རང་ལ་གཟན་པའི་རླུང་བུ།

དེ་རིང་    དགུན་ཟླ་བཅུ་གཅིག
འུར་འུར་རླུང་བུ་ཁོ་གནས་འདིར་ཧར་གྱིས་སླེབས།
གྲོང་ཚོའི་ཤིང་རྒན་དེ་དཀྲུག
སེར་མདོག་འདབ་ལོ་གང་སར་དེད་དེ་བོས།
སྒོ་རྭའི་ཡོས་སྒྲུག་བཞིན་པའི་བྱ་མོ་དེའང་དཀྲོག།
ཡོས་དང་སོ་སོར་དབྲལ།
གཡབ་སྟེང་ཉི་མ་སྲོ་བཞིན་པའི་རྒད་པོ།
བདེ་བར་མི་བཞག་ཤེད་ཀྱིས་ཕུད།
ཐམས་ཅད་ལ་མི་དགའ་བ་ནི་ཁྱོད།
ཐམས་ཅད་མི་དགའ་ས་ནི་ཁྱོད།
དབྱར་ཚ་གདུང་གིས་རལ་གྲི་འཕྱར་དུས།
ཁྱོད་ཆོས་དད་ཚུལ་གྱིས་གངས་རི་རུ་སྒོམས།
སྟོན་ལོ་ཏོག་རི་བོ་གཡུལ་ཀ་རུ་སྤུངས་དུས།
ཁྱོད་སེར་སྣ་ཡིས་རྣ་ཤེས་འོན་ཏུ་བྱས།
སད་སེར་ཐན་པས་གྲོ་ནས་སྲན་གསུམ་བཅོམ་དུས།
ཁྱོད་བར་འདུམ་ཚིག་རྐང་མི་སྨྲ་ལྕེ་དམར་མིད།
དབྱར་འབྲུག་ཆར་གྱིས་མྱུ་གུ་དཀྲོངས་དུས།
ཁྱོད་བདེན་དོན་དཔང་པོ་མ་བྱས་སྨྱོ་ཆུ་བཏུང།
དགུན་ཁ་བས་རི་བོ་བཏུམས་དུས།
ཁྱོད་འཇབ་ཀྱིན་ཕྱོགས་ཐོན་སྟ་གོན་བྱས།
དགུན་གཙང་ཆུ་དར་ཁ་ཡིས་བཟི་དུས།
ཁྱོད་གཙང་ཆུར་བརྫུས་ཏེ་སྒྱུ་མས་བཅར།
གནས་ཁུ་སིམ་ཁམས་འདིར་འབྱོར་བས།
ཁྱོད་ཐམས་ཅད་ཀྱི་རྒྱལ་པོར་སོམས།
མི་ཡུལ་ལོ་གསར་སྤྱོད་པར་འཚབ།
ཤ་མར་བདུད་རྩིའི་ཕུད་ཟོས་སྙམ།
མཛེས་ལྡན་མནའ་མ་འཕྲོག་དགོས་བསམ།
ཡིན་ནའང་   ཁྱོད་ནི་བསུ་བ་མི་ཐོབ་པའི་ཐག་རིང་མགྲོན།
ང་ཚོ་ནང་དུ་འཛོམས་ཏེ་ལོངས་སྤྱོད་བྱས།
ཁྱོད་མིག་འབུར་ཚུགས་སུ་འགྲམ་ཆུ་འདང།
སྒོ་ཟུར་ཁྱི་རྒན་མ་བཟོད་གསང་བརྡའི་སྤྱིན་ཁྱོད་ལ་བྱས།
དབྱར་ལྗང་གུའི་དམག་དཔུང་གཡོལ་ཏེ་བྲོས་པར་འཚབ།
ཧ་ཧ་   ཧུ་ཧུ།
སྙིང་རེ་རྗེ་ཡ་རེ་ང༌།
                      རླུང་གཡབ་ཤོད་ཀྱི་གཟིམ་ཆུང་ནས།
                                                    
                                                       ༢༠༠༦. ༡༡.  ༦

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལ་གཟན་པའི་རླུང་བུ།

2008-12-18 མཚོ་འགྲམ་ག་བུར། ཀློག་གྲངས། མཆན ཡོད།

དེ་རིང་    དགུན་ཟླ་བཅུ་གཅིག
འུར་འུར་རླུང་བུ་ཁོ་གནས་འདིར་ཧར་གྱིས་སླེབས།
གྲོང་ཚོའི་ཤིང་རྒན་དེ་དཀྲུག
སེར་མདོག་འདབ་ལོ་གང་སར་དེད་དེ་བོས།
སྒོ་རྭའི་ཡོས་སྒྲུག་བཞིན་པའི་བྱ་མོ་དེའང་དཀྲོག།
ཡོས་དང་སོ་སོར་དབྲལ།
གཡབ་སྟེང་ཉི་མ་སྲོ་བཞིན་པའི་རྒད་པོ།
བདེ་བར་མི་བཞག་ཤེད་ཀྱིས་ཕུད།
ཐམས་ཅད་ལ་མི་དགའ་བ་ནི་ཁྱོད།
ཐམས་ཅད་མི་དགའ་ས་ནི་ཁྱོད།
དབྱར་ཚ་གདུང་གིས་རལ་གྲི་འཕྱར་དུས།
ཁྱོད་ཆོས་དད་ཚུལ་གྱིས་གངས་རི་རུ་སྒོམས།
སྟོན་ལོ་ཏོག་རི་བོ་གཡུལ་ཀ་རུ་སྤུངས་དུས།
ཁྱོད་སེར་སྣ་ཡིས་རྣ་ཤེས་འོན་ཏུ་བྱས།
སད་སེར་ཐན་པས་གྲོ་ནས་སྲན་གསུམ་བཅོམ་དུས།
ཁྱོད་བར་འདུམ་ཚིག་རྐང་མི་སྨྲ་ལྕེ་དམར་མིད།
དབྱར་འབྲུག་ཆར་གྱིས་མྱུ་གུ་དཀྲོངས་དུས།
ཁྱོད་བདེན་དོན་དཔང་པོ་མ་བྱས་སྨྱོ་ཆུ་བཏུང།
དགུན་ཁ་བས་རི་བོ་བཏུམས་དུས།
ཁྱོད་འཇབ་ཀྱིན་ཕྱོགས་ཐོན་སྟ་གོན་བྱས།
དགུན་གཙང་ཆུ་དར་ཁ་ཡིས་བཟི་དུས།
ཁྱོད་གཙང་ཆུར་བརྫུས་ཏེ་སྒྱུ་མས་བཅར།
གནས་ཁུ་སིམ་ཁམས་འདིར་འབྱོར་བས།
ཁྱོད་ཐམས་ཅད་ཀྱི་རྒྱལ་པོར་སོམས།
མི་ཡུལ་ལོ་གསར་སྤྱོད་པར་འཚབ།
ཤ་མར་བདུད་རྩིའི་ཕུད་ཟོས་སྙམ།
མཛེས་ལྡན་མནའ་མ་འཕྲོག་དགོས་བསམ།
ཡིན་ནའང་   ཁྱོད་ནི་བསུ་བ་མི་ཐོབ་པའི་ཐག་རིང་མགྲོན།
ང་ཚོ་ནང་དུ་འཛོམས་ཏེ་ལོངས་སྤྱོད་བྱས།
ཁྱོད་མིག་འབུར་ཚུགས་སུ་འགྲམ་ཆུ་འདང།
སྒོ་ཟུར་ཁྱི་རྒན་མ་བཟོད་གསང་བརྡའི་སྤྱིན་ཁྱོད་ལ་བྱས།
དབྱར་ལྗང་གུའི་དམག་དཔུང་གཡོལ་ཏེ་བྲོས་པར་འཚབ།
ཧ་ཧ་   ཧུ་ཧུ།
སྙིང་རེ་རྗེ་ཡ་རེ་ང༌།
                      རླུང་གཡབ་ཤོད་ཀྱི་གཟིམ་ཆུང་ནས།
                                                    
                                                       ༢༠༠༦. ༡༡.  ༦

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།