སྨུག་ལང་ལོང་།
སྨུག་ལང་ལོང༌། སྨུག་ལང་ལོང་གི་ཉི་མ་དེ་རིང༌།
ཆེས་མུན་ནག་ཅིག་དང་དངངས་འདར་ཅིག
བུ་རམ་ལྟར་མངར་བའི་སྐད་ཆ་ཞིམ་པོ་ཞིམ་པོས།
སུའང་རང་ལ་མི་དབང་བར་གཙང་བཞེས་གནང་སོང༌།
སྨུག་ལང་ལོང༌། སྨུག་ལང་ལོང་གི་ཉི་མ་དེ་རིང༌།
དགོད་སྤྲོ་བ་ཞིག་དང་སྡང་སེམས་ཤིག
སྙིང་ཉེ་ཉེ་འདྲ་བའི་དུང་སེམས་བསྟན་ཏེ།
མིའི་བློ་གྲོས་ཀྱི་གསང་མིག་རེ་རེ་གཏུབ་གྲབས་བྱས།
སྨུག་ལང་ལོང༌། སྨུག་ལང་ལོང་གི་ཉི་མ་དེ་རིང༌།
གོ་སྐབས་ཤིག་དང་འགྲན་རྩོད་ཅིག
སྲིད་གཞུང་དང་མི་སྒེར་གང་གིས་བེད་སྤྱོད་བྱེད་ཀྱིན་པའི་མི་སེར་སྐལ་ཆད་དག
ལག་རྡོ་བཞིན་གང་སར་འཕེན་གྱིན་པ་སུ་ཞིག་གི་སེམས་ངོར་དྲན་སྲིད།
རྩོམ་ཁུངས། ངེད་དྲ་བ།