རླུང་ལྡང་མཚམས་བཞགས་རྗེས།

གོ་ཐོས་སུ་རླུང་ལྡང་མཚམས་བཞག་ཟིན་ཟེར།

རླུང་ལྡང་མཚམས་བཞག་རྗེས།
མི་ཡུལ་གྱི་དུས་བཞིའི་དབྱེ་བསལ་དང༌།
ཁུ་བྱུག་གི་གསུང་སྐད་ཐན་ཐུན་པོའང༌།
དབུགས་བསྡམས་པའི་མར་མེ་ཇི་བཞིན།
མུན་ནག་གི་ཀློང་དུ་འགྱེལ་སྲིད།

རླུང་ལྡང་མཚམས་བཞག་རྗེས།
འཇིག་རྟེན་འདིའི་ཚེ་སྲོག་གྲངས་མེད་ཀྱིས།
རང་དབུགས་ཀྱི་རྒྱུ་བ་ཆད་པའི་གནས་ལུགས་རྟོགས་སྲིད་ལ།
མཁའ་དབྱིངས་ཀྱི་རླུང་རྟ་དེ་ཚོའང༌།
རིམ་གྱིས་ས་རུ་ལྷུང་སྲིད།

རླུང་ལྡང་མཚམས་བཞག་རྗེས།
སེམས་ཤུགས་དང༌།
ལུས་ཤུགས་གཅིག་སྒྲིལ་གྱིས་བསླངས་པའི།
དར་ཆ་དེ་འགུལ་མི་སྲིད་ལ།
འབོད་སྐུལ་གྱི་དུང་བརྡ་རེ་རེ་དང༌།
རི་ཁ་དག་གི་དར་ལྕེ་ཚོའང༌།
ལྷིང་འཇགས་ངང་གཟིམ་སྲིད།

རླུང་ལྡང་མཚམས་བཞག་རྗེས།
རྔམ་གནག་པའི་མཁའ་སྤྲིན་འཐོར་མི་སྲིད་ལ།
མི་སེམས་གསོན་པོའི་གཡོ་འགུལ་ལའང༌།
གཟུགས་མེད་ཀྱི་བཀག་རྒྱ་ཡོད་ངེས་པས།
མདུན་སྐྱོད་ཀྱི་སེམས་འདུན་ཡོད་ཚད་ཀྱང་རྒྱུན་འཆད་ངེས།

རླུང་ལྡང་མཚམས་བཞག་རྗེས།
དབུ་རོ་རྐྱང་གསུམ་གྱི་རྩ་ཁ་རེ་རེ་ཧ་ཅང་དམ་པས།
རྣམ་ཤེས་ཀྱི་སྲོག་ཡིག་དེའང་གྱེན་དུ་འཕར་བའི་གོ་སྐབས་དབེན། 
རླུང་ལྡང་མཚམས་བཞག་རྗེས།
ཐ་ན། མི་ཁྱིམ་དག་གི་ཐབ་མེ་འབར་མི་སྲིད་ལ།
གནག་ཅིང་སྣུམ་པའི་སྦྲ་ནག་གི་ལང་ཚོ་དེའང་རུལ་རྫོབ་ཀྱིས་འཆད་ངེས།

དེ་བས།  རླུང་ལྡང་མཚམས་བཞག་རྗེས།
ལྷ་ཡུལ་ནས་མེ་ཏོ་གི་ཆར་བ་ཞིག་འབབ་ག་ལ་སྲིད།
                          2006.6.18ཟི་ལིང་དུ།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་ལྡང་མཚམས་བཞགས་རྗེས།

2008-12-18 འབའ་གངས་ཆར། ཀློག་གྲངས། མཆན ཡོད།

གོ་ཐོས་སུ་རླུང་ལྡང་མཚམས་བཞག་ཟིན་ཟེར།

རླུང་ལྡང་མཚམས་བཞག་རྗེས།
མི་ཡུལ་གྱི་དུས་བཞིའི་དབྱེ་བསལ་དང༌།
ཁུ་བྱུག་གི་གསུང་སྐད་ཐན་ཐུན་པོའང༌།
དབུགས་བསྡམས་པའི་མར་མེ་ཇི་བཞིན།
མུན་ནག་གི་ཀློང་དུ་འགྱེལ་སྲིད།

རླུང་ལྡང་མཚམས་བཞག་རྗེས།
འཇིག་རྟེན་འདིའི་ཚེ་སྲོག་གྲངས་མེད་ཀྱིས།
རང་དབུགས་ཀྱི་རྒྱུ་བ་ཆད་པའི་གནས་ལུགས་རྟོགས་སྲིད་ལ།
མཁའ་དབྱིངས་ཀྱི་རླུང་རྟ་དེ་ཚོའང༌།
རིམ་གྱིས་ས་རུ་ལྷུང་སྲིད།

རླུང་ལྡང་མཚམས་བཞག་རྗེས།
སེམས་ཤུགས་དང༌།
ལུས་ཤུགས་གཅིག་སྒྲིལ་གྱིས་བསླངས་པའི།
དར་ཆ་དེ་འགུལ་མི་སྲིད་ལ།
འབོད་སྐུལ་གྱི་དུང་བརྡ་རེ་རེ་དང༌།
རི་ཁ་དག་གི་དར་ལྕེ་ཚོའང༌།
ལྷིང་འཇགས་ངང་གཟིམ་སྲིད།

རླུང་ལྡང་མཚམས་བཞག་རྗེས།
རྔམ་གནག་པའི་མཁའ་སྤྲིན་འཐོར་མི་སྲིད་ལ།
མི་སེམས་གསོན་པོའི་གཡོ་འགུལ་ལའང༌།
གཟུགས་མེད་ཀྱི་བཀག་རྒྱ་ཡོད་ངེས་པས།
མདུན་སྐྱོད་ཀྱི་སེམས་འདུན་ཡོད་ཚད་ཀྱང་རྒྱུན་འཆད་ངེས།

རླུང་ལྡང་མཚམས་བཞག་རྗེས།
དབུ་རོ་རྐྱང་གསུམ་གྱི་རྩ་ཁ་རེ་རེ་ཧ་ཅང་དམ་པས།
རྣམ་ཤེས་ཀྱི་སྲོག་ཡིག་དེའང་གྱེན་དུ་འཕར་བའི་གོ་སྐབས་དབེན། 
རླུང་ལྡང་མཚམས་བཞག་རྗེས།
ཐ་ན། མི་ཁྱིམ་དག་གི་ཐབ་མེ་འབར་མི་སྲིད་ལ།
གནག་ཅིང་སྣུམ་པའི་སྦྲ་ནག་གི་ལང་ཚོ་དེའང་རུལ་རྫོབ་ཀྱིས་འཆད་ངེས།

དེ་བས།  རླུང་ལྡང་མཚམས་བཞག་རྗེས།
ལྷ་ཡུལ་ནས་མེ་ཏོ་གི་ཆར་བ་ཞིག་འབབ་ག་ལ་སྲིད།
                          2006.6.18ཟི་ལིང་དུ།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།