རྣམ་ཤེས་ཤིག་གི་རེ་འདོད།
ཉེ་དུ་ཚོ། ང་གང་དུ་བསྐྱལ་རྩིས་ཡོད།
ང་ཐག་རིང་དུ་འགྲོ་མི་འདོད།
ཕ་མེས་ཀྱི་ཕུང་པོ་བསྐྱལ་སའི། ཕ་ཡུལ་གྱི་དུར་ས་དེ་རང་ལས།
ང། ཐག་རིང་དུ་འགྲོ་མི་འདོད།
སྐུ་ཕུང་ཐག་རིང་གི་དུར་ཁྲོད་གཙང་ས་ཞིག་དུ་བསྐྱལ་རྒྱུའི་གྲོས་མོལ་དེ་ཐོས་རྗེས།
རྣམ་ཤེས་དེས་དེ་ལྟར་ཁེར་ལབ་བྱས། འོན་ཀྱང་ནང་མི་ཚོས་གོ་མི་སྲིད།
འདིར་ལོ་མང་ཕུང་པོ་མ་བསྐྱལ།
འདིར་ལོ་མང་བྱ་རྒོད་མ་འཁོར།
ང་ཡང་དོན་དམ་པའི་དུར་བདག་མ་བྱས་ཡུན་རིང་སོང༌།
གློ་བུར། སྔ་མ་དུར་བདག་ཡིན་ཟེར་བ་ཞིག་གིས།
དབུགས་རིང་ཕྱུང་བཞིན་དུ་ཁོའི་སྐད་ཆ་དེར་ལན་སྟེར།
ཁྱོད་ཀྱིས་ང་ལ་ཐག་ཉེ་སའི་དུར་ས་ཞིག་འཚོལ་ཐུབ་བམ།
དགོངས་པ་མ་འཚོམ། ང་ཚོ་དུར་བདག་མང་པོ་ཞིག་ཀྱང༌།
སྔ་ས་ནས་མངའ་འབངས་མེད་པའི་རྒྱལ་པོ་ལྟ་བུར་འགྱུར་ཟིན།
རྩོམ་ཁུངས། ངེད་དྲ་བ།