བུ་མོ་མེ་ཏོག་གི་གསང་བ།

བུ་མོ་དེའི་གསང་བ   ཡང་ན་མེ་ཏོག་དེའི་གསང་བ
སུས་ཀྱང་མི་ཤེས་པའི་གསང་བ་དེ
ད་ལྟ   སུས་ཀྱང་ཤེས་ན་འདོད་པའི་ཞེ་བློ་འཐིབས་ཀྱིན་ཡོད
 དེ་ནི་ཁང་མིག་ཆུང་ཞིག་གི་སྒོ་མོ་སྟེ
ཁེར་རྐྱང་གི་སུན་སྣང་ཁུར་ནས་ཕྱེས་ན་ཆོག་གི་ཡོད
འཁོས་ཆུང་དང་ཉེས་པ་ཁུར་ནས་བརྒྱབ་ནའང་ཆོག་གི་ཡོད

ལུས་ཀྱི་བསུང་ངད་རེ་རེས་ནི་བདག་གི་མངའ་ཐང་སྲུང་གིན
གཟུགས་དང་ཆ་བྱད་རེ་རེས་ལས་བདག་གི་འདོད་དོན་སྒྲུབ་ཀྱིན་ཡོད་པ་ལྟར
རེ་གསལ་རེ་སྣང་གི    ཉིན་མཚན་ལྟ་བུའི
མེ་ཏོག་དེའམ་བུ་མོ་དེ
ཉི་འོད་འོག་གི་གྲིབ་གཟུགས་ཡིན་ནམ
གྲིབ་གཟུགས་སྟེང་གི་ཉི་འོད་ཡིན་ནམ

དེ་ནི་མེ་ཏོག་ཁྲི་སྟོང་གི    བསུང་ངད་མ་བོརབའི
དེ་ནི་ཤ་དང་རུས་པའི     དྲོད་ཁོལ་མ་ཡལ་བའི
བདག་གིས་བཤད་མ་ཐུབ་པའི་གསང་བ་ཡིན
བདག་གིས་འདོར་མི་སྲིད་པའི་རྣམ་ཤེས་ཡིན

བུ་མོ་དེའི    མཛེས་སྡུག་དང་དཔའ་སྤོབས་དྲན་ན
མེ་ཏོག་དེའི   བསུང་ངད་དང་རུལ་སོང་གླེང་ན
སྣོམ་གྱིན་པ་འདི་དྲི་བསུང་དང་རྔུལ་དྲི་ཡིན་ཚེ
ངས་ད་དུང་ཅི་ཞིག་བཤད་རྩིས་ཡོད་ཨང

བཤད་མི་ཐུབ་པའི་རྒྱུ་རྐྱེན་ཅིག་གི་མགྲིན་པ་བརྣང་ཡོང་དུས
ང་ཡང་བུ་མོ་དེའི     བུ་མོ་ལྟ་བུའི་མེ་ཏོག་དེའི
མེ་ཏོག་གི་ཆ་ཤས་སུ་གྱུར་བའི་གསང་བ་ཡིན་ན
ངས་ཉེས་པ་ཁུར་ཡོད
ངས་བདེན་པར་འཇུས་ཡོད
               2005.12.20ལ་ཀྲིན་ཀྲིག་ནས།                        

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་མེ་ཏོག་གི་གསང་བ།

2008-11-07 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

བུ་མོ་དེའི་གསང་བ   ཡང་ན་མེ་ཏོག་དེའི་གསང་བ
སུས་ཀྱང་མི་ཤེས་པའི་གསང་བ་དེ
ད་ལྟ   སུས་ཀྱང་ཤེས་ན་འདོད་པའི་ཞེ་བློ་འཐིབས་ཀྱིན་ཡོད
 དེ་ནི་ཁང་མིག་ཆུང་ཞིག་གི་སྒོ་མོ་སྟེ
ཁེར་རྐྱང་གི་སུན་སྣང་ཁུར་ནས་ཕྱེས་ན་ཆོག་གི་ཡོད
འཁོས་ཆུང་དང་ཉེས་པ་ཁུར་ནས་བརྒྱབ་ནའང་ཆོག་གི་ཡོད

ལུས་ཀྱི་བསུང་ངད་རེ་རེས་ནི་བདག་གི་མངའ་ཐང་སྲུང་གིན
གཟུགས་དང་ཆ་བྱད་རེ་རེས་ལས་བདག་གི་འདོད་དོན་སྒྲུབ་ཀྱིན་ཡོད་པ་ལྟར
རེ་གསལ་རེ་སྣང་གི    ཉིན་མཚན་ལྟ་བུའི
མེ་ཏོག་དེའམ་བུ་མོ་དེ
ཉི་འོད་འོག་གི་གྲིབ་གཟུགས་ཡིན་ནམ
གྲིབ་གཟུགས་སྟེང་གི་ཉི་འོད་ཡིན་ནམ

དེ་ནི་མེ་ཏོག་ཁྲི་སྟོང་གི    བསུང་ངད་མ་བོརབའི
དེ་ནི་ཤ་དང་རུས་པའི     དྲོད་ཁོལ་མ་ཡལ་བའི
བདག་གིས་བཤད་མ་ཐུབ་པའི་གསང་བ་ཡིན
བདག་གིས་འདོར་མི་སྲིད་པའི་རྣམ་ཤེས་ཡིན

བུ་མོ་དེའི    མཛེས་སྡུག་དང་དཔའ་སྤོབས་དྲན་ན
མེ་ཏོག་དེའི   བསུང་ངད་དང་རུལ་སོང་གླེང་ན
སྣོམ་གྱིན་པ་འདི་དྲི་བསུང་དང་རྔུལ་དྲི་ཡིན་ཚེ
ངས་ད་དུང་ཅི་ཞིག་བཤད་རྩིས་ཡོད་ཨང

བཤད་མི་ཐུབ་པའི་རྒྱུ་རྐྱེན་ཅིག་གི་མགྲིན་པ་བརྣང་ཡོང་དུས
ང་ཡང་བུ་མོ་དེའི     བུ་མོ་ལྟ་བུའི་མེ་ཏོག་དེའི
མེ་ཏོག་གི་ཆ་ཤས་སུ་གྱུར་བའི་གསང་བ་ཡིན་ན
ངས་ཉེས་པ་ཁུར་ཡོད
ངས་བདེན་པར་འཇུས་ཡོད
               2005.12.20ལ་ཀྲིན་ཀྲིག་ནས།                        

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།