ཁེར་རྐྱང་གི་སྦྲ་ནག
༡
མཐོ་སྒང་གི་ངོ་གདོང་ན་མིག་འབྲས་ནག་པོ་ཀེམ་ཀེམ་གཡོ
འབྱུང་བར་མ་འཐིམ་པའི་ཡར་སྔོན་ལ་གཏམ་རྒྱུད་ག་འདྲ་ཞིག་འབྱུང་སྲིད
༢
རེ་བ་མཐའ་དག་སུ་ཞིག་ལ་ཞུས་ཡོད
མར་མེ་མ་གཟིམ་གོང་གཉིད་ལ་ཡུར་ཟིན
མཚམས་སྤྲིན་གྱིས་མཛེས་སྡུག་ཡོད་ཚད་ལ་གདངས་དབྱངས་དཀྲོལ
༣
ཨ་མས་མེ་སྟག་མཆེད་པ་ཙམ་གྱི་སྐར་མདའ་འཚུབ་པ་མཐོང
རི་ལྡེབས་ན་བག་ཡངས་ཀྱིས་རྒྱུ་བའི་སེམས་པ་ལྷོད་པོ
ཁོ་ཚོས་འདོད་ཁམས་ཀྱི་གཏམ་རྒྱུད་མང་པོ་འབྲི་བཞིན་ཡོད
༤
ཡར་ལ་ལངས་ཟིན་པའི་ནམ་མཁའི་རྒྱ་ཁྱོན་མ་མཐོང
དངངས་སྐྲག་གིས་ཁ་ཕྱོགས་བསྒྱུར་བའི་བྱེའུ་ཁ་ཤས
གནས་ཚང་ངོ་མ་ནམ་མཁའ་ཡིན་པ་མ་རྟོགས
༥
རེ་བ་ལག་མཐིལ་དུ་ས་སྲོས་སུ་ངར་ལྕགས་ལ་འཐམ
འབྱུང་བར་མ་འཐིམ་པའི་ཡར་སྔོན་ལ་གཏམ་རྒྱུད་ག་འདྲ་ཞིག་འབྱུང་སྲིད
2003.10.31 2006.1.20ལ་བཅོས།
རྩོམ་ཁུངས། ངེད་དྲ་བ།