གློག་འོད་སྣ་ཚོགས།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-18

རྟ་རྒན་དེའི་སྒ་སྲབ་བོར་རྗེས
ཁྱོད་ལ་ངལ་དུབ་གཞན་ཞིག་བྱུང
འཆི་བ་ཡིད་ལ་བསྒོམས་པས་འཇིགས་སྐྲག་ཆུང་ནའང
ད་ཐེངས་སྡུག་བསྔལ་འདི་ཟབ་དྲགས་སོང
སེམས་པར་གས་ཆག་ཤོར་བས
དཀར་ཆ་གཞན་ཞིག་ཁྱོད་ཀྱི་མིག་ལ་འཚེ
བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང
གོམ་པ་གང་རེས་གང་རེས་སྦྲ་ནག་དང་གྱེས
སྐབས་དེར་སྐྱོ་གདུང་ཡིད་དུ་འཁྲིགས་ཀྱང
ཕྱིར་ལོག་དགོས་པའི་གནས་ལུགས་ཟབ་མོ་ཞིག་སུ་ལ་འཆད
ཕ་ཡུལ་ཞེས་གཅེས་གཅེས་གནང་ས་དེ
རྩྭ་ཐང་ཡིན  མུ་མཐའ་མེད་པའི་རྩྭ་ཐང་ཡིན
ཕ་ཡུལ་ཞེས་དུངས་དུངས་བྱ་ས་དེ
ནམ་མཁའ་ཡིན  སྔོ་ཞིང་བསང་བའི་ནམ་མཁའ་ཡིན
ད་དུང  དྭངས་གཙང་བསིལ་བའི་ཆུ་དང་ཆུ་མིག་ཡིན
ཕྱི་མིག་གི་ལམ་ན་ཡོམ་ཡོམ་འགུལ་བའི་ཕ་ཡུལ
གངས་རི་དར་ལྕོག  རླུང་རྟ  མ་ཎི་རྡོ་འབུམ་ལྟ་བུས
ཁྱོད་ཀྱི་ཚབ་བྱེད་ཐུབ་བམ
ཡང་ན  ཕྱོགས་སོ་སོའི་གློག་འོད་སྣ་ཚོགས་ཀྱིས
ཁྱོད་ཀྱི་སྐོམ་གདུང་སེལ་ནུས་སམ

རླུང་བུ་བསིལ་བསིལ་རེ་གཡུག་ན་ཁྱོད་རང་དྲན་གི
གད་སྙིགས་བར་སྣང་ནས་འཕུར་ན་ཁྱོད་རང་དྲན་གི

འོན་ཀྱང   འོན་ཀྱང
ཁྱོད་དང་མི་འབྲལ་བའི་ཡིད་ཆེས་དམ་བཅའ་སུ་ལ་ཡོད
བརྩེ་དུངས་ལ་འགྱུར་བ་བྱུང་འདུག
གོམས་གཤིས་ཀྱང་ཁྱོན་ནས་བརྗེད་ཟིན
བརླ་རྗེན་གྱི་བུད་མེད་འདི་ཚོའི་རྗེས་སུ
འགྲམ་ཆུ་ལྡང་བཞིན་འདུག
འཇེབ་འཁོར་འོད་ཀྲིག་ཀྲིག་དག་ལ
ཧམ་པ་ཚ་ཡི་འདུག

མ་སླེབས་ཚད་མེད་ཀྱི་གནས་དེ་གང་ཡིན
སོང་ནས་ཚར་འགྲོ་བའི་ལམ་ཞིག་ཡོད་ག་ལ་སྲིད

དུང་སོ་སུམ་ཅུ་འཐོར་བ་བཞིན
དབྱངས་གསལ་གྱི་སྡེབ་སྦྱོར་ལའང་འཇིག་ཉེན་བྱུང
ད་ནི་བཙལ་ནས་རྙེད་རྒྱུ་མེད་པའི་ཐ་སྙད་མང་པོ་འདུག་ཨང
ནམ་ཞིག་ཨ་ཐང་ཆད་དེ་ཕ་ཡུལ་ལ་ཆགས་པའི་སྐབས་སུ
སླར་ཡང་མུ་གེ་དང་ནམ་ཡམས་མྱོང་ངེས་ཀྱང
བར་ཆད་འདི་སེལ་བའི་ཐབས་ཤིག་སུ་ཡིས་སྟོན
མིག་མདུན་དུ་བྱེ་རི་སེར་ལིང་ངེ་རེ་མངོན་དུས
མིག་ཆུས་ས་གཞིའི་གདུང་བ་བརླན་མི་ནུས་པ་གོར་མ་ཆག

ཨར་འདམ་གྱི་ཐང་ཆེན་དུ་རྐང་བ་གཉིས་ན་ཟུག་གིས་ཁེངས
ཐོག་ཁང་མང་པོའི་བར་གསེང་ནས་མིག་ཟུང་གི་ནུས་པ་ཤོར
རླངས་འཁོར་ཆེ་ཆུང་སྣ་ཚོགས་ཀྱི་འཚུབ་ལོང་གིས་སེམས་སུ་བྲེལ་ཤ་བསླངས
ཐང་ཆད་ཀྱང  ངལ་གསོ་སའི་གནས་མཆོག་དེ་གཏན་དུ་བོར་ཟིན
                  ༢༠༠༦ ༡༠ ༡༣
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་འོད་སྣ་ཚོགས།

2008-12-18 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།