སྒྲོལ་མ་ལགས།
སྒྲོལ་མ་ཡ སྒྲོལ་མ་ལགས
ཁྱོད་ཀྱི་ལང་ཚོ་ཆང་ཁང་ནང་ན་ཡོད
འཇོ་སྒེག་ངོམ་གྱིན ཟུར་མིག་འཕེན་གྱིན
མགྲོན་པོ་ཞིག་གི་ཡིད་དབང་འཕྲོག་སོང
སྒྲོལ་མ་ཡ སྒྲོལ་མ་ལགས
ཁྱོད་ཀྱི་མཛེས་སྡུག་སྒོར་མོའི་འོག་ན་ཡོད
སྙིང་གཏམ་བཤད་ཀྱིན མངར་ཆང་ལྡུད་ཀྱིན
འཁྱམ་པོ་ཞིག་གི་མིག་ཟུང་འཕྲོག་སོང
སྒྲོལ་མ་ཡ སྒྲོལ་མ་ལགས
ཁྱོད་ཀྱི་མདུན་ལམ་རྡོག་པས་བརྫིས་ཡོད
རྒྱུ་ནོར་འཚོལ་གྱིན རང་ཉིད་འབོར་གྱིན
ནང་མའི་ནང་ནས་མི་ཚེ་ཤོར་སོང
སྒྲོལ་མ་ཡ སྒྲོལ་མ་ལགས
རང་གི་མི་ཚེ་སྡུག་ལ་སྦྱོར་བཞིན་ཡོད
རུས་མིང་བརླག་བཞིན བསླུ་བྲིད་ཐེབས་ཀྱིན
བོད་མོ་ཞིག་གི་ཐོབ་ཐང་བརླག་སོང
རྩོམ་ཁུངས། ངེད་དྲ་བ།