལ་བའི་ལས་དབང་ལ་འཁྲུལ
ངས་འཇིག་རྟེན་ན  ཁྱོད་ཡོད་པའི་སེམས་ཁམས་འབུས་སུ་བཅུག་སྟེ
ངས་ཁྱོད་ལ་ཉན་བཞིན   བདེ་བ་ཇི་ལྟར་རྙེད
            ༢༠༠༥ ༡༡ ༢༣

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་མ་ལེབ།(ཞར་བཀོད་གཅིག་ཡོད)

2008-12-03 ཚེ་བརྟན་རྒྱལ། ཀློག་གྲངས། མཆན ཡོད།

ཕྱེ་མ་ལེབ  ཆར་བ་དང་ལྷན་དུ་འཕུར་སོང
འཛུམ་མདངས་གཞན་ཞིག་བསྣན་ནས་འཕུར་སོང
གླུ་ལོགས་ཤིག་ལ་ཡིད་ཆེས་གོམས་བཞིན
ཡང་སྙིང་གི་མཛེས་སྡུག་གང་ཡིན
ཚིག་འབྲུ་མག་མོག་ཅིག་བལྡད་ཀྱང
སྔོན་གྱི་བྱུང་རིམ་ནི
སུས་ཀྱང་རྨི་ལམ་ལ་འཇོག

འཕུར་སོང  ཡུན་རིང་གི་ན་ཟུག་ཁུར་བའི་ཕྱེ་མ་ལེབ
གངས་ཀྱི་འདབ་མའི་ཀློང་ན་ལྷབ་ལྷུབ་ཏུ
ལྷབ་ལྷུབ་ཀྱི་གྲིབ་རིས་ཤིག་དྲན་བཞིན
ཉམ་ངའི་རྒྱང་འབོད་རིང་ཞིང
དྲན་བཞིན་དྲན་བཞིན   སེམས་སྐྱོ་བའི་དབུགས་ཤིག
ཧ་ཅང་ལྩི

དཔྱིད་མགོའི་རླུང་འཚུབ་བསྟུད་མར་ལྡང་བྱུང
ཐག་རིང་གི་ཕྱེ་མ་ལེབ   ཁྱོད་ལ་ཚོར་སྣང་རེ་རེ་རྒུམ་བཞིན
ཟ་ཟིའི་རྨི་ལམ་ནང་དུ་འཛུལ་རུང   སྟོང་འཇགས་ཀྱི་རི་ལུང
དོན་ངོ་མའི་སུ་ལ་དབང  གྲིབ་ནག་འདྲ་བས
འོད་སྣང་ལ་རེ་སྨོན་བྱེད་སྙམ

སེར་ཐིགས་ལྷུང་བའི་ལོ་མ་ཁྱོད་ལྟར་འཕུར་སོང
དྲན་རྟེན་དུ་ཁ་དོག་ཅིག་བསྩལ་བས
རེ་སྒུག་ནི་རྟོགས་རྟོགས་ཙམ་དུ་གྱུར་སོང
ལྷབ་ལྷུབ་ཀྱི་འཕུར་སྟངས་ཤིག  ད་དུང་སེམས་ཁོང་ན་མཛེས་དུས
ཕྱེ་མ་ལེབ   ཁྱོད་ངའི་སྐུ་མགྲོན་མིན
          ༢༠༠༥ ༥ ༤
    
       བྱེའུ་སྐད།
ཁ་དོག་ཅིག་གི་དགོས་དབང་གིས
གནས་འདི་ནས་ཁྱོད་ཀྱི་སྣང་བརྙན་རྙེད་འོང
འགྱུར་ཁུགས་ཟབ་པའི་དབྱངས་ཀྱི་བཞུར་རྒྱུན་ཀློང་དུ
འཇིག་རྟེན་འདིར་ཁ་བ་ཕབ་པས
ངས་རང་ཉིད་ཁྱོད་ལས་སྐྱོ་སྐྱོ་བསམ་རུང
ང་ཚོའི་མཛེས་སྡུག་དེ་ཚོ
ཧ་ཅང་ཐག་རིང་ན་ཡོད་ཡོད་འདྲ

རེ་སྒུག་ཅིག་ལ་ཡིད་ཆེས་བཅོལ་ཏེ
སྐྱེ་བ་འདིའི་རྣམ་ཤེས་འཁྱམས་ཤིང
མཚན་མོ་དང་མཉམ་དུ་མུན་ནག་གཏིང་སར་འཛུལ་ནས
གང་ཡང་མཐོང་མི་འདོད
ཐ་ན་ཟླ་བ་དང་རིང་དུ་གྱེས་བཞིན
དམར་ཆུང་གི་སེམས་པ་འདི
ནམ་ཡང་ཁེར་རྐྱང་ངང

ཟུག་གཟེར་དུ་སྨིན་པའི་དྲན་གདུང་གི་རྒྱབ་ཏུ
ལྗིད་དྲགས་པའི་ཐ་སྙད་རེ་རེ་ནང་དོན་ནོར
གོམ་པ་རེ་རེ
ལས་སྐལ་རེ་རེ་ཡིན་ནམ
མཐོང་ཐབས་དཀའ་བའི་ཉི་ཟེར
ལོ་མ་ལྷུང་ཚར་བའི་སྡོང་སྐམ
ནམ་ཡང་དབུགས་རིང་གིས་འགྱེལ་བའི་ལས་དབང་ལ་འཁྲུལ
ངས་འཇིག་རྟེན་ན  ཁྱོད་ཡོད་པའི་སེམས་ཁམས་འབུས་སུ་བཅུག་སྟེ
ངས་ཁྱོད་ལ་ཉན་བཞིན   བདེ་བ་ཇི་ལྟར་རྙེད
            ༢༠༠༥ ༡༡ ༢༣

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།