དགུན་ལ་ཉན་པ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-07

སྐྱ་ཐིང་ཐིང་གི་རི་ཚོགས་སྟུག་པོས
འགྱེལ་བཞིན་པའི་ས་སྲོད་ཀྱི་སྡུག་ཡུས་འཐུང་དུས
ནག་རུབ་རུབ་འགུལ་བའི་མི་ཚོགས་ཀྱི་ཡོ་ལང་རེ་རེ
འཐོར་བཞིན་པའི་དུས་ཚིགས་ཤིག་གི་ཤིང་ལོ་ཡིན་ནམ
དལ་འཇགས་སེ   ཕྱི་རོལ་གྱི་དགུན་ལ་ཉན་ཐེངས་རེ་རེར
ཐག་རིང་ཐག་རིང་ནས་འོང་བའི་གོམ་སྒྲ་ནུར་བོ་ཞིག
དེ་ལྟར  སྟོང་དབྱིངས་ན་ལྷགས་རླུང་གིས་ལྡད་ཀྱིན་པའི་སག་སྒྲ་ཡང་བསྐྱར་ཐོས
སྡོད་མི་ཚུགས་པའི་ཨག་སྐད་དེའི་མཇུག་བྱང་རིང་མོ
བྱང་རླུང་གིས་ཁུར་ནས་རྒྱང་དུ་ཁྱེར་སོང

དགུན་ཟླ་ཡ  ལྗང་ལོ་ལྷགས་རླུང་གིས་དེད་པའི་མྱ་ངན་གྱི་ས་སྲོད་ནག་པོ
ཁྱེད་རང་སུ་ཞིག་གིས་ན་ཟུག་སྐྱུར་ཆང་གིས་རྫི་བའི་ལོ་ཟླ་ཡིན
སྐག་བཞིན་པའི་དགུན་འཁྱག་འདིའི་སོ་བར་ནས
གཙབ་ཧྲུལ་དུ་བཏང་བའི་ངའི་རྒས་སོང་གི་སྦྲ་ནག་རུ་ཚོགས
མི་ལོ་ག་ཚོད་ལ་འཁུར་དགོས་པའི་ན་ཟུག་གི་རྨ་ཁ་ཡིན

སེར་བུ་ཞིག་ལྷོད་ཀྱིས་ལྡང་དུས
སུ་ཞིག་གི་སྐྲ་ལོ་འམ་ལུས་ཟུངས་དལ་བུར་འདར་བཞིན་པའི་གསིག་སྒྲ་ཁུར་འོང
མ་གཞི  དགུན་ཁ་ནི་སྐྱི་གཡའ་བའི་དུས་ཚིགས་ཤིག་སྟེ
ལྗང་མདོག་གི་བླ་སྲོག་རེ་རེ་གྲང་རླུང་གིས་བལྡད་ཅིང
དྲོད་སྣང་གི་གནས་མལ་རེ་རེ   ཆབ་རོམ་བཞིན་ཆགས་འདུག
                    ༢༠༠༥ ༡༢ ༢༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ལ་ཉན་པ།

2008-11-07 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

སྐྱ་ཐིང་ཐིང་གི་རི་ཚོགས་སྟུག་པོས
འགྱེལ་བཞིན་པའི་ས་སྲོད་ཀྱི་སྡུག་ཡུས་འཐུང་དུས
ནག་རུབ་རུབ་འགུལ་བའི་མི་ཚོགས་ཀྱི་ཡོ་ལང་རེ་རེ
འཐོར་བཞིན་པའི་དུས་ཚིགས་ཤིག་གི་ཤིང་ལོ་ཡིན་ནམ
དལ་འཇགས་སེ   ཕྱི་རོལ་གྱི་དགུན་ལ་ཉན་ཐེངས་རེ་རེར
ཐག་རིང་ཐག་རིང་ནས་འོང་བའི་གོམ་སྒྲ་ནུར་བོ་ཞིག
དེ་ལྟར  སྟོང་དབྱིངས་ན་ལྷགས་རླུང་གིས་ལྡད་ཀྱིན་པའི་སག་སྒྲ་ཡང་བསྐྱར་ཐོས
སྡོད་མི་ཚུགས་པའི་ཨག་སྐད་དེའི་མཇུག་བྱང་རིང་མོ
བྱང་རླུང་གིས་ཁུར་ནས་རྒྱང་དུ་ཁྱེར་སོང

དགུན་ཟླ་ཡ  ལྗང་ལོ་ལྷགས་རླུང་གིས་དེད་པའི་མྱ་ངན་གྱི་ས་སྲོད་ནག་པོ
ཁྱེད་རང་སུ་ཞིག་གིས་ན་ཟུག་སྐྱུར་ཆང་གིས་རྫི་བའི་ལོ་ཟླ་ཡིན
སྐག་བཞིན་པའི་དགུན་འཁྱག་འདིའི་སོ་བར་ནས
གཙབ་ཧྲུལ་དུ་བཏང་བའི་ངའི་རྒས་སོང་གི་སྦྲ་ནག་རུ་ཚོགས
མི་ལོ་ག་ཚོད་ལ་འཁུར་དགོས་པའི་ན་ཟུག་གི་རྨ་ཁ་ཡིན

སེར་བུ་ཞིག་ལྷོད་ཀྱིས་ལྡང་དུས
སུ་ཞིག་གི་སྐྲ་ལོ་འམ་ལུས་ཟུངས་དལ་བུར་འདར་བཞིན་པའི་གསིག་སྒྲ་ཁུར་འོང
མ་གཞི  དགུན་ཁ་ནི་སྐྱི་གཡའ་བའི་དུས་ཚིགས་ཤིག་སྟེ
ལྗང་མདོག་གི་བླ་སྲོག་རེ་རེ་གྲང་རླུང་གིས་བལྡད་ཅིང
དྲོད་སྣང་གི་གནས་མལ་རེ་རེ   ཆབ་རོམ་བཞིན་ཆགས་འདུག
                    ༢༠༠༥ ༡༢ ༢༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།