ཁ་ལ་ཡུག(ཞར་བཀོད་གཅིག་ཡོད)

ཉི་འོད་སྤྲིན་གྱིས་བཟུང་བའི་དུས་ཚིགས
ཆར་རླུང་སྤྲིས་མར་འཐབ་པའི་ཐུན་མཚམས
དཔའ་སྤོབས་ཀྱི་གཤོག་ཟུང་བརྐྱངས་པའི་ཁྱོད་ཀྱི་རུ་ཁག
འཆར་ཡན་དང་བདེན་ལུགས་རུམ་ཏེ
གནམ་སྔོན་པོའི་ཐོང་འོག་ནས་འཕུར་ཤོག
སའི་གོ་ལའི་ཡང་རྩེ་རུ་འཕུར་ཤོག
 
ཆལ་ཆིལ་གཡོ་བའི་མཚོ་ཆེན་གྱི་ང་རོ
ཡང་རྩེ་གང་ན་ཁེར་རྐྱང་གི་འཚོ་བའི་ཁྱོད
ཁ་ལ་ཡུག
ནོར་འཁྲུལ་དང་འགལ་ཟླའི་ཁྲོད་ནས
འཚོ་གནས་ཀྱི་ལམ་བུ་བརྟོལ་ཏེ་འཕུར་ཤོག
བདེན་ལུགས་ཀྱི་རུ་དཔུང་ཁྲིད་ནས་འཕུར་ཤོག
ཁ་ལ་ཡུག
 ངའི་སེམས་པ་ནམ་ཡང་ཁྱོད་ཀྱི་འབབ་ཐང་ཡིན
ངའི་ཟུངས་ཁྲག་ནམ་ཡང་ཁྱོད་ཀྱི་འཚོ་རྟེན་ཡིན
                                  2004.11.18

             སུ་རུའི་ཐང
སུ་རུའི་ཐང    མེ་ཏོག་གི་ཞིང་ས་ཡིན
སུ་རུའི་ཐང    བུད་མེད་ཚོའི་རྩེད་ཐང་ཡིན
འོད་སྣང་གི་ཕ་མཐའ་ན་མུན་ནག་གི་ཞྭ་མོ་ཞིག
སུས་ཀྱང་གྱོན་དགོས་པ་ལྡོག་མེད་ཡིན་ཚེ
ཁོ་མོ་ཤི་སོང་བའི་བེམ་པོ་ཆུང་ཆུང་འདིའི
དུར་ཐང་ནི་སུ་རུའི་ཐང་ཡིན
བསླུ་མེད་ཀྱི་ངོ་བོ་དེ
ཁ་བཏོན་དང་སྒྲོན་མེ་ཡི་ངོགས་ན་རྒྱུ་ཞིང
རླུང་འཚུབ་ཀྱི་སྤུ་གྲིས
འདབ་ཆགས་ཚོའི་སྒྲོ་སྤུ་ཁུར་འགྲོ་བའང
སུ་རུའི་ཐང་གི་ཉམས་ཉེས་ཡིན
མི་ལོ་དུ་མ་བཞུད་སོང
བཞུད་སོང་བའི་ལྷག་མ་ནི་བསམ་གཞིགས་ཀྱི་རྨ་ཁ་སྟེ
ད་ལྟ   སུ་རུའི་ཐང་ན་རྔོན་པ་ལས་ཅི་ཡང་མེད
ཁྲམ་པ་ལས་སུ་ཡང་མེད
སུ་རུའི་ཐང       མེ་ཏོག་གི་ཞིང་ས་ཡིན
སུ་རུའི་ཐང        བུད་མེད་ཚོའི་རྩེད་ཐང་ཡིན
                  ༢༠༠༥
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ལ་ཡུག(ཞར་བཀོད་གཅིག་ཡོད)

2008-12-17 རིག་ཡག་མ། ཀློག་གྲངས། མཆན ཡོད།

ཉི་འོད་སྤྲིན་གྱིས་བཟུང་བའི་དུས་ཚིགས
ཆར་རླུང་སྤྲིས་མར་འཐབ་པའི་ཐུན་མཚམས
དཔའ་སྤོབས་ཀྱི་གཤོག་ཟུང་བརྐྱངས་པའི་ཁྱོད་ཀྱི་རུ་ཁག
འཆར་ཡན་དང་བདེན་ལུགས་རུམ་ཏེ
གནམ་སྔོན་པོའི་ཐོང་འོག་ནས་འཕུར་ཤོག
སའི་གོ་ལའི་ཡང་རྩེ་རུ་འཕུར་ཤོག
 
ཆལ་ཆིལ་གཡོ་བའི་མཚོ་ཆེན་གྱི་ང་རོ
ཡང་རྩེ་གང་ན་ཁེར་རྐྱང་གི་འཚོ་བའི་ཁྱོད
ཁ་ལ་ཡུག
ནོར་འཁྲུལ་དང་འགལ་ཟླའི་ཁྲོད་ནས
འཚོ་གནས་ཀྱི་ལམ་བུ་བརྟོལ་ཏེ་འཕུར་ཤོག
བདེན་ལུགས་ཀྱི་རུ་དཔུང་ཁྲིད་ནས་འཕུར་ཤོག
ཁ་ལ་ཡུག
 ངའི་སེམས་པ་ནམ་ཡང་ཁྱོད་ཀྱི་འབབ་ཐང་ཡིན
ངའི་ཟུངས་ཁྲག་ནམ་ཡང་ཁྱོད་ཀྱི་འཚོ་རྟེན་ཡིན
                                  2004.11.18

             སུ་རུའི་ཐང
སུ་རུའི་ཐང    མེ་ཏོག་གི་ཞིང་ས་ཡིན
སུ་རུའི་ཐང    བུད་མེད་ཚོའི་རྩེད་ཐང་ཡིན
འོད་སྣང་གི་ཕ་མཐའ་ན་མུན་ནག་གི་ཞྭ་མོ་ཞིག
སུས་ཀྱང་གྱོན་དགོས་པ་ལྡོག་མེད་ཡིན་ཚེ
ཁོ་མོ་ཤི་སོང་བའི་བེམ་པོ་ཆུང་ཆུང་འདིའི
དུར་ཐང་ནི་སུ་རུའི་ཐང་ཡིན
བསླུ་མེད་ཀྱི་ངོ་བོ་དེ
ཁ་བཏོན་དང་སྒྲོན་མེ་ཡི་ངོགས་ན་རྒྱུ་ཞིང
རླུང་འཚུབ་ཀྱི་སྤུ་གྲིས
འདབ་ཆགས་ཚོའི་སྒྲོ་སྤུ་ཁུར་འགྲོ་བའང
སུ་རུའི་ཐང་གི་ཉམས་ཉེས་ཡིན
མི་ལོ་དུ་མ་བཞུད་སོང
བཞུད་སོང་བའི་ལྷག་མ་ནི་བསམ་གཞིགས་ཀྱི་རྨ་ཁ་སྟེ
ད་ལྟ   སུ་རུའི་ཐང་ན་རྔོན་པ་ལས་ཅི་ཡང་མེད
ཁྲམ་པ་ལས་སུ་ཡང་མེད
སུ་རུའི་ཐང       མེ་ཏོག་གི་ཞིང་ས་ཡིན
སུ་རུའི་ཐང        བུད་མེད་ཚོའི་རྩེད་ཐང་ཡིན
                  ༢༠༠༥
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།