དྲ་མའི་ཕྱི་རོལ་དང་ནང་རོལ།
ལག་ཟུང་འདར་འདར་གྱིས་རས་ཀྱི་ཡོལ་བ་འདི་དལ་གྱིས་ཕྱེ
ཧམ་འཐོབ་ཀྱིས་བདེན་པའི་བསམ་བློ་བྲག་ལ་རྡུང
རྨ་ཤུལ་ལྟ་བུའི་སྔས་འགྲམ་ནས་ལག་པ་རིང་པོ་དག་བསྲིངས
ཚིག་འབྲུ་གཅིག་གིས་མཁའ་དབུགས་ཀྱི་གཤོག་པ་རྨས
ཉི་མ་རེ་ཞིག་མལ་དུ་གཟིམ་ཤུལ་ན་རྔུལ་ཆུ་དག་ཟགས་འོངས་ཏེ
གཞུ་རྒྱུད་ལྟ་བུའི་དྲ་མའི་རོལ་དབྱངས་ལ་འཁྱིལ
ཁྱོད་ཀྱི་སྣང་བརྙན་དུ་ཁྲག་འཛགས་ཀྱི་རྒྱ་སེ་མེ་ཏོག་ཅིག་གྲུབ
ལག་ཟུང་འདར་འདར་གྱིས་རས་ཀྱི་ཡོལ་བ་དེ་དལ་ཀྱིས་གཡོགས
རྩོམ་ཁུངས། ངེད་དྲ་བ།