སེམས་ཀྱི་འཚོ་བ། ཐ་མག་གི་རྐང་གཅིག་གི་སྣེ་ན་འབར་བའི་སྐད་ཆ་དང་མཚུངས།(ཞར་བཀོད་གསུམ་ཡོད)
________ ལོ་སར་གྱི་གོམ་པ་ཁ་ཤས།
ཧ་ཅང་དབུལ་ཕོངས་ཀྱིས་རྒས་པའི་མི་ཚེའི་ཕྱེད་ཀས
ད་བར་དུ་གྲོགས་པོ་ཚོར་ཞིབ་བལྟས་བྱས་མྱོང་མེད་ལ
ཐ་ན ཕྱིར་མིག་ཅིག་ཀྱང་དྲན་ཤིང་དུ་མ་འཁོར
ཐམས་ཅད་ཁོང་ཁྲོའི་ངང་ཕྱིར་སོང་བའི་ཚེར་མའི་མྱི་ཁ
ཡུན་རིང་བོར་འགྲོ་འོང་གི་ལམ་ནས་སེམས་སུ་ལྷུང
གློ་བུར་གློ་བུར་ཏུ
ཤིག་ཤིག་འགུལ་བའི་མི་ཚོགས་ཀྱི་འཚང་ཁ་བརྒྱུད་དེ
ལྷིང་ཞིང་འཇགས་པའི་མཚོ་ངོས་སུ་བསྲིངས་པའི་རྐང་རྗེས་ཤིག་རྙེད
མཚན་མོ་རེ་རེ་ལྟེབས རྨི་ལམ་གྱི་ལྷ་ཚོགས་ཞག་སྡོད་བྱེད་སའི
སེམས་ཀྱི་མགྲོན་ཁང་ཞིག་བཟུང་ནས་ཡུན་རིང་འགོར་ཟེར
༢༠༠༦ ༣ ༡༡
སེམས་པ།
ནམ་རྒྱུན རང་ཡུལ་མི་མཐོང་བས
སེམས་པ་ཧ་ཅང་སྐྱིད་པོ་མི་འདུག་གི
ཉིན་ཁ་ཤས་ལ ལུས་པོ་འཁྱག་སིབ་སིབ་ཀྱིས་གདུང་སྟེ
རྐང་བའི་རྩེ་ནས གོམ་པ་རེ་རེ་ཤུགས་ཀྱིས་འཐེན
བུད་མེད་ཅིག་གིས ཚོད་ཚོད་ལ
ཐག་རིང་ནས ཡིད་ལ་མི་འགྲོ་བའི་འཕྱ་དགོད་ཅིག་བསྐུར་ཡོང
འདི་ནི ང་ལ་མཚོན་ན སྙན་ངག་གི་རེ་ཐང་ཆད་ཚུལ་ཞིག་རེད
༢༠༠༦ ༢ ༢༧
མི་དང་ལྷམ།
ཆང་གིས་ལྷམ་བོར་སོང
མི་ལུས་སོང
ཆང་གི་ལྷམ་ལུས་སོང
མི་བོར་སོང
༢༠༠༦ ༢ ༣༠
ཉི་མ་འདི་ཚོར་ཁྱོད་སུ་ཡིན།
ཉི་མ་འདི་ཚོར ང་ཆང་ཡིན
ཉི་མ་འདི་ཚོར ང་གླུ་ཡིན
ཉི་མ་འདི་ཚོར ཁྱོད་ང་རེད
ཉི་མ་འདི་ཚོར ང་དུག་ཡིན
༢༠༠༦ ༢ ༣༡
རྩོམ་ཁུངས། ངེད་དྲ་བ།