འཁྱམ་པོའི་སྨྲེ་ངག་རླུང་ལ་བསྐུར་བ།

སྐུ་མདོག་འོ་མ་དཀར་བོར་མཚན་དཔེ་ཡིས་སྤྲས་ནས།།
བཞིན་རས་ཟླ་བའི་ཚལ་དུ་བརྩེ་འཛུམ་གྱིས་དགོད་ཅིང།།
ངག་གི་དངོས་གྲུབ་སྩོལ་བའི་བཅོམ་ལྡན་གྱི་ལྷ་མོས།།
རིག་བྱེད་དབྱངས་ཀྱི་རྗེས་བརྩེའི་མིག་ཞགས་དེ་མ་ལྷོད།།

སྒྲིབ་གཉིས་ལས་ཀྱི་ངོ་བོ་བདེན་པ་དེ་མཐོང་ནས།།
སྡུག་བསྔལ་གསུམ་གྱི་རླབས་ཕྲེང་སེམས་ཁམས་སུ་འཐིམས་ཤིང༌།།
སྲིད་པའི་གྲོང་ལ་ངེས་དོན་སྐྱོ་བ་ཞིག་སྐྱེས་དུས།།
འདོད་པའི་ཡོན་ཏན་མཐོང་བའི་རྒྱལ་སྒོ་དེ་རྒྱོབ་རོགས།།

རྣམ་ཤེས་ཕུང་བོ་ལས་ཀྱི་རྣམ་སྨིན་གྱིས་བྱས་ནས།།
ཟག་བཅས་སྒྱུ་མའི་ལུས་ཀྱི་མགྲོན་ཁང་དུ་བསྟིམ་དུས།།
མི་དགེའི་བདུད་ཀྱི་ཆོ་གས་ཀུན་རྟོག་དེ་མ་འཁྲུལ།།
མི་ཟད་གཞན་དོན་རྒྱ་མཚོ་གྲོལ་བ་ཡང་ཡོང་རོགས།།

ལྔ་ཟུང་རིག་པའི་སྨན་གྱི་རྫིང་བུ་ལ་ཆགས་ནས།།
འཐུང་འདོད་ཡིད་ཀྱི་བུང་བ་ལྷོད་མེད་དུ་འཁོར་ན།།
མི་འདོད་གེགས་བར་བཙན་པོ་འབར་མདེལ་གྱི་འཕྲུལ་དེས།།
ཚེ་ཡི་ལྷུན་པོའི་བྲག་རིར་ཐར་ས་ཞིག་སྤྲོད་རོགས།།

རིག་པའི་རྒྱལ་ཁམས་དཀའ་ཐུབ་འཁོར་ལོ་ཡིས་བསྐོར་ནས།།
རང་གི་རིགས་ལ་ཀུན་ཕན་གྲུ་ཆར་ཞིག་འཇོ་དུས།།
ཕྲག་དོག་དུག་མདའ་ཐོགས་པའི་འདྲེ་སྲིན་གྱི་ཚོགས་ཀྱིས།།
མ་རངས་སྡང་མིག་དྲག་པོས་གུ་ཡངས་ཤིག་གཏོང་རོགས།།

དཀར་ནག་ལས་ལ་ཚངས་པའི་བློ་ཐིག་གིས་དཔྱོད་ཅིང༌།།
གསར་རྙིང་རིག་གནས་བླང་དོར་རྒྱ་མ་ཡིས་གཞལ་ན།།
ལག་ལེན་བྲག་ནས་ལྷུང་བའི་མཁས་རློམ་གྱི་གྲོགས་པོས།།
བཀའ་བཀྱོན་རྫུན་མའི་འགྲམ་ལྕག་དེ་རིང་ནས་བཞག་རོགས།།

དྲང་པོའི་ལམ་ལ་བདེན་པའི་རྒྱབ་གོས་ཀྱིས་གཡོགས་ནས།།
ཉམ་ཆུང་ཕལ་བའི་ཚེ་ཡི་ཕྲེང་བ་དེ་བགྲང་ན།།
དབང་ཆེན་མི་ཡི་ཚོགས་ཀྱིས་དབང་ཡོད་ཀྱི་ལྕག་ཚན།།
གདུག་རྩུབ་ལག་པ་ཆེན་པོས་རེ་ཞིག་ལ་བསྐྱུར་རོགས།།

ཐོས་བརྩོན་གསེར་གྱི་སྐུད་པས་མུ་གཅིག་ཏུ་སྤྲེལ་ནས།།
འགྲོ་རིགས་ཕན་བདེར་འགོད་པའི་བློ་སྤོབས་ཀྱི་དཔལ་ལ།།
ལབ་ཀྱིས་རྒྱགས་པའི་རང་རིགས་མགོ་སྟོངས་ཀྱི་ན་ཟླས།།
གཟུར་གནས་འཁང་རའི་མནར་གཅོད་གཏོང་རྒྱུ་དེ་གཡུགས་རོགས།།

ཕ་སྐད་མར་ལས་ཕྱུང་བའི་རྩོམ་ཡིག་གི་ཉིང་ཁུ།།
རྒྱ་ཆེའི་མང་ཚོགས་མིག་ངོར་ལེགས་པོ་ཞིག་སྐྱོམ་དུས།།
ཕ་ངོ་མི་ཤེས་རང་རིགས་གཞོན་སྐྱེས་ཀྱི་འུག་པས།།
མཐོང་ཆུང་གད་མོའི་སྟོང་སྐད་དེ་རིང་ནས་འཇོག་དགོས།།

ཤེས་རིག་ཆུ་གཏེར་ཆེན་པོའི་འཇིངས་ངོགས་ཀྱི་ཁྲོད་ནས།།
ཆུང་ནས་སྦྱངས་བརྩོན་འཁོར་ལོས་ཀུ་ཤ་ཡི་རྩེ་ཙམ།།
དཀའ་བས་བླངས་འདི་སྣོད་ལྡན་སློབ་མ་རུ་བྱོ་དུས།།
རྣམ་གཡེང་སློབ་མའི་བག་ཡངས་སེམས་འགྱུ་དེ་འབོར་རོགས།།

མེས་པོའི་བཞག་པའི་ལུགས་བཟང་གོམས་སྲོལ་གྱི་ཡོན་ཏན།།
དེ་རིང་མི་ཚོགས་ཁྲོད་ན་སྤོབས་པ་ཡིས་ངོམ་དུས།།
གསར་ཞེན་དྲན་རྒོད་ཕུགས་མེད་སྤུན་ཟླ་ཡི་ཁ་ལྕེས།།
སྨོད་པའི་མཆིལ་ཞགས་ཉལ་འགྲོའི་ཁ་རླངས་ཡང་འགོག་རོགས།།

མཁས་རློམ་ང་རྒྱལ་ཅན་གྱི་ཚོགས་དབུས་སུ་ཞུགས་ནས།།
ཡོན་ཏན་རྫུན་མའི་ཕུགས་དེ་རྣམ་དཔྱོད་ཀྱིས་བརྟོལ་དུས།།
མི་ཤེས་ཁྱི་རྔ་ཐོགས་པའི་རྐྱལ་སྟོང་གི་བུ་ཡིས།།
ཕྱོགས་རིས་ཆེ་བའི་གདེང་འཇོག་རྒྱ་རྡོ་དེ་གཅོག་རོགས།།

ཐོན་མིའི་ཐུགས་ཀྱི་གསང་བའི་རྣམ་ཐར་དེ་བསྔོགས་ནས།།
བརྡ་སྤྲོད་ལུས་ལ་དཔྱད་འཇོག་གཤག་བཅོས་ཤིག་བྱེད་དུས།།
ཧོབ་འདྲོགས་འབྲོང་རྒོད་སྨྱོན་པར་འཇུས་པ་ཡི་རྒན་པོས།།
དགག་སྒྲུབ་གྱད་མིའི་ལྕགས་ཀྱི་ཁུ་ཚུར་ཡང་ཉུང་རོགས།།

བརྡ་ཆད་ཚིག་གི་རྐང་བའི་སྟངས་སྟབས་དེ་འཁྱེར་ནས།།
སྙན་ངག་གླུ་སྒྲ་དང་བསྟུན་བྲོ་གར་རེ་འཆམ་དུས།།
ཕལ་བས་བློ་ལ་མི་མཛའ་ཞེ་སྡང་གི་བྱས་ནས།།
ཕྱག་དར་ཁྲོད་ན་འཕེན་པའི་བརྙས་བཅོས་དེ་མེད་རོགས།།

ཕུགས་བསམ་མཁའ་ལ་དོ་བའི་མིག་རྒྱང་གིས་བལྟས་ནས།།
ལྟོ་སྐྱ་གོས་ཧྲུལ་དབང་བའི་ལམ་འཕྲང་དེ་འགྲིམས་དུས།།
ནོར་གྱི་ལྟོ་བ་འབུར་བའི་འབྱོར་ལྡན་གྱི་ཁྲེལ་དགོད།།
ཨ་བུའི་མི་ཤིགས་སྙིང་སྟོབས་འཇོམས་པ་དེ་མེད་རོགས།།

ཆེས་སྙིགས་དུས་ཀྱི་དུག་གསུམ་ནད་རྙིང་གི་དྲ་བས།། 
ཡོངས་བཅིངས་འཛམ་གླིང་སྐྱེ་འགྲོའི་རྣམ་ཐར་གྱི་ཚུལ་འདི།།
གངས་བུས་སྨྲེ་སྔགས་རླུང་ལ་བསྐུར་བ་ཡི་སྤུ་གྲིས།།
མ་རབས་རྐང་བ་གཅོད་པའི་གཤེད་མ་རུ་བྱས་སོ།། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱམ་པོའི་སྨྲེ་ངག་རླུང་ལ་བསྐུར་བ།

2008-12-03 ཁ་བ་དཀར་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།