རོ་ལངས་ཀྱི་ལེའུ།

བཅུད་པར་རྫ་སྐྱེས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-07

                       མཚམས་དེ་ན།
མཚན་མོ་མང་ས་ན   དབྱེ་མཚམས་མ་རྟོགས་པའི་སེམས་པ་ཞིག
གློ་བུར་ཏུ་ལག་མཐིལ་ཁེར་རྐྱང་བཞིན་བྲང་གཞུང་ལ་ལྷུང་སོང
དོ་ནུབ   འདས་ཟིན་པའི་ལོ་ཟླ་རེ་རེ
ཕྱི་མིག་གིས་མཚན་མོ་རུམ་བཞིན  གཅིག་དྲན  གཉིས་དྲན་ངང
མེ་ལྕེ་ལྟ་བུའི་བསམ་གཞིགས་དེས་ང་རིམ་གྱིས་འབར་སོང
དོ་ནུབ་ཁུ་སིམ་མེར  མུན་ནག་གི་ཀློང་ན
སེམས་པ་དེ་དགུན་དུས་ལྟ་བུའི་རླུང་ཁ་ན་ཁེར་རྐྱང་དུ་ཧ་ཅང་འཁྱག
རྒྱུ་འབྲས་ཀྱིས་སྨིན་པའི་ལས་དབང་རེ་རེ
ཨ་ཙི   མྱི་ཁྱི་འདི   ས་ཆ་འདིའི་འགྲོ་སྟངས་ཤིག་ཡིན་ཡང
ཁ་བ་ཚུལ་འཆོས་དང་བསླུ་བྲིད་ཀྱིས་གཞན་ཡུལ་ལ་བརྫངས་པ་ཨེ་ཡིན
                        
                      དྲན་པ་འདི་རབ་རིབ་ཅིག
འཇིག་རྟེན་གྱི་རྒྱུ་འབྲས་རེ་རེ  རྨི་ལམ་གྱི་ཞིང་ན་འཁྱིལ་བའི་སྤྲོ་སྐྱིད་ཀྱི་མིག་ཆུ་བཞིན

མི་ཡུལ་འདི  ཆོས་ཉིད་ཀྱིས་མཇུག་བསྡུས་པའི་ཤུགས་རིང་ཡིན་ན
ད་དུང་མི་ལུས་འདི  གནའ་རབས་ནས་ད་ལྟའི་བར་རྫོགས་ཚིག་མ་རྙེད་པའི
ཕྲག་དོག་དང་འདོད་ཆགས་ཀྱིས་ཟོས་པའི་སྐྱག་རྫུན་གྱི་སློང་ཁུག་ཨེ་ཡིན
དེ་རིང་གི་ཡིད་རྟོན་དེ  ངོ་མ་རང་ཉིད་འཆའ་བའི་ཤ་འཁོན་བཞིན
དྲན་པར་འཁྱིལ་བའི་ཁ་བ་དཀར་བོ   ཁྱེད་ཀྱིས་རང་གཅེས་ཀྱི་རྒྱགས་ཕྱེ་བཞིན་འགམས
 
                     ང་འཇིགས་མི་སྲིད
འཆི་བདག་གི་དུས་ཚོད   སྔ་འཕྱི་མེད་པའི་རྨི་ལམ་ཡིན་པས
ལས་མཁན་ཡ  ཤོག་དང   ང་ལ་ནག་ཉེས་ཡོད་ན་ཕྱི་མར་འཁྲིད་ཆོག
གནས་འདི་ན   ངའི་བྲང་ཁོག་གི་དོན་ལྔ་སྣོད་དྲུག
དྭངས་གཙང་གི་མཆོད་པར་བཤམས་ཡོད
མི་ཡུལ་འདིར  འཆི་བདག་ལ་འཇིགས་སྣང་མེད་པ་ང་ཡིན
མི་ཡུལ་གྱི་རྒྱུ་འབྲས་རེ་རེ  འཁོར་བ་ན་འཁྱིལ་བའི་མུན་ནག་ཨེ་ཡིན
ནམ་རྒྱུན  ལྷག་བསམ་གྱི་རྫོངས་པ་རུམ་བཞིན
ཉེས་དམིགས་ཀྱི་བཙན་རྫོང་མ་བརྒལ   གཤིན་རྗེ་ཆོས་རྒྱལ་ལགས
ང་ལ་ཉེས་པ་ཡོད་ན   དམྱལ་ཁམས་ཀྱི་གཏིང་རྡོར་འཕངས་ཆོག
མི་ཡུལ་ན  མིའི་ཡང་སྙིང་བོར་བའི་ཉེས་ཅན་རེ་རེ   གནའ་ནས་ད་ལྟའི་བར་དུ
དམྱལ་ཁམས་ལ་མི་ཤོང་བའི་བཙོན་མ་ཨེ་ཡིན

                    བྱ་མ་འཁོར་བའི་ཤི་བོ།
ད་དུང   ཁྱེད་ཀྱི་ཡ་ཆུང་སེམས་ན  རྒྱུན་དུ
བསླུ་བྲིད་ཀྱི་དམིགས་འདུན་ཧ་ཅང་ནག
གཡུལ་ས་མེད་པའི་ཁྱེད་ཀྱི་གཙང་ངོགས་ན
ཤི་བོ་ཧ་ཅང་མང   དུར་ཁྲོད་ན་བེམ་པོ་མི་འདུག
འཇའ་ལུས་ལ་ཐིམ་པ་རྫུ་འཕྲུལ་ཨེ་ཡིན

                    མི་ཡུལ་གྱི་རྒྱུ་ལམ་ན།
རྨི་ལམ་ལྟ་བུའི་སྣང་བ་ལ་དར་རྒུད་མང
འོ་མ་ལྟ་བུའི་བརྩེ་མདངས་ལ་ཁ་དོག་ཧ་ཅང་མང
རྡ་སའི་རི་ངོགས་ན  དོ་ནུབ་ངའི་སེམས་པ་ཧ་ཅང་འཁྱག

                     མུ་གེ་ཐང་གི་ཕྱི་མིག
རྟག་ཏུ  མཁའ་རླུང་གི་རྒྱུ་ལམ་ནི་གཏམ་རྒྱུད་ཅིག
ངའི་ཡིད་ཀྱི་མཆོད་པ་རེ་རེ་རྫ་ཆུ་ལྟར་བཞུར་ཡང
འཇིག་རྟེན་འདི   ད་དུང
དམར་འཛིང་གི་གཡུལ་ས་དང་སྦས་སྐུང་གི་སློང་ཁུག་བཞིན
འཚུབ་མ་འཁོར་ལམ་ནས   བགྲང་མི་དཔོག་པའི་རྡུལ་ཕྲན་རེ་རེ
ངའི་མིག་ཟུང་ལ་ཡང་ཡང་བབས

ས་སྲོད་ཀྱི་ཀློང་ན  ཁེར་རྐྱང་གི་གྲིབ་སོ་དང་ལྷན་དུ
དགུན་དུས་ཀྱི་ཚོར་བ་ཞིག་གིས་ང་རྨང་ནས་ཟོས་སོང

རེ་སྒུག་དུ་མའི་འཆར་སྣང་གི་ཁྲོད་དུ
ཤམ་པ་ལ་ལྟ་བུའི་ཞིང་བཀོད་ན
སྲོག་གཅོད་ཀྱི་གཤེད་མ་ཨེ་ཡོད

ཀྱག་ཀྱོག་དང་རབ་རིབ་ཀྱི་བཞུད་ལམ་ལ
གློ་བུར་དུ་ཡོད་ཚད་ཀྱི་རེ་སྨོན་ལྕེབས་ཀྱང
ད་དུང  སྟོན་ནམ་བཞིན་དགུན་མཚན་ཧ་ཅང་རིང

བསམ་གཞིགས་ཀྱིས་སེམས་པ་བཅུམས་དུས
ལག་མཐིལ་བྲང་ཁར་ལྷུང་བའི་མཚན་མོ་འདི
བསམ་གཞིགས་གྲངས་མེད་ཀྱི་མིག་ཆུ་རེ་རེ
ངའི་མཁུར་མགོ་ནས་བྲང་གཞུང་ལ་ལྕེབས་མྱོང

རེ་སྨོན་གྱི་སྲོག་མཆོད་ཕུལ་བའི་སྟག་ཤར་ཚོའི་རྨི་ལམ
ཧ་ཅང་གློ་བུར་གྱི་རི་སྒང་ཉིལ་བྱུང
དོ་ནུབ  སྔར་བཞིན་རྒྱང་རིང་ན
བཅོ་ལྔའི་དུང་ཟླ་སུ་ཞིག་གི་ཁ་ཟས་ཡིན་ནམ

དབྱར་གཞུང་མོད་པོའི་ལོ་ཟླ་རེ་རེ
སྔོ་བསང་གི་ནམ་མཁའ་བཞིན་ཧ་ཅང་དྭངས

དོ་ནུབ   མི་ཚོགས་ཟང་ཟིང་གི་གཙང་ངོགས་ན
ལྷིང་འཇགས་སེ  ང་རང་ཁེར་རྐྱང་དུ་ལྷགས
མཚམས་རེ  ང་མཚན་མོས་ཟ་བཞིན
ལན་རེར  ངས་མུན་པ་གྱོན་ནས་མུ་གེ་ཐང་གི་གཏམ་རྒྱུད་རུམ་ཡོད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོ་ལངས་ཀྱི་ལེའུ།

2008-11-07 བཅུད་པར་རྫ་སྐྱེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།