རིག་འཛིན་དབང་མོར་ཕུལ་བ།

ངས་སྨོན་ལམ་བཏབ་ཡོད།
ཤ་ཁྲག་རུས་པའི་གསེང་ནས་སྨོན་ལམ་བཏབ་ཡོད།
འཇིག་རྟེན་ན་ང་ལ་གཉེན་ཉེ་ཟེར་བ་མེད།
ངས་ལས་སྨོན་གྱི་དྲ་བའི་ཁྲོད་དུ།
ངོ་སོ་ཟེར་བའང་ལྷག་མ་ཙམ།
ཁྱེད་ཀྱི་སེམས་པའི་བརླན་གཤེར།
ངའི་ཁེར་རྐྱང་གི་འདབ་ལོས་འཐུང༌།
མཚན་མོ་རེར།        ང་ནི་རླུང་གིས་དེད་ནས།
གྲུ་ཁ་གང་རུང་ཞིག་ཏུ་བསྐུངས་ཚེ།
ཁྱེད་རང་གི་མིག་ཟུང་སྐར་ཕྲན་བཞིན་འཚེར་ནས།
ང་ལ་སྐྱོ་བའི་སེམས་གསོ་གཏོང་ངམ།
 
ཁྱོད་ནི་བདག་གི་སྤྲིན་གསེབ་ཀྱི་ལྷ་མོ་སྟེ།
གོས་དཀར་གྱི་ན་བཟའ་གྱོན་པའི་བུ་མོ་གཞུང་དྲང་ཞིག
བསམ་ཞིང་བསམ་ཚེ།
འུ་གཉིས་ཀྱི་ལས་སྐལ་ཡང༌།
ཁ་པར་སྣེ་མོའི་རྩེད་མཚར་ཙམ་ག་ལ་ཡིན།
 
ང་ཁྱེད་ལ་ཧ་ཅང་དུངས།
བརྩེ་དུངས་ཟེར་བ་ང་ལ་རྒྱུས་མེད་ཀྱང༌།
མི་ཡུལ་ནས།      ངས་མེ་ཏོག་དཀར་པོ་ཞིག་གི་མཛེས་སྡུག་ཉར་ཞོར།
མི་ཚེ་ཡི་དཀྱོགས་མཚམས་དང་ལ་རིང་བརྒལ་དགོས།
 
ཁྱེད་སེམས་ཆུང་གི་བགྲོད་སྟངས་ཀྱིས།
ང་ལ་ཕམ་ཉེས་དང་ན་ཟུག་བྱིན་ནའང༌།
མི་ཚེ་ནི་འདི་ལྟ་བུ་མ་རེད་ཅེས།
སུ་ཞིག་གི་ཁས་ལེན་བྱེད་ཐུབ།
 
ད་ནི་བདག་འཁོར་བ་ཅེས་པའི་མེ་ནུར་དང༌།
མཛེས་སྡུག་ཟེར་བའི་ཚེར་ཕུང་ལ་གཡོལ་བ་ཙམ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་འཛིན་དབང་མོར་ཕུལ་བ།

2008-11-06 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

ངས་སྨོན་ལམ་བཏབ་ཡོད།
ཤ་ཁྲག་རུས་པའི་གསེང་ནས་སྨོན་ལམ་བཏབ་ཡོད།
འཇིག་རྟེན་ན་ང་ལ་གཉེན་ཉེ་ཟེར་བ་མེད།
ངས་ལས་སྨོན་གྱི་དྲ་བའི་ཁྲོད་དུ།
ངོ་སོ་ཟེར་བའང་ལྷག་མ་ཙམ།
ཁྱེད་ཀྱི་སེམས་པའི་བརླན་གཤེར།
ངའི་ཁེར་རྐྱང་གི་འདབ་ལོས་འཐུང༌།
མཚན་མོ་རེར།        ང་ནི་རླུང་གིས་དེད་ནས།
གྲུ་ཁ་གང་རུང་ཞིག་ཏུ་བསྐུངས་ཚེ།
ཁྱེད་རང་གི་མིག་ཟུང་སྐར་ཕྲན་བཞིན་འཚེར་ནས།
ང་ལ་སྐྱོ་བའི་སེམས་གསོ་གཏོང་ངམ།
 
ཁྱོད་ནི་བདག་གི་སྤྲིན་གསེབ་ཀྱི་ལྷ་མོ་སྟེ།
གོས་དཀར་གྱི་ན་བཟའ་གྱོན་པའི་བུ་མོ་གཞུང་དྲང་ཞིག
བསམ་ཞིང་བསམ་ཚེ།
འུ་གཉིས་ཀྱི་ལས་སྐལ་ཡང༌།
ཁ་པར་སྣེ་མོའི་རྩེད་མཚར་ཙམ་ག་ལ་ཡིན།
 
ང་ཁྱེད་ལ་ཧ་ཅང་དུངས།
བརྩེ་དུངས་ཟེར་བ་ང་ལ་རྒྱུས་མེད་ཀྱང༌།
མི་ཡུལ་ནས།      ངས་མེ་ཏོག་དཀར་པོ་ཞིག་གི་མཛེས་སྡུག་ཉར་ཞོར།
མི་ཚེ་ཡི་དཀྱོགས་མཚམས་དང་ལ་རིང་བརྒལ་དགོས།
 
ཁྱེད་སེམས་ཆུང་གི་བགྲོད་སྟངས་ཀྱིས།
ང་ལ་ཕམ་ཉེས་དང་ན་ཟུག་བྱིན་ནའང༌།
མི་ཚེ་ནི་འདི་ལྟ་བུ་མ་རེད་ཅེས།
སུ་ཞིག་གི་ཁས་ལེན་བྱེད་ཐུབ།
 
ད་ནི་བདག་འཁོར་བ་ཅེས་པའི་མེ་ནུར་དང༌།
མཛེས་སྡུག་ཟེར་བའི་ཚེར་ཕུང་ལ་གཡོལ་བ་ཙམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།