ངས་སྐད་ཆ་དྲིས་མྱོང་།

བསོད་ནམས་ཚེ་རིང་།(ལྷ་ས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-06

 ངས་དྲིས་མྱོང༌།
 ངས་མཛོ་གཡག་ལ་དྲིས་མྱོང༌།   ཁོ་གཉའ་ཤིང་ལ་སྐྲག་ཟེར།
 ངས་སྒོ་ཁྱི་ལ་དྲིས་མྱོང༌།           ཁོ་ལྕགས་ཐག་ལ་སྡང་ཟེར།
 ངས་ནེ་ཙོ་ལ་དྲིས་མྱོང༌།           ཁོ་ལྕགས་ཁྲ་ལ་ཁྲོ་ཟེར།
 ངས་ར་ཕོ་ལ་དྲིས་མྱོང༌།            ཁོ་བཤན་པ་ལ་ཞེད་ཟེར།
 ངས་བདག་མེད་ཀྱི་གཙོད་ཚོགས་ལ་དྲི་སྐབས།
 ཁོ་ཚོ།       གྲང་ངར་གྱི་ཁོར་ཡུག་ལ་དཔའ་མི་ཞུམ།
 དེ་ལས།     འཕྲུལ་མདའ་འཁྱེར་བའི་རྔོན་པར་ཤིན་ཏུ་འཇིགས་ཟེར།
 འོ་ན།       ཁྱེད་ཚོ་ང་ལ་འཇིགས་སམ།
 ཁྱེད་མི་ཡིན་ནམ།      ཡིན་ན།        སྔར་བཞིན་འཇིགས་ཟེར།
 ངས།     ལག་པ་བསྐྱང་སྟེ་ཁོ་ཚོར་བྱིལ་བྱིལ་བྱ་རྩིས་བྱ་སྐབས།
 གློ་བུར།   སྐྱི་གཡའ་བའི་མེ་མདའི་སྒྲ་ཞིག་གིས།
 ཁོ་ཚོ་འདྲོགས་ཏེ་གར་སོང་མེད་པར་ཡལ།
 ང་རང་ཡང་རྨི་ལམ་ཞིང་ལས་བསླངས།
 གཉིད་ལས་སད་དུས།
 ད་དུང༌།      ལག་པར་གཙོད་ཀྱི་སྤུ་རྐང་གཅིག་འཁྱེར་འདུག
 ཕྲ་མ་ལས་ཕྱིར་ལྟ་སྐབས།
 འོ།    དེ་རིང་གི་གནམ་གཤིས།
 གནམ་འཐིབས་ཤིང་གྲང་རླུང་ལྡང་བ།
        ཞེས་པ་འདི་ཡང་ལྷ་ས་སློབ་འབྲིང་གི་དགེ་མིང་འཛིན་པ་བསོད་ནམས་ཚེ་རིང་བྱ་བས་པེ་ཅིན་བོད་ལྗོངས་སློབ་འབྲིང་དུ་
དྲ་ཐོག་ནས་གློག་བརྙན<<ཁུ་ཁོ་ཤི་ལེ>>ཞེས་པར་བལྟས་རྗེས་བསམ་པའི་འཆར་སྒོ་སྣ་ཚོགས་འཛིང་བཞིན་དུ་སྦྱར་བའོ།  

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་སྐད་ཆ་དྲིས་མྱོང་།

2008-11-06 བསོད་ནམས་ཚེ་རིང་།(ལྷ་ས) ཀློག་གྲངས། མཆན ཡོད།

 ངས་དྲིས་མྱོང༌།
 ངས་མཛོ་གཡག་ལ་དྲིས་མྱོང༌།   ཁོ་གཉའ་ཤིང་ལ་སྐྲག་ཟེར།
 ངས་སྒོ་ཁྱི་ལ་དྲིས་མྱོང༌།           ཁོ་ལྕགས་ཐག་ལ་སྡང་ཟེར།
 ངས་ནེ་ཙོ་ལ་དྲིས་མྱོང༌།           ཁོ་ལྕགས་ཁྲ་ལ་ཁྲོ་ཟེར།
 ངས་ར་ཕོ་ལ་དྲིས་མྱོང༌།            ཁོ་བཤན་པ་ལ་ཞེད་ཟེར།
 ངས་བདག་མེད་ཀྱི་གཙོད་ཚོགས་ལ་དྲི་སྐབས།
 ཁོ་ཚོ།       གྲང་ངར་གྱི་ཁོར་ཡུག་ལ་དཔའ་མི་ཞུམ།
 དེ་ལས།     འཕྲུལ་མདའ་འཁྱེར་བའི་རྔོན་པར་ཤིན་ཏུ་འཇིགས་ཟེར།
 འོ་ན།       ཁྱེད་ཚོ་ང་ལ་འཇིགས་སམ།
 ཁྱེད་མི་ཡིན་ནམ།      ཡིན་ན།        སྔར་བཞིན་འཇིགས་ཟེར།
 ངས།     ལག་པ་བསྐྱང་སྟེ་ཁོ་ཚོར་བྱིལ་བྱིལ་བྱ་རྩིས་བྱ་སྐབས།
 གློ་བུར།   སྐྱི་གཡའ་བའི་མེ་མདའི་སྒྲ་ཞིག་གིས།
 ཁོ་ཚོ་འདྲོགས་ཏེ་གར་སོང་མེད་པར་ཡལ།
 ང་རང་ཡང་རྨི་ལམ་ཞིང་ལས་བསླངས།
 གཉིད་ལས་སད་དུས།
 ད་དུང༌།      ལག་པར་གཙོད་ཀྱི་སྤུ་རྐང་གཅིག་འཁྱེར་འདུག
 ཕྲ་མ་ལས་ཕྱིར་ལྟ་སྐབས།
 འོ།    དེ་རིང་གི་གནམ་གཤིས།
 གནམ་འཐིབས་ཤིང་གྲང་རླུང་ལྡང་བ།
        ཞེས་པ་འདི་ཡང་ལྷ་ས་སློབ་འབྲིང་གི་དགེ་མིང་འཛིན་པ་བསོད་ནམས་ཚེ་རིང་བྱ་བས་པེ་ཅིན་བོད་ལྗོངས་སློབ་འབྲིང་དུ་
དྲ་ཐོག་ནས་གློག་བརྙན<<ཁུ་ཁོ་ཤི་ལེ>>ཞེས་པར་བལྟས་རྗེས་བསམ་པའི་འཆར་སྒོ་སྣ་ཚོགས་འཛིང་བཞིན་དུ་སྦྱར་བའོ།  

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།