རང་ལ་བྲིས་པ།

མོ་ལོ་བཞི་བཅུར་ཉེ་བའི་བུད་མེད་ཁེར་རྐྱང་ཞིག
རི་ཟོམ་གྱི་ཁ་ན་འདུར་བའི་སྤྱང་མོ་བཞིན།
ཉིན་ཞག་མང་པོར་སྨྲ་བརྗོད་ཀྱི་སྒོ་མོ་བརྒྱབ་སྟེ།
ལྟོ་འདུན་གྱི་ཆེད་དུ་རྒྱང་བཞུད་བྱེད་ཐེངས་རེར།
ཉིན་མཚན་ལ་ཤོང་དཀའ་བའི་སྟོང་བསམ་སྣ་ཚོགས།
མེ་ཆེན་གྱི་རྔམས་བརྗིད་བྱང་ཐང་ལ་ཤོར་བ་བཞིན།
སུས་ཀྱང་འགོག་མི་ཐུབ་པའི་རང་དབང་ཁོ་ན།

མེ་འཁོར་གྱིས་འདྲུད་པའི་བེམ་ཤུན་ནང་གི་བསམ་བློ།
བདེ་སྐྱིད་དང་སྡུག་བསྔལ་གྱིས་འཇིབ་ནས།
སྒེའུ་ཁུང་ཕྱི་རོལ་གྱི་འདས་མ་འོངས་ད་ལྟ་ལ་འདྲེས།

དུས་ཚིགས་འདིའི་མཁའ་དབུགས་ལྩི་ཞིང་བཙོག
ལུས་ངག་ལ་ནམ་ཡང་ཚོད་བཀག་ཐེབས་ཡོད།
རང་དབང་གི་འཕུར་རྩལ་ལྡན་པ་ཁྱོད་ཉིད་ཡིན།

བསམ་བློའི་སྒེའུ་ཁུང་ནང་ཉི་འོད་འཕྲོས་དུས།
ཚེ་མཇུག་ལ་སྒྲིག་པའི་སྟོང་བསམ་མང་པོའི་ཆེད་དུ།
འཚོ་བ་ཕྱེད་ཀ་མ་དེ་གཏའ་མར་བཞག་ནས།
རི་གྲོང་ན་ལུས་པའི་མིག་ཟུང་གཉོམ་པོ་དག་འགྲིམས།
འཚོ་བ་ཆ་ཚང་གི་སྣེ་མོར་འཇུས་པའི་ཁོ་མོ་ཚོ་འགྲིམས།
ཁོ་མོ་ཚོའི་ཁང་ཁྱིམ་ཆུང་ཆུང་ནང་གི་གྲང་ངར་འགྲིམས།
ཨ་མའི་ཨ་མ་དང་ཨ་མའི་བུ་མོ་འགྲིམས།
མུན་རྨོངས་ཁྲོད་ཟད་པའི་བུད་མེད་གསུམ་གྱི་ལང་ཚོ་འགྲིམས།
ཐོག་མཐའ་བྲལ་བའི་མི་རབས་གསུམ་གྱི་བཞུར་རྒྱུན་འགྲིམས།

ལོ་ངོ་སྟོང་ཕྲག་སྔོན་གྱི་འོད་ཟེར།
བུད་མེད་གསུམ་ལ་བསྟེན་ན་ད་གཟོད་མཆེད་ཐུབ།
འོན་ཀྱང༌། རང་ཉིད་ཀྱི་ལུས་པོ་མུན་ནག་གི་གཏིང་ལ་བཏབས།
སྨིན་མ་ལ་བརླན་གཤེར་བསྒོ་ཐེངས་རེར།
སྟོང་བསམ་ནམ་ཡང་སྒོ་སྲུབས་ནས་འཕུར་མི་འགྲོའམ།

བདག་འཛིན་ཆེ་བའི་ང་རང་གིས་བརྩེ་བ་བསྐུངས་ཏེ།
སེར་སྣ་ཆེ་བའི་ང་རང་གིས་ལྷག་བསམ་སྦས་ཏེ།
སྤུན་གྲོགས་ཚོའི་གཏོང་སེམས་ལ་འཁང་ར་བྱེད་པ་ཨེ་ཡིན།

གང་ལྟར།  ངས་མུ་མཐུད་དུ་རྒྱང་བཞུད་མ་བྱས་ཐབས་མེད་རེད།
                          2005 12 25  མེ་འཁོར་ནང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལ་བྲིས་པ།

2008-11-06 དཔལ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།