དབྱངས་ཅན་མ། དོ་དགོང་ང་ཁེར་རྐྱང་ཡིན།(ཞར་བཀོད་གསུམ་ཡོད)

                    ༡
དབྱངས་ཅན་མ  གོ་ཐོས་སུ་ཁྱེད་རང་ཤེས་རིག་དང་རྣམ་དཔྱོད་ཀྱི་བདག་མོ
ཁྱེད་རང     སྨྲ་ལྕེ་དང་འགྱུར་ཁུགས་ཀྱི་བདག་མོ་ཡིན་སྐད
ཡིན་ནའང   དབྱངས་ཅན་མ     དོ་དགོང་ང་རང་ཁེར་རྐྱང་ཡིན
ང་ལ་ནགས་ཚལ་དང་སྤང་ལྗོངས་ཀྱི་དྭངས་གཙང་ཁོ་ནས་ཆོག
ང་ལ་ཆུ་ཕྲན་དང་གཙང་བོའི་འགྱུར་ཁུགས་དེ་ཁོ་ནས་ཆོག
དབྱངས་ཅན་མ    ང་ལ་སྨུག་མདོག་ལ་སྐྱི་གཉེར་བབས་པའི་ངོ་གདོང་དེ་གནང་
རོགས་ཞུ
ང་ལ་སེར་ཁ་ལ་རྣག་ཁྲག་ལྷུང་བའི་ལག་ཟུང་དེ་བསྩལ་རོགས་གནོངས
དབྱངས་ཅན་མ     དོ་དགོང་ང་རང་ཁེར་རྐྱང་ཡིན
                    ༢
དབྱངས་ཅན་མ   མཐོང་སྣང་དུ་ཁྱེད་རང་བྱམས་བརྩེ་དང་འཛུམ་དཀར་གྱི་རང་
གཟུགས
ཁྱེད་རང    འཇའ་ཚོན་དང་དར་ཟབ་ཀྱི་ལྷ་མོ

ང་ལ་ནོར་གནག་དང་གཡང་དཀར་གྱི་འབའ་སྒྲ་དེ་ཁོ་ནས་ཆོག
ང་ལ་ལྕི་འདམ་དང་གྲོ་ནས་ཀྱི་བྲོ་བ་དེ་ཁོ་ནས་ཆོག
དབྱངས་ཅན་མ   ང་ལ་ཀ་ཁ་ངག་ལ་གྱེར་བའི་དབྱངས་རྟ་དེ་གནང་རོགས་ཞུ
ང་ལ་དྲག་ཆར་རླུང་གིས་བསུབས་པའི་རྐང་རྗེས་དེ་སྟོན་རོགས་མཛོད
 དབྱངས་ཅན་མ     དོ་དགོང་ང་རང་ཁེར་རྐྱང་ཡིན
༢༠༠༥  ༩  ༢༦ ཁྲི་འདུ་ནས།

          ཆར་བ་བབས་བཞིན་འདུག
ད་ནངས     ཕྱི་རོལ་ན་ཆར་བ་བབས་བཞིན་འདུག

ཆར་ཐིགས་དག   དུད་དྲེག་ཆགས་པའི་ལྗོན་ཤིང་གི་ཡལ་ག་དག་ལས་ལྷུང་སྟེ
ཨར་འདམ་གྱི་གཞུང་ལམ་ངོས་སུ་ཕྱོགས་བཞིར་འཐོར་གྱིན་འདུག
ཆར་རྒྱུན་གྱིས    ལྗན་ལྗིན་གྱི་ཕུང་བོ་དག་ཕྱོགས་སུ་འདེད་གྱིན་འདུག་ལ
ཡང་བསྐྱར་ལྗན་ལྗིན་གྱི་ཕུང་བོ་དག་ཕྱོགས་སུ་འགྲེམ་གྱིན་འདུག

སྐྱུར་དྲི་འཐུལ་བའི་མཁའ་དབུགས་སྟུག་པོ་ཞིག
ནད་ཡམས་བཞིན་གྲོང་ཁྱེར་འདིའི་ཁོར་ཡུག་དག་ན་འཕྱོ་བཞིན་འདུག་སྟེ
གྲེ་བ་འགགས་པའི་བྱ་རིགས་ཀྱི་མགྲིན་པ་དང
བསུང་ངད་ཡལ་བའི་མེ་ཏོག་གི་གང་བུ
བྲེལ་ཤ་དོད་པའི་མི་ཚོགས་ཀྱི་རྐང་ལག་བར་ན
ནད་ཡམས་བཞིན་སྒོ་བཞིན་འདུག      སྒོ་བཞིན་འདུག

ད་ནངས     ཕྱི་རོལ་ན་ཆར་བ་བབས་བཞིན་འདུག

དྭངས་གཙང་གི་ཆར་ཐིགས་དག      ཁང་བརྩེགས་ཀྱི་ངོས་ནས་འགྲིལ་སྟེ་
འདམ་རྫོབ་དང་འདྲེས་ཀྱིན་འདུག
སྐྱུར་དྲི་དང་སྲེ་བཞིན་འདུག
མུ་མཐུད་དུ
༢༠༠༥  ༩  ༢༧  ཉལ་ཁང་དུ།

            བོད་པའི་བུ་མོ
མ་ཡེ     བོད་པའི་བུ་མོ
མདོག་གིས་མ་ལྷད་པའི་སྐྲ་ལོ་དེ་ཤིག་ཤིག་མཛོད་དང
སྐག་གིས་མ་སྦགས་པའི་ཞལ་རས་དེ་འཛུམ་འཛུམ་གནོངས་དང
ཚོན་གྱིས་མ་བྲིས་པའི་སྨིན་མ་དེ་ལྡེམ་ལྡེམ་གཡོ་དང
གཡོ་ཟོལ་བྲལ་བའི་འཛུམ་ཆུང་དེ་བདག་ལ་སྟོན་རོགས

མ་ཡེ     བོད་པའི་བུ་མོ
སྐྱོན་གྱིས་མ་གོས་པའི་ཡུམ་སྐད་དེ་ལྷུག་ལྷུག་བརྗོད་དང
རྫས་ཀྱིས་མ་བྲིས་པའི་མིག་ཟུང་དེ་ཀེམ་ཀེམ་གཡོ་དང
རྫུ་ཡིས་མ་ཟིན་པའི་རང་གཤིས་དེ་གསལ་གསལ་མཛོད་དང
བཅོས་མ་མིན་པའི་སྙིང་གཏམ་དེ་ང་ལ་གསུང་རོགས
༢༠༠༥  ༩  ༣༠ཉལ་ཁང་དུ།

               ཕ་ཡུལ
ངའི་ཕ་ཡུལ་ཧ་ཅང་རྒྱང་ཐག་རིང
མཁའ་ལམ་དང་ལྕགས་ལམ་མེད་ལ
གཞུང་ལམ་དོག་མོ་ཞིག་དེད་དེ
དེ་ལས་ཀྱང    ཀྱག་ཀྱོག་མང་བའི་རྐང་ལམ་ཕྲ་མོ་ཞིག་བརྒྱུད་མཐར
མདུན་རི་ནགས་དང་རྒྱབ་རི་ཤུག་པའི་དབུས་ཀྱི
རི་སྡེ་ཆུང་ཆུང་དེ་ཡིན

ངའི་ཕ་ཡུལ་ཧ་ཅང་ཆུང
ཁང་བརྩེགས་དང་གླིང་ག་མེད་ལ
ཆུ་བཞིན་བཞུར་བའི་རླངས་འཁོར་ཡང་མེད་དེ
དེ་ལས་ཀྱང   འགག་འཕྲང་མང་བའི་ལུང་ཁུག་དོག་མོ་ཞིག་བརྒྱུད་མཐར
ཆུ་ཕྲན་ཆུང་ཆུང་ཞིག་ལྷུང་ལྷུང་དུ་འབབ་པའི་འགྲམ་གྱི
རི་སྡེ་ཆུང་ཆུང་དེ་ཡིན

ངའི་ཕ་ཡུལ་ཧ་ཅང་ལྷིང་འཇགས་ཡིན
འཚང་ཁ་དང་འུར་ཟིང་མེད་ལ
“ཏི་སི་ཁོའི་”ལྡིག་སྒྲ་ཡང་མེད་དེ
དེ་ལས་ཀྱང  མ་ནི་ཁང་གི་དར་ལྕོག་རླུང་གིས་ལྷེབ་ལྷེབ་ཏུ་རྡེག་ཅིང
སྣབས་དྲུད་ཅིང་རྐང་རྗེན་དུ་རྒྱུ་བའི་བྱིས་པ་འགའི་དགོད་སྒྲ་ལས་ཅི་ཡང་མེད་པའི
རི་སྡེ་ཆུང་ཆུང་དེ་ཡིན

ཡིན་ནའང   ངའི་ཕ་ཡུལ་ཧ་ཅང་དྭངས་ཤིང་གཙང
སྤྲིན་དཀར་དམ་དུམ་གཡོ་བའི་ནམ་མཁའ་སྔོན་པོ་དེ་དང
མཁན་པའི་བསུང་ངད་ཁྱེར་བའི་རླུང་བུ་འཇམ་པོ་དེ
དེ་ལས་ཀྱང   རྔུལ་ཆུས་སྒལ་བ་བརླན་པའི་ཡུལ་མི་དག་གི་འཛུམ་མདངས་བརྒྱུད་དེ
ཁྱོད་ཀྱིས་ཐག་རིང་ཐག་རིང་གི
ཧ་ཅང་ཆུང་ལ་འཇམ་ཅག་གེར་གནས་པའི
དྭངས་གཙང་གི་རི་སྡེ་ཆུང་ཆུང་དེ་ཨེ་དྲན་ནམ
དེ་ནི་བདག་གི་ཕ་ཡུལ་ཡིན
༢༠༠༥  ༡༡  ༤ དགོང་མོར་ཁྲི་འདུ་ནས།

ང་ནི་ཆུང་དུས་ནས་བཟུང་སྙན་ངག་ལ་དུངས་པའི་མི་ཞིག་སྟེ།  མི་ལོ་བཅུ་ཕྲག་རིང་གི་སློབ་གསོ་མྱོང་བའི་བརྒྱུད་རིམ་ཁྲོད།   རྩོམ་རིག་ཅེས་པ་ད
ང་ལྷག་དོན་སྙན་ངག་ཅེས་པ་འདིར་ཅུང་ཟད་ཉེ་བར་བཅར་བའི་ཁུལ་བྱས་ཤིང་མང་བོ་ཞིག་བྲིས་ཏེ་སྣག་ཤོག་མི་ཉུང་བ་ཞིག་གྲོན་སོང་མོ
ད།འོན་ཀྱང་དུས་དེབ་དང་ཚགས་པར་གང་རུང་ལ་ཁོ་བོ་ཧ་ཅང་རྒྱུས་མེད་ཡིན་ཏེ།  སྙན་ངག་གི་རིན་ཐང་ནི་བརྡ་ཐོ་ལྟར་ཕྱོགས་དང་ཕྱོགས་སུ་བཀྲམ་
ནས་མངོན་པ་ཞིག་མ་ཡིན་པར་འདོད་པས་ལགས།  དེ་བས་ཁོ་བོས་བྲིས་དང་འབྲི་བཞིན་པ་ཐམས་ཅད་ཀྱང་ཁྱེད་ཅག་དང་རྒྱུས་མངའ་མེད་པས།
རང་དབང་དང་འདྲ་མཉམ་གྱི་གླེང་སྟེགས་འདི་ནས་སྤུན་གྲོགས་ཚོས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞུའོ།  ཆེད་ཞུར།  སོ་དཀར་པགས་
འཛུམ་ལས་རྣག་ཐོག་གཙགས་འཁེལ་གལ་ལོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་མ། དོ་དགོང་ང་ཁེར་རྐྱང་ཡིན།(ཞར་བཀོད་གསུམ་ཡོད)

2008-12-18 མིང་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།