མེ་ཏོག་རྐང་གཅིག
ཉི་ཟླའི་འཆར་ནུབ་ལ་རེ་བའི་ཉི་དགའ་མེ་ཏོག་ཅིག
བདག་གི་སྤང་ལྗོངས་གཤེགས་ནས་བུད་སོང་
མེ་ཏོག་རྐང་གཅིག་པུ་དེ་རྨ་ཁ་ལས་འཕྱུར་འོང་དུས
རྨི་ལམ་གྱི་རྒྱབ་ལྗངས་སྟུག་པོ་དལ་བ་དལ་བུར་མོག་པོར་གྱུར
དགུན་ཁ་མ་བསླེབས་པའི་དུས་དེར་ངས་ཆུ་ཐིགས་ཀྱི་ཟེགས་མ་རེ་རེས
ཁྱོད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་འདོད་ན
བྱ་ཁུ་ལོ བྱེའུ་འཇོལ་མོ་འཕུར་དུ་ཆུགས
བདག་གི་ཚེ་སྲོག་ལ་འཁྱུད་པའི་དུས་ཚོད་ཀྱི་སྐར་ཆ་དག
སྐད་ཅིག སྐད་ཅིག་ངང་བགྲོད་དུ་ཆུགས
དེ་ནི་ང་ཡི་རེག་བྱས་མ་ཟིན་པའི་མིག་འཕྲུལ་ཞིག
སྒྱུ་མར་སྣང་བའི་གར་ཆུང་དག་ངང་གིས་རྩེད་དུས
བདག་གི་ཧམ་སེམས་ཀྱི་སྤར་མོ་དེ་དལ་གྱིས་ཁྱོད་ལ་འཁྱུད་སྲིད
བདག་གི་མེ་ཏོག བགྲོད་ལམ་ལས་རྙེད བགྲོད་ལམ་ལས་འབོར་ཉེ་དུས
ངཡིས་བཟི་ཁ་གཞན་ཞིག་འཚོལ་དགོས་པ་རྟོགས་བྱུང་
༢༠༠༥.༩.༡༣ཉིན་ལན་གྲུ་ནས་སྦྱར།
རྩོམ་ཁུངས། ངེད་དྲ་བ།